Cittamatra

སེམས་ཙམ་པ་རྣམས་ཀྱིས་སེམས་ཅན་གྱི་རྒྱུད་ཀྱི་ཐོག་མ་མེད་པ་ནས་གཅིག་ནས་གཅིག་ཏུ་བརྒྱུད་དེ་འོང་བ།
ཆོས་ཉིད་ཀྱིས་ཐོབ་པ་ནང་གི་སྐྱེ་མཆེད་དེ་དྲུག་པ་ཡིད་ཀྱི་སྐྱེ་མཆེད་ཀྱི་སྟེང་གི་ཟག་མེད་ཀྱི་སེམས་ཀྱི་ས་བོན་ལ་རིགས་སུ་འདོད།
Cittamatrins assert lineage to be: A seed of an uncontaminated mind in the continuum of sentient beings, that:

  1. has come in a continuity from one life to the next since beginningless time,
  2. is naturally possessed, and
  3. is deposited upon the inner sources, i.e. the sixth that is the mental-source.

Divisions:

  1. Naturally abiding lineage: the above [seed] that has not been activated by hearing and so forth.
    ཐོས་སོགས་ཀྱིས་གསོས་མ་བཏབ་པའི་གོང་དུ་རང་བཞིན་གནས་རིགས།
  2. Developmental lineage: that on the occasion of having been activated by hearing and so forth.
    ཐོས་སོགས་ཀྱིས་གསོས་བཏབ་པའི་ཚེ་རྒྱས་འགྱུར་གྱི་རིགས།

རང་བཞིན་གནས་རིགས་དང་རྒྱས་འགྱུར་གྱི་རིགས་གཉིས་མི་འགལ་ཏེ།
The naturally abiding lineage and developmental lineage are not mutually exclusive because:


Nine points on Buddha-lineage


If it is a sentient being, it is not pervaded by possessing lineage because there are four types of sentient beings who have severed lineage: སེམས་ཅན་ཡིན་ན་རིགས་རྒྱུད་ལྡན་གྱིས་མ་ཁྱབ་སྟེ། རིགས་ཆད་པའི་སེམས་ཅན་དེ་ལ་བཞིར་ཡོད་དེ།

  1. Some sentient beings engage exclusively in what is faulty སེམས་ཅན་ལ་ལ་ཉེས་པ་འབའ་ཞིག་སྤྱོད་པ།
  2. Some destroy white roots of virtue with anger ལ་ལ་ཁོང་ཁྲོས་དཀར་པོའི་དགེ་རྩ་བཅོམ་པ།
  3. In some’s continua there are no virtues concordant with liberation ལ་ལའི་རྒྱུད་ལ་ཐར་པ་ཆ་མཐུན་གྱི་དགེ་བ་མེད་པ།
  4. Some, despite having inferior white virtue in their continuum, do not possess the potency that is a seed of an uncontaminated mind in their continuum
    ལ་ལའི་རྒྱུད་ལ་དཀར་པོའི་དགེ་བ་དམན་པ་ཡོད་ཀྱང་ཟག་མེད་སེམས་ཀྱི་ས་བོན་གྱི་ནུས་པ་རྒྱུད་ལ་མི་ལྡན་པ།

མདོ་སྡེ་རྒྱན་ལས། ལ་ལ་གཅིག་ཏུ་ཉེས་པར་སྤྱོད་ངེས་ཡོད། ལ་ལ་དཀར་པོའི་ཆོས་རྣམས་ཀུན་ཏུ་བཅོམ།
ལ་ལ་དཀར་པོའི་ཆ་མཐུན་དགེ་བ་མེད། དཀར་པོ་དམན་པ་ཡོད་པ་རྒྱུ་དང་བྲལ།
Ornament for Mahayana Sutras says:
Some are certain to only have faulty conduct,
Some have completely destroyed white dharmas,
Some lack virtue concordant with the white,
[Some] have inferior white, but lack the cause.


Up a level: Naturally abiding lineage - the support for Mahayana practices