Benefits of abandoning those
གང་ལ་རྟེན་པར་བྱེད་ན། ས་བཅུ་རྒྱུན་མཐའ་ལ་གནས་པའི་སེམས་དཔའ་ལའོ།
For whom does it support? For the bodhisattvas abiding on the end of the continuum of the tenth ground.
གང་རྟེན་པར་བྱེད་ན། རྣམ་པ་ཐམས་ཅད་དུ་འགྲོ་བའི་བདེ་བ་མངོན་མཐོ་དང་ངེས་ལེགས་སྐྱེད་པ་ལ་མཁས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་དོ།
What does it support? All excellent qualities of skill in generating the temporary and lasting happiness of migrators in all aspects.
ཚུལ་ཇི་ལྟར་ན། ཡོན་ཏན་གྱི་རྣམ་པ་ཐམས་ཅད་འབད་རྩོལ་རགས་པ་ལ་ལྟོས་པར་མངོན་དུ་འོང་བའི་རྣམ་པས་སོ།
དཔེར་ན། རྒྱ་མཚོ་ཆེན་པོར་ཆུ་བོ་བཞི་འཁོར་དང་བཅས་པ་བབས་པ་བཞིན་ནོ།
In what way? By way of bringing about all types of qualities in dependent upon coarse striving.
For example, like the four rivers and their tributaries flow into the great ocean.
དེ་ལྟར་རྟེན་ནུས་པའི་རྒྱུ་མཚན་ནི། སྒོམ་ལམ་རྩེ་སྦྱོར་ལ་རིང་དུ་གོམས་པར་བྱས་པས་སྒོམ་སྤང་རྟོག་པའི་རིགས་བཞི་པོ་རྒྱུད་ལ་ཉེར་འཚེ་བྱེད་པ་ཉིད་ཀྱི་
ཡམས་ནད་དང་འདྲ་བར་གྱུར་པ་མངོན་དུ་གྱུར་པ་འདི་དག་ཟད་པར་སྤངས་ནས་ཡོན་ཏན་དེ་དག་བརྟེན་པ་ལ་གེགས་བྱེད་པ་མེད་པས་སོ།
Reason it can support as such: Through having familiarised with the Peak Application of the path of meditation for a long time, the four types of manifest conceptions that are objects of abandonment of the path of meditation and are harmful to one's continuum like an epidemic are completely abandoned; thereby there is nothing that acts to hinder the supporting of these qualities.
རྒྱུ་མཚན་དེའི་དཔེ་ནི། ནད་པ་ཡུན་རིང་ནས་ནད་ཀྱིས་གཟིར་བ་དེ་ལས་གྲོལ་ཏེ་དགའ་བས་དབུགས་ཕྱིན་པས་ངལ་བསོས་པ་ཐོབ་པ་བཞིན་ནོ།
Example for that reason: Just like a patient tormented by their illness for a long time delights in being freed from that, thereby breathing a sigh of relief and getting refreshed.
དོན་དྲིལ་ན། རྒྱུན་མཐའི་བར་ཆད་མེད་ལམ་ལ་གནས་པའི་སེམས་དཔའ་ཆོས་ཅན།
ཐེག་པ་གསུམ་གྱི་སྤངས་རྟོགས་ཀྱི་ཡོན་ཏན་གྱི་རིགས་ཐམས་ཅད་རང་རྒྱུད་ལ་བརྟེན་པའི་རྒྱུ་མཚན་ཡོད་དེ།
དེ་རང་རྒྱུད་ལ་བརྟེན་པའི་མཐུན་རྐྱེན་ཚང་ཞིང་འགལ་རྐྱེན་དང་བྲལ་བའི་ཕྱིར།
Relating the meaning, the subject - a bodhisattva abiding on the uninterrupted path at the end of the continuum - there is a reason that all classes of the qualities of realisation and abandonment of the three vehicles are supported upon their continuum: because the concordant conditions are complete and free from the discordant conditions for supporting those upon their continuum.
འགལ་རྐྱེན་དང་བྲལ་བའི་དཔེ་ནི། ནད་པ་རིམས་ནད་ལེགས་པར་བྱང་སྟེ་དགའ་བས་དབུགས་ཕྱིན་པ་ཐོབ་པ་བཞིན་ནོ།
Example for being free from the discordant conditions: the patient delighting in properly recovering from their disease and thereby breathing a sigh of relief.
མཐུན་རྐྱེན་ཚང་བའི་དཔེ་ནི། རྒྱ་མཚོ་ཆེན་པོར་ཆུ་བོ་བཞི་པོ་ངང་གིས་འདུ་བ་བཞིན་ནོ།
Example for the concordant conditions being complete: the four rivers naturally collecting into the great ocean.
Up a level: Perfection of Wisdom