Bodhisattva's equality of application
གཞིའི་ངོ་བོ་དང་དབྱེ་བ་དང་མཚན་མཚོན་དང་ཡུལ་ཡུལ་ཅན་སོགས་ལ་བདེན་ཞེན་འགོག་པའི་ཤེས་རབ་ཀྱིས་ཟིན་པའི་སེམས་དཔའི་རྣལ་འབྱོར་དེ།
གཞི་ཤེས་ཀྱི་སྐབས་ནས་བསྟན་པའི་བྱང་སེམས་ཀྱི་སྦྱོར་བའི་མཉམ་ཉིད་ཀྱི་མཚན་ཉིད།
Definition of that indicated in the context of a knower of bases:
A Bodhisattva's yoga conjoined with the wisdom ceasing adherence to true existence wrt bases' entity and divisions, definitions and definienda, objects and object-possessors, and so forth.
Divisions:
The Bodhisattva's equality of application realising all phenomena (realisers and objects of knowledge) as not ultimately observed, through ceasing:
འོག་རྣམས་བཀག་པས་རྟོགས་པ་པོ་དང་ཤེས་བྱའི་ཆོས་ཐམས་ཅད་དོན་དམ་པར་མི་དམིགས་པར་རྟོགས་པའི་སེམས་དཔའི་སྦྱོར་བའི་མཉམ་ཉིད།
- Entity: Adherence thinking "such and such" wrt all phenomena (from form and up to omniscience)
གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་རྣམས་ལ་དེ་དང་དེའོ་ཞེས་མངོན་པར་ཞེན་པ་དང༌། - Signs: Conceit wrt signs that are the conventional causes of forms and so forth, such as blue and yellow and so forth སྔོ་སེར་ལ་སོགས་པའི་གཟུགས་སོགས་ཀྱི་ཐ་སྙད་ཀྱི་རྒྱུ་མཚན་མ་ལ་རློམ་པ་དང༌།
- Divisions: Conceit wrt elaborations of the divisions of forms and so forth
གཟུགས་སོགས་ཀྱི་དབྱེ་བའི་སྤྲོས་པ་ལ་རློམ་པ་དང༌། - Object-possessors: Conceit wrt realising partial concordance with definite discrimination and so forth
ངེས་འབྱེད་ཆ་མཐུན་སོགས་རྟོགས་པའི་རློམ་པ།
ས་མཚམས་ཐེག་ཆེན་གྱི་ཚོགས་ལམ་ནས་རྒྱུན་མཐའི་བར་དུ་ཡོད།
Boundaries: From the Mahayana path of accumulation and up to the end of the continuum.
Up a level: Perfection of Wisdom