Bodhisattva Sangha who have attained signs of irreversibility

གཟུགས་སོགས་ལ་བདེན་ཞེན་མངོན་གྱུར་པ་ལྡོག་པ་སོགས་རྟགས་ཞེ་བཞི་པོ་གང་རུང་རང་རྒྱུད་ལ་ཐོབ་པའི་སེམས་དཔའ།
ཕྱིར་མི་ལྡོག་པའི་རྟགས་ཐོབ་པའི་བྱང་སེམས་ཀྱི་དགེ་འདུན་གྱི་མཚན་ཉིད།
Definition: A Bodhisattva that has attained any of the forty-four signs in their continuum, such as overcoming manifest adherence to true existence wrt forms and so forth.

Divisions:

  1. Sharp faculty bodhisattvas on the path of preparation བྱང་སེམས་སྦྱོར་ལམ་པ་དབང་རྣོན།
  2. Middling faculty bodhisattvas on the path of seeing བྱང་སེམས་མཐོང་ལམ་པ་དབང་འབྲིང༌།
  3. Dull faculty bodhisattvas abiding on the pure grounds དག་ས་ལ་གནས་པའི་བྱང་སེམས་དབང་རྟུལ།

However, if it is a bodhisattva who has attained signs of irreversibility, they are pervaded by being of sharp faculty, because:


བླ་མེད་རྫོགས་བྱང་ལས་ཕྱིར་མི་ལྡོག་པའི་བྱང་སེམས་ཡིན་ན། ཕྱིར་མི་ལྡོག་པའི་རྟགས་ཐོབ་པའི་བྱང་སེམས་ཡིན་པས་མ་ཁྱབ་སྟེ།
དང་པོ་ཉིད་ནས་ཐེག་ཆེན་དུ་རིགས་ངེས་པའི་བྱང་སེམས་ཚོགས་ལམ་པ་དེ་བླ་མེད་རྫོགས་བྱང་ལས་ཕྱིར་མི་ལྡོག་པའི་དགེ་འདུན་ཡིན་ཅིང༌།
དེས་ཕྱིར་མི་ལྡོག་པའི་རྟགས་མ་ཐོབ་པའི་ཕྱིར།
If it is a bodhisattva that is irreversible from unsurpassed complete enlightenment, they are not pervaded by being a bodhisattva that has attained signs of irreversibility.
Because a bodhisattva on the path of accumulation who is definite in the Mahayana lineage from the start is a Sangha that is irreversible from unsurpassed complete enlightenment, but they have not attained signs of irreversibility.

དེ་བཞིན་དུ་ཐེག་ཆེན་རིགས་ངེས་ཀྱི་སྙིང་རྗེ་ཆེན་པོ་རྒྱུད་ལྡན་གྱི་ལམ་མ་ཞུགས་ཀྱི་གང་ཟག་དེ་ཡང་བླ་མེད་རྫོགས་བྱང་ལས་ཕྱིར་མི་ལྡོག་པ་ཡིན་ནོ།
Similarly, a person definite in the Mahayana lineage, who has not entered a path but possesses great compassion in their continuum is irreversible from unsurpassed complete enlightenment.
See: Signs of awakening Mahayana lineage


Meaning of irreversibility:

  1. By way of attitude: Eliminating any opportunity for the arising of the manifest attitude seeking liberation only for oneself བསམ་པའི་སྒོ་ནས་རང་ཉིད་འབའ་ཞིག་གི་ཕྱིར་དུ་ཐར་པ་དོན་གཉེར་གྱི་བསམ་པ་མངོན་གྱུར་པ་སྐྱེ་བའི་གོ་སྐབས་བཅོམ་པ།
  2. By way of application: Possessing stable realisations of special method and wisdom
    སྦྱོར་བའི་སྒོ་ནས་ཐབས་ཤེས་ཁྱད་པར་ཅན་གྱི་རྟོགས་པ་བརྟན་པོ་དང་ལྡན་པ།

རང་ཉིད་འབའ་ཞིག་གི་ཕྱིར་དུ་ཐར་པ་དོན་གཉེར་གྱི་བསམ་པ་མངོན་གྱུར་དུ་སྐྱེ་མི་སྲིད་པའི་གང་ཟག་ཡིན་ན་བསམ་པའི་སྒོ་ནས་ཕྱིར་མི་ལྡོག་པའི་རྟགས་ཐོབ་པས་མ་ཁྱབ་སྟེ། བྱང་སེམས་སྦྱོར་ལམ་པ་དབང་རྟུལ་དེ་དེ་འདྲའི་གང་ཟག་ཡིན་པའི་ཕྱིར། དེ་འདྲའི་བསམ་པ་མངོན་གྱུར་པ་རྒྱུད་ལྡན་གྱི་བྱང་སེམས་སྦྱོར་ལམ་པ་མེད་པའི་ཕྱིར།
ཐེག་ཆེན་གྱི་སེམས་བསྐྱེད་དོར་བའི་དེ་མེད་པའི་ཕྱིར།
If it is a person for whom it is impossible for the attitude seeking liberation only for oneself to manifestly arise, they are not pervaded by having attained a sign of irreversibility by way of attitude.
Because a dull faculty bodhisattva on the path of preparation is such a person; because a bodhisattva on the path of preparation possessing such a manifest attitude in their continuum does not exist; because such [a bodhisattva] who discards their Mahayana mind generation does not exist.

