Bodhisattva's application in this context

གཞི་ཀུན་རྫོབ་པའི་ངོ་བོ་དང་ཁྱད་པར་ལ་ཕྱིན་ཅི་ལོག་ཏུ་ཞེན་པ་དང༌། དོན་དམ་པའི་སྡོད་ལུགས་ཀྱི་ངོ་བོ་དང་ཁྱད་པར་ལ་ཕྱིན་ཅི་ལོག་ཏུ་ཞེན་པ་གང་རུང་གི་
གཉེན་པོ་སྒོམ་པར་བྱེད་པའི་སེམས་དཔའི་རྣལ་འབྱོར། གཞི་ཤེས་ཀྱི་སྐབས་ནས་བསྟན་པའི་བྱང་སེམས་ཀྱི་སྦྱོར་བའི་མཚན་ཉིད།
Definition: A Bodhisattva's yoga that functions to cultivate the antidotes to either:

  1. Wrong adherence to the entity and attributes of conventional bases; or
  2. Wrong adherence to the entity and attributes of the ultimate mode of abiding.

Divisions: (10)

ས་མཚམས་ནི། ཐེག་ཆེན་གྱི་ཚོགས་ལམ་ནས་རྒྱུན་མཐའི་བར་དུ་ཡོད།
Boundaries: From the Mahayana path of accumulation and up to the end of the continuum.


གཞུང་འདི་དག་གི་སྐབས་ནས་དངོས་སུ་བསྟན་པའི་སྦྱོར་བ་ཡིན་ན། ཐེག་ཆེན་གྱི་རྟོགས་རིགས་སུ་གནས་པས་ཁྱབ་སྟེ།
དཔེར་ན། སྟོང་ཉིད་དོན་སྤྱིའི་ཚུལ་གྱིས་རྟོགས་པའི་བྱང་སེམས་ཀྱི་སྦྱོར་ལམ་ལྟ་བུ།
If it is an application explicitly indicated in the context of these sections, it is pervaded by abiding in the Mahayana class of realisation.
For example: the Bodhisattva path of preparation realising emptiness by means of a meaning-generality.

འདིའི་བསྟན་བྱའི་གཙོ་བོར་གྱུར་པའི་བྱང་སེམས་ཀྱི་སྦྱོར་བ་ཡིན་ན། ཐེག་དམན་གྱི་རྟོགས་རིགས་སུ་གནས་པས་ཁྱབ་སྟེ།
དཔེར་ན། མི་རྟག་སོགས་བཅུ་དྲུག་དོན་སྤྱིའི་ཚུལ་གྱིས་རྟོགས་པའི་ཐེག་ཆེན་གྱི་སྦྱོར་ལམ་ལྟ་བུ།
If it is a Bodhisattva's application that is their main indicated-object, it is pervaded by abiding in the Hinayana class of realisation.
For example: the Mahayana path of preparation realising the sixteen aspects (impermanence and so forth) by means of a meaning-generality.

འདིའི་བསྟན་བྱའི་གཙོ་བོར་གྱུར་པའི་སྦྱོར་བ་ཡིན་ན། འདིའི་ཤུགས་བསྟན་གྱི་སྦྱོར་བ་ཡིན་པས་ཁྱབ་ཀྱང༌། འདིའི་ཤུགས་བསྟན་གྱི་དེ་ལ་དེས་མ་ཁྱབ་སྟེ།
བདེན་འཛིན་གྱིས་བཅིངས་པའི་ཉན་ཐོས་ཀྱི་སྦྱོར་ལམ་དེ་འདིའི་ཤུགས་བསྟན་གྱི་སྦྱོར་བ་ཡིན་པའི་ཕྱིར།
If it is an application that is their main indicated-object, it is pervaded by being an application implicitly indicated here; however, those that are implicitly indicated here are not pervaded by that because a Hearer's path of preparation that is bound by true-grasping is an application that is implicitly indicated here.


Up a level: Perfection of Wisdom