Dharma Jewel
བསམ་དུ་མེད་པ་ལ་སོགས་པའི་ཡོན་ཏན་བརྒྱད་པོ་གང་རུང་དང་ལྡན་པའི་འཕགས་རྒྱུད་ཀྱི་རྣམ་བྱང་བདེན་པ། ཡང་ན།
འགོག་བདེན་དང་ལམ་བདེན་གང་རུང་གིས་བསྡུས་པའི་འཕགས་རྒྱུད་ཀྱི་རྣམ་བྱང་བདེན་པ་དེ།
ཆོས་དཀོན་མཆོག་གི་མཚན་ཉིད།
Definition (GM): A completely pure truth in the continuum of an Arya, possessing any of the eight qualities, inconceivability and so forth.
Definition (DA): A completely pure truth in an Arya’s continuum, which is included within either true cessations or true paths.
Divisions:
- Conventional Dharma Jewel - e.g. twelve branches of scripture
- Ultimate Dharma Jewel - True cessations and True paths
The eight qualities of Mahayana Dharma Jewel:
- The quality of not being conceivable as it is by the logicians’ awareness in terms of the four possibilities
མུ་བཞིར་རྟོག་གེ་བའི་བློས་ཇི་ལྟ་བ་བཞིན་དུ་བསམ་དུ་མེད་པའི་ཡོན་ཏན། - Without either karma or affliction ལས་ཉོན་གཉིས་ཅི་རིགས་པ་མེད་པ།
- Without the conceptualisations of incorrect mental engagement ཚུལ་མིན་ཡིད་བྱེད་ཀྱི་རྣམ་པར་རྟོག་པ་མེད་པ།
- Pure, since the entity of the path is unmixed with obscurations ལམ་གྱི་ངོ་བོ་སྒྲིབ་པ་དང་མ་འདྲེས་པས་དག་པ།
- Clear, knowing the modes and varieties གསལ་བ་ཇི་ལྟ་བ་དང་ཇི་སྙེད་པ་རིག་པ།
- The quality of acting as an antidote to the discordant class མི་མཐུན་ཕྱོགས་ཀྱི་གཉེན་པོ་བྱེད་པའི་ཡོན་ཏན།
- The quality of true cessation, freedom from attachment གང་ཞིག་ལ་ཆགས་པ་དང་བྲལ་བའི་འགོག་བདེན་ཡི་ཡོན་ཏན།
- The quality of true paths, which act to free from attachment གང་གིས་ཆགས་པ་དང་བྲལ་བར་བྱེད་པ་ལམ་གྱི་ཡོན་ཏན།
རྒྱུད་བླ་མ་ལས། བསམ་མེད་གཉིས་མེད་རྟོག་མེད་པ། དག་གསལ་གཉེན་པོའི་ཕྱོགས་ཉིད་ཀྱིས།
གང་ཞིག་གང་གིས་ཆགས་བྲལ་བ། བདེན་གཉིས་མཚན་ཉིད་ཅན་དེ་ཆོས།
Maitreya’s Uttaratantra says:
Inconceivable, without the two, without conceptualisation,
Pure, clear, and of the antidote class,
That which is and that by which there is freedom from attachment;
These possessing the characteristics of the two truths are Dharma.
Up a level: Three Precious Jewels