Also, dull faculty on the second ground (see Etymology) have eliminated any opportunity for that, but not necessarily "by way of attitude".

ཐབས་ཤེས་ཀྱི་རྟོགས་པ་བརྟན་པོ་ཐོབ་ན་སྦྱོར་བའི་སྒོ་ནས་དེ་ཐོབ་པས་མ་ཁྱབ་སྟེ།
ཐེག་ཆེན་གྱི་སྦྱོར་ལམ་བཟོད་པ་ལ་གནས་པའི་སེམས་དཔའ་དབང་རྟུལ་དེས་དེ་ཐོབ་པའི་ཕྱིར། དེས་ཐེག་ཆེན་གྱི་སྦྱོར་ལམ་བཟོད་པ་ཐོབ་པའི་ཕྱིར།
Attaining stable realisations of method and wisdom is not pervaded by having attained those by way of application.
Because a dull faculty bodhisattva abiding on the forbearance level of the Mahayana path of preparation has attained those; because they have attained the forbearance level of the Mahayana path of preparation.

If "by way of application", then it leads to special expressions of body and speech; that attained by dull faculty forbearance level does not lead to those.


General division:

  1. Inner signs: stable realisations of method and wisdom (ཐབས་ཤེས་ཀྱི་རྟོགས་པ་བརྟན་པོ།)
  2. External signs: special expressions of body and speech (ལུས་ངག་གི་ཐ་སྙད་ཁྱད་པར་ཅན།)

For the latter: Signs of irreversibility


བྱང་སེམས་སྦྱོར་ལམ་པ་དབང་རྣོན་ཆོས་ཅན། ཤེས་རབ་ཁྱད་པར་ཅན་དང་ལྡན་དེ།
སྟོང་ཉིད་རིགས་པའི་རྣམ་གྲངས་མཐའ་ཡས་པའི་སྒོ་ནས་སྟོན་པ་སོགས་ལུས་ངག་གི་ཐ་སྙད་ཁྱད་པར་ཅན་དང་ལྡན་པའི་སེམས་དཔའ་ཡིན་པའི་ཕྱིར།
The subject - a sharp faculty bodhisattva on the path of preparation - they possess special wisdom because of being a bodhisattva that possesses special physical and verbal expressions, such as teaching emptiness by way of a limitless number of reasonings and so forth.

དེ་ཆོས་ཅན། ཐབས་ཁྱད་པར་ཅན་དང་ལྡན་དེ། སེམས་ཅན་གྱི་སྡུག་བསྔལ་ཤས་མི་བཟོད་པའི་ལུས་ཀྱི་བ་སྤུ་ལྡང་བ་དང་མིག་ནས་མཆི་མ་འཁྲུགས་པ་སོགས་
ལུས་ཀྱི་རྟགས་ཁྱད་པར་ཅན་དང་ལྡན་པའི་སེམས་དཔའ་ཡིན་པའི་ཕྱིར།
That subject, they possess special method because of being a bodhisattva that possesses special physical signs of finding sentient beings' sufferings unbearable, such as body-hairs standing up and crying and so forth.

དེ་ཆོས་ཅན། རང་ཉིད་འབའ་ཞིག་གི་ཕྱིར་དུ་ཐར་པ་དོན་གཉེར་གྱི་བསམ་པ་མངོན་གྱུར་པ་སྐྱེ་བའི་གོ་སྐབས་ཟད་པར་བཅོམ་པའི་སྒོ་ནས་རྒྱུ་ནུས་པ་མཐུ་ཅན་གྱི་རྫོགས་པའི་བྱང་ཆུབ་འབྱུང་བ་ཡིན་ཏེ། ཐབས་ཤེས་ཁྱད་པར་ཅན་གྱི་རྟོགས་པ་བརྟན་པོ་དང་ལྡན་པའི་ཐེག་ཆེན་གྱི་ངེས་འབྱེད་ཆ་མཐུན་ལ་གནས་པའི་སེམས་དཔའ་ཡིན་པའི་ཕྱིར།
That subject, they have given rise to the powerful causal potency for complete enlightenment by way of completely eliminating any opportunity for the arising of the manifest attitude seeking liberation only for oneself because of being a bodhisattva abiding on the Mahayana partial concordance with definite discrimination and possessing stable realisations of special method and wisdom.


Up a level: Perfection of Wisdom