Cittamatra refutations relating to this
གནོད་བྱེད་ནི། བུམ་པ་དང་བུམ་པ་བདེན་སྟོང་གཅིག་ཡིན་ན།
If the vase and the vase’s emptiness of true existence were one:
- Taking the subject – the vase’s emptiness of true existence – it follows it is the cognised-object of ordinary beings’ direct perception, because of being one with vase.
བུམ་པ་བདེན་སྟོང་ཆོས་ཅན། སོ་སོ་སྐྱེ་བོའི་མངོན་སུམ་གྱི་གཞལ་བྱ་ཡིན་པར་ཐལ། བུམ་པ་དང་གཅིག་ཡིན་པའི་ཕྱིར། - Taking that subject, it follows there is the arising of afflictions, attachment and so forth, due to observing it, because it is one with vase.
དེ་ཆོས་ཅན། ཁྱོད་ལ་དམིགས་པས་ཆགས་སོགས་ཉོན་མོངས་སྐྱེ་བ་ཡོད་པར་ཐལ། ཁྱོད་བུམ་པ་དང་གཅིག་ཡིན་པའི་ཕྱིར། - Taking that subject, it follows that, other than looking at the vase, all the effort made by practitioners to meditate on it is useless, because it is one with vase. དེ་ཆོས་ཅན།
རྣལ་འབྱོར་པ་རྣམས་ཀྱིས་བུམ་པ་མཐོང་བ་ལས་ལོགས་སུ་ཁྱོད་སྒོམ་པའི་འབད་རྩོལ་བྱས་པ་ལ་དགོས་པ་མེད་པར་ཐལ། ཁྱོད་བུམ་པ་དང་གཅིག་ཡིན་པའི་ཕྱིར། - Taking that subject, it follows that its attributes, such as colour and shape and so forth, exist because it is one with vase. དེ་ཆོས་ཅན། ཁྱོད་ཀྱི་ཁ་དོག་དང་དབྱིབས་ལ་སོགས་པའི་དབྱེ་བ་ཡོད་པར་ཐལ། ཁྱོད་བུམ་པ་དང་གཅིག་ཡིན་པའི་ཕྱིར།
དེ་གཉིས་ངོ་བོ་ཐ་དད་ཡིན་ན།
If those two were different entities:
- Taking the subject – a vase – it follows that the valid cogniser realising its emptiness of true existence does not eliminate superimpositions of true-grasping with respect to the vase, because it is a different entity from the vase’s emptiness of true existence. བུམ་པ་ཆོས་ཅན།
ཁྱོད་བདེན་སྟོང་འཇལ་བའི་ཚད་མས་བུམ་པ་ལ་བདེན་པར་འཛིན་པའི་སྒྲོ་འདོགས་མི་གཅོད་པར་ཐལ། ཁྱོད་བུམ་པ་བདེན་སྟོང་དང་ངོ་བོ་ཐ་དད་ཡིན་པའི་ཕྱིར། - Taking the subject – the vase’s emptiness of true existence – it follows that it is not the vase’s dharmatā, because it is a different entity from the vase.
བུམ་པ་བདེན་སྟོང་ཆོས་ཅན། ཁྱོད་བུམ་པའི་ཆོས་ཉིད་མ་ཡིན་པར་ཐལ། ཁྱོད་བུམ་པ་དང་ངོ་བོ་ཐ་དད་ཡིན་པའི་ཕྱིར། - Taking the subject – a vase – it follows it is not the basis for negating the vase’s true existence, because it is a different entity from the vase’s emptiness of true existence.
བུམ་པ་ཆོས་ཅན། ཁྱོད་བུམ་པ་བདེན་གྲུབ་ཀྱི་དགག་གཞི་མ་ཡིན་པར་ཐལ། ཁྱོད་བུམ་པ་བདེན་སྟོང་དང་ངོ་བོ་ཐ་དད་ཡིན་པའི་ཕྱིར། - It follows that in an Arya Buddha’s continuum there exist both: 1) a valid cogniser realising the vase as empty of true existence and 2) a valid cogniser realising the vase’s emptiness of true existence to be a different entity from the vase, because the vase is a different entity from the vase’s emptiness of true existence. སངས་རྒྱས་འཕགས་པའི་རྒྱུད་ལ་བུམ་པ་བདེན་སྟོང་དུ་འཇལ་བའི་ཚད་མ་དང་།
བུམ་པ་བདེན་སྟོང་བུམ་པ་དང་ངོ་བོ་ཐ་དད་དུ་འཇལ་བའི་ཚད་མ་གཉིས་ཡོད་པར་ཐལ། བུམ་པ་བདེན་སྟོང་བུམ་པ་དང་ངོ་བོ་ཐ་དད་ཡིན་པའི་ཕྱིར།
Up a level: One entity, different isolates