Conceptions of apprehendeds to be engaged in (Meditation)

Divisions by way of object: ཡུལ་གྱི་སྒོ་ནས་དགུ་ཡོད་དེ།

  1. Conception of unknowing wrt the brief dharma scriptures ཆོས་གསུང་རབ་མདོར་བསྡུས་མི་ཤེས་པའི་རྣམ་པར་རྟོག་པ།
  2. Conception of unknowing wrt the extensive རྒྱས་པ་མི་ཤེས་པའི་རྣམ་པར་རྟོག་པ།
  3. Conception of unknowing wrt the non-existence of the Buddhas' assistance
    སངས་རྒྱས་ཀྱིས་བསྟང་བ་མེད་པའི་མི་ཤེས་པའི་རྣམ་པར་རྟོག་པ།
  4. Conception of unknowing wrt the non-existence of the path of preparation
    སྦྱོར་བའི་ལམ་མེད་པའི་མི་ཤེས་པའི་རྣམ་པར་རྟོག་པ།
  5. Conception of unknowing wrt the non-existence of the path of seeing
    མཐོང་བའི་ལམ་མེད་པའི་མི་ཤེས་པའི་རྣམ་པར་རྟོག་པ།
  6. Conception of unknowing wrt the non-existence of the path of meditation
    སྒོམ་པའི་ལམ་མེད་པའི་མི་ཤེས་པའི་རྣམ་པར་རྟོག་པ།
  7. Conception of unknowing wrt the path of preparation སྦྱོར་བའི་ལམ་མི་ཤེས་པའི་རྣམ་པར་རྟོག་པ།
  8. Conception of unknowing wrt the path of seeing མཐོང་བའི་ལམ་མི་ཤེས་པའི་རྣམ་པར་རྟོག་པ།
  9. Conception of unknowing wrt the path of meditation སྒོམ་པའི་ལམ་མི་ཤེས་པའི་རྣམ་པར་རྟོག་པ།

རྟོག་པ་དེ་དག་གིས་ཡུལ་དགུ་པོ་དེ་དག་ལ་རྟོག་ཚུལ་ཡོད་དེ། རྒྱན་སྣང་ལས། སྒྱུ་མ་ལྟ་བུར་བདག་གིས་འཇུག་པར་བྱའོ་ཞེས་དེ་ལྟར་འཇུག་པའི་ཕྱོགས་ལ་བརྟེན་པའི་
གཟུང་བའི་རྣམ་པར་རྟོག་པ། ཞེས་གསུངས་པ་ལྟར་སྒྱུ་མ་ལྟ་བུར་འཇུག་བྱར་ཞེན་པ་ཡིན་པའི་ཕྱིར།
Mode of conception: In accordance with the Illumination of the Ornament saying "Conceptions of apprehendeds in relation to the class to be engaged in, which are illusion like, thinking I will engage!", it is adherence to illusion-like objects of engagement.

རྟོག་པ་དེ་རྣམས་ཆོས་ཅན། སྒོམ་ལམ་རྩེ་སྦྱོར་གྱི་སྤང་བར་བྱ་བ་ཡིན་ཏེ།
སྒོམ་ལམ་རྩེ་སྦྱོར་ཐོབ་ལ་ཡོངས་སུ་མ་རྫོགས་པ་ཉེར་བསྡོགས་ཀྱི་གནས་སྐབས་འདིར་སྤང་བར་བྱ་བ་ཉིད་ཡིན་པའི་ཕྱིར།
The subject - these conceptions - they are that to be abandoned by the peak application of the path of meditation because they are that to be abandoned in this context of the preparations, when the peak application of the path of meditation has been attained but not completed.

མདོར་བསྡུས་པའི་གསུང་རབ་ལ་དམིགས་ནས་ལོངས་སྤྱད་བྱར་བདེན་པར་ཞེན་པའི་རྟོག་པ་ལྷན་སྐྱེས་ཆོས་ཅན། སྒོམ་ལམ་རྩེ་སྦྱོར་གྱི་སྤང་བྱ་ཡིན་ཏེ།
དེའི་གཞོམ་བྱ་ཡིན་པའི་ཕྱིར། དེས་ལྷག་མ་བརྒྱད་ལ་རིགས་འགྲེ།
The subject - the innate conception observing the brief scriptures and adhering to those as truly existent objects of utilisation - it is an object of abandonment of the Peak Application of the path of meditation because it is that eliminated by that.
Apply similarly to the rest.


Up a level: Conceptions of apprehendeds (Meditation)