Conceptions of apprehenders (Seeing)
Divisions:
- Conceptions of apprehenders of substantial existents མཐོང་སྤང་ཤེས་སྒྲིབ་རྫས་འཛིན་རྟོག་པ།
- Conceptions of apprehenders of imputed existents མཐོང་སྤང་ཤེས་སྒྲིབ་བཏགས་འཛིན་རྟོག་པ།
གཉིས་སུ་ཡོད་པའི་ཕྱིར་ཏེ། ཁྱོད་ལ་སོ་སོའི་སྐྱེ་བོ་དང་འཕགས་པའི་དབྱེ་བས་དེ་དེའི་འཛིན་པ་གཉིས་སུ་ཡོད་པའི་ཕྱིར་རོ།
There are two due to the division into ordinary beings and Arya beings.
རྫས་འཛིན་སོ་སྐྱེའི་རྟེན་ཅན་དང། བཏགས་འཛིན་འཕགས་པའི་རྟེན་ཅན་དུ་གསུངས་པ་ནི།
གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པའི་བློའི་ཞེན་ཡུལ་མྱོང་སྟོབས་ཀྱིས་ཁེགས་པ་ནི་སོ་སོ་སྐྱེ་བོ་རྣམས་ལ་མེད་ཅིང།
འཕགས་པ་ལ་ཡོད་པས་དེ་ལྟར་གསུངས་པ་ཡིན་པའི་ཕྱིར།
Indicating that:
- Apprehenders of substantial existents are supported upon ordinary beings
- Apprehenders of imputed existents are supported upon Arya beings
Is done because ordinary beings have not refuted the conceived objects of the awareness apprehending a self-sufficient substantially existent self through the force of experience, whereas Arya beings have.
གཞན་ཡང་རྩོད་པ་དེ་ནི་སྙིང་པོ་མེད་པ་ཡིན་ཏེ། རྫས་འཛིན་སོ་སྐྱེ་ལ་བཤད་ཅིང་བཏགས་འཛིན་དེ་ལ་མ་བཤད་པ་ནི་སོ་སྐྱེས་ཆོས་ཐམས་ཅད་བདག་མེད་དུ་ཤེས་པ་ནི་
མོས་པ་ཡིད་བྱེད་ཀྱིས་བཏགས་པ་ཙམ་དུ་རྟོགས་པ་ཡིན། བཏགས་འཛིན་འཕགས་པ་ལ་བཤད་པ་ནི།
དེ་ཁོ་ན་ཉིད་ཡིད་བྱེད་ཀྱིས་བཏགས་པ་ཙམ་དུ་རྟོགས་པ་ལ་འདོད་པའི་ཕྱིར།
Moreover, the debate is senseless because:
- Explaining apprehenders of substantial existents being wrt ordinary beings but not apprehenders of imputed existents is due to asserting that ordinary beings' understanding that all phenomena are selfless is a realisation of those as merely imputed through the force of engagement through belief;
- Explaining apprehenders of imputed existents wrt Arya beings is due to asserting that they realise those as merely imputed through the force of engagement through suchness.
དེས་ན་སྐྱེ་འཕགས་གཉིས་ཀའི་གང་ཟག་གིས་བདག་མེད་རྟོགས་ཀྱང་མངོན་དུ་གྱུར་མ་གྱུར་གཉིས་ལས། དེ་གཉིས་ཀྱིས་འཛིན་པ་ལ་སོ་སོར་རྫས་བཏགས་ཀྱི་འཛིན་པར་འཇོག་པ་ལྟར།
Therefore, although both ordinary and Arya beings realise the selflessness of persons, through either being manifest or non-manifest, their apprehensions are posited individually as apprehenders of substantial and imputed existents.
ཆོས་བདག་མེད་པར་མངོན་སུམ་དུ་རྟོགས་མ་རྟོགས་ཀྱི་ཁྱད་པར་གྱིས་ཀྱང་སྐྱེ་འཕགས་ཀྱི་འཛིན་པ་ལ་ཆོས་ཙམ་ལ་རྫས་དང་བཏགས་པའི་ལོངས་སྤྱོད་པ་པོར་འཛིན་པའི་ཤེས་སྒྲིབ་ཀྱི་འཛིན་པ་གཉིས་ཀྱང་ཤེས་པར་བྱའོ།
Similarly, through the difference of directly realising the selflessness of phenomena or not, the apprehenders of ordinary and Arya beings should be understood as apprehensions that are knowledge obscurations apprehending mere phenomena as substantial and imputed utilisers.
དེ་ལྟར་སྐྱེ་འཕགས་གཉིས་ཀྱི་འཛིན་པ་ལ་རྫས་བཏགས་ཀྱི་འཛིན་པ་གཉིས་སུ་ཕྱེ་བ་ཡང་གཙོ་ཆེ་བ་ཡིན་ཏེ།
གཞན་དུ་ན་འཕགས་རྒྱུད་ལ་རྫས་འཛིན་རྟོག་པ་མེད་པར་ཐལ་བའི་སྐྱོན་ཡོད་པའི་ཕྱིར།
Therefore, this division into two is non-pervasive because otherwise there would be the fault that conceptions of apprehenders of substantial exists would not exist in Arya's continua.
མཐོང་ལམ་རྩེ་སྦྱོར་གྱི་སྤང་བྱ་ཡིན་ཏེ། དེ་སྐྱེ་བ་ལ་གེགས་བྱེད་པ་ཡིན་པའི་ཕྱིར། དཔེར་ན་མཐོང་སྤང་ཉོན་སྒྲིབ་བཞིན་ནོ།
They are objects of abandonment of the Peak Application of the path of seeing because of acting to hinder the arising of that; for example, like the afflictive obscurations of the path of seeing.
Divisions: 9 each.
འདི་དག་ལ་རྟོག་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། རྟོག་པ་དེ་དག་རང་གིས་ཇི་ལྟར་ཞེན་པ་དེ་ལྟར་འཛིན་པའི་ངོ་བོའི་མཚན་ཉིད་ཅན་ཡིན་པའི་ཕྱིར་ཏེ།
རྟོག་པ་དེ་དག་ཞེན་པ་ལྟར་གྱི་ཡུལ་གང་གི་འཛིན་པར་འདོད། དེ་འཛིན་པ་མ་ཡིན་པའི་ཕྱིར་རོ།
རྒྱུ་མཚན་གང་གི་ཕྱིར་ན་རྟོག་པ་དེས་གཟུང་བའི་དོན་རྣམས་གཟུང་བ་དེ་བཞིན་དུ་མེད་པའི་ཕྱིར་རོ།
Referred to as "conceptions" due to possessing the characteristics of apprehending to the existence of how they adhere; because despite those conceptions wishing to apprehend some object in accordance with its adherence, it does not apprehend that; why? because the objects apprehended by those conceptions do not exist in accordance with their apprehension.
See: Three presentations of conceptions to be abandoned
Up a level: Objects of abandonment of the path of seeing