Division of the Five Wisdoms
- Exalted wisdom of dharmadhatu ཆོས་དབྱིངས་ཀྱི་ཡེ་ཤེས།
- Mirror-like exalted wisdom མེ་ལོང་ལྟ་བུའི་ཡེ་ཤེས།
- Exalted wisdom of equality མཉམ་པ་ཉིད་ཀྱི་ཡེ་ཤེས།
- Exalted wisdom of individual investigation སོ་སོར་རྟོག་པའི་ཡེ་ཤེས།
- Exalted wisdom of accomplishing activities (extensive) བྱ་བ་སྒྲུབ་པའི་ཡེ་ཤེས།
ས་མཚམས། སངས་རྒྱས་ཀྱི་ས་ཁོ་ན་ན་ཡོད།
Boundaries: exists only on the Buddha-ground.
ཀུན་གཞི་འདོད་པའི་སེམས་ཙམ་པ་སོགས་འགའ་ཞིག་གིས། མེ་ལོང་ལྟ་བུའི་ཡེ་ཤེས་སོགས་ཡེ་ཤེས་ཕྱི་མ་བཞི་བོ་དེ་རིམ་པ་བཞིན་དུ་ཀུན་གཞི་དང་། ཉོན་ཡིད་དང་།
ཡིད་ཀྱི་རྣམ་ཤེས་དང་། དབང་ཤེས་རྣམས་གནས་འགྱུར་པའི་སངས་རྒྱས་ཀྱི་ཡེ་ཤེས་ལ་འདོད།
Some (such as Cittamatrins who assert the alaya) assert that the latter four exalted wisdom (Mirror-like and so forth) are a Buddha's exalted wisdoms that are the transformed alaya, afflicted mentality, mental consciousness, and sense consciousnesses, respectively.
ཀུན་གཞི་མི་འདོད་པའི་དབུ་མའི་ལུགས་ལ། ཡེ་ཤེས་ལྔ་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དུ་འདོད།
The Madhyamaka systems (who do not assert the alaya) assert the five exalted wisdoms as one entity different isolates.
Causes accomplishing those four exalted wisdom: ཡེ་ཤེས་བཞི་པོ་འགྲུབ་བྱེད་ཀྱི་རྒྱུ་ཡོད་དེ།
On the occasion of the learner paths: སློབ་པ་ལམ་གྱི་གནས་སྐབས་སུ།
- In dependence upon vast listening and contemplation on the Mahayana sutra basket and meditating on their meaning, Mirror-like exalted wisdom is attained
ཐེག་ཆེན་གྱི་སྡེ་སྣོད་ལ་ཐོས་བསམ་རྒྱ་ཆེར་བྱས། དེའི་དོན་བསྒོམས་པ་ལ་བརྟེན་ནས། མེ་ལོང་ལྟ་བུའི་ཡེ་ཤེས་དེ་འཐོབ། - Through cultivating [equanimity] without attachment and aversion for near and far wrt self and others, the exalted wisdom of equality is attained བདག་གཞན་ཆགས་སྡང་ཉེ་རིང་མེད་པར་བསྒོམས་པས་མཉམ་ཉིད་ཡེ་ཤེས་དེ་ཐོབ།
- Through oneself apprehending the meaning and words of the Twelve Branches of Scripture and teaching it to other disciples without withholding, the exalted wisdom of individual investigation is attained
གསུང་རབ་ཡན་ལག་བཅུ་གཉིས་ཀྱི་ཚིག་དོན་རང་ཉིད་ཀྱིས་གཟུང་ཞིང་གདུལ་བྱ་གཞན་ལ་དཔེ་མཁྱུད་མ་བྱས་པར་བསྟན་པས། སོ་སོར་རྟོག་པའི་ཡེ་ཤེས་དེ་ཐོབ། - Through enacting the welfare of others practicing dharma, the exalted wisdom of accomplishing activities is attained གཞན་གྱི་ཆོས་སྒྲུབ་པའི་དོན་བྱས་པས། བྱ་གྲུབ་ཡེ་ཤེས་དེ་ཐོབ་པ་ཡིན་པའི་ཕྱིར།
བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཆོས་ཅན། ཁྱོད་ཀྱི་མིག་སོགས་དབང་པོ་ལྔ་དོན་ཀུན་ལ་འཇུག་པ་དང་ལྔ་པོ་ཐམས་ཅད་ཀྱི་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་བཅུ་གཉིས་ཏེ།
བྱང་ཆུབ་པའི་འབྱོར་པ་དམ་པ་ཐོབ་པར་འགྱུར་ཏེ། དབང་པོ་ལྔ་པོ་ཟག་བཅས་གནས་གཞན་དུ་གྱུར་པའི་མཐར་ཐུག་གི་སྐུ་ཡིན་པའི་ཕྱིར།
ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ནི། སྣ་མཆན་ལས། མིག་དབང་སོགས་ལ་ཕྱོགས་དྲུག་ཏུ་ཕྱེ་ལ། དྲུག་པོ་རེ་རེ་ལ་བཅུ་བཅུར་ཕྱེ་ནས། མིག་གིས་ཤར་གྱི་གཟུགས་མཐོང་བར་བཞག་ལ། སྒྲ་དྲི་རོ་རེག་བྱ་བཞི་དང་། ཕྱོགས་ལྷག་མ་དགུ་ལ་ཡང་བཞི་བཞི་སྟེ་བཞི་བཅུ། དེ་བཞིན་དུ་ཕྱོགས་ལྔ་ལ་ཡང་བཅུ་བཅུར་ཕྱེ་ནས་བཞི་བཅུ་བཞི་བཅུར་ཕྱེ་སྟེ། དེ་ལྟར་བཞི་བཅུ་ཕྲག་དྲུག་བསྡོམས་པས་ཉིས་བརྒྱ་དང་བཞི་བཅུ་སྟེ། རྣ་བ་སྣ་ལྕེ་ལུས་ལ་ཡང་རང་རང་གི་ཡོན་ཏན་བོར་བས།
དེ་བཞིན་དུ་བརྩིས་པས་བརྒྱ་ཕྲག་བཅུ་གཉིས་འབྱུང་སྟེ། ཕྱོགས་ལ་ཤར་སོགས་དྲུག་ཕྱེ་ནས། །མིག་དབང་སོགས་ལ་བཅུར་ཕྱེ་བས། །ཕྱོགས་བཅུར་དོན་འཇུག་རང་མ་རྟོགས། །ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་སོ། །ཞེས་གསུངས། གླང་ཐང་པ་སོགས་མཚན་སོ་གཉིས་དང་། དཔེ་བྱད་བརྒྱད་ཅུ་ལ་འདོད། འགའ་ཞིག་ས་དང་པོར་འཐོབ་པའི་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ལ་འདོད། འོན་ཀྱང་སྣ་མཆན་གྱི་བཤད་པ་མདོ་དང་ཅུང་ཟད་མཐུན་པར་སྣང་ངོ༌། །
སྟོན་པ་ཤཱཀྱ་ཐུབ་པ་ཆོས་ཅན། དབང་པོ་ལྔ་པོའི་འབྱོར་པ་དང་འཐུན་པར་རྣམ་པར་མི་རྟོག་པའི་ཡེ་ཤེས་ཤིན་ཏུ་དྲི་མ་མེད་པ་ལ་འབྱོར་པ་དམ་པ་ཐོབ་པར་འགྱུར་བ་ཡིན་ཏེ། ཉོན་མོངས་ཅན་གྱི་ཡིད་ཀྱི་རྣམ་པར་ཤེས་པ་གནས་གཞན་དུ་གྱུར་པའི་མཐར་ཐུག་ཡིན་པའི་ཕྱིར།
The subject - the Teacher Shakyamuni - he has attained the holy richness wrt thoroughly uncontaminated exalted wisdom of non-conceptualisation in accordance with the richness of the five faculties because of being that has completely transformed afflicted mental consciousness.
ཡང་དེ་ཆོས་ཅན། ཇི་ལྟར་འདོད་པ་བཞིན་དུ་ཟས་གོས་ལ་སོགས་པའི་ལོངས་སྤྱོད་དག་ཐོབ་པའི་བཅུད་དག་པ་དང་། སྣོད་ཀྱི་ཞིང་དག་པ་ལ་འབྱོར་པ་དམ་པ་ཐོབ་པར་གྱུར་ཏེ། དོན་ལྔ་དང་དེ་འཛིན་པའི་ཤེས་པ་དང་བཅས་པ་གནས་གཞན་དུ་གྱུར་པ་མཐར་ཐུག་པའི་སྐྱེས་བུ་ཡིན་པའི་ཕྱིར།
Also, that subject, he has attained the holy richness wrt the pure contained and container-field that has attained all enjoyments such as food, clothing, and so forth, as one wishes, because he is a being that has completely transformed the five sense-objects together with the consciousnesses apprehending those.
དེ་ཆོས་ཅན། དུས་དང་རྣམ་པ་ཐམས་ཅད་དུ་རྟག་ཏུ་ཡེ་ཤེས་དང་ཕྲིན་ལས་རྣམས་ཀུན་ལ་ཐོགས་པ་མེད་པ་ལ་འབྱོར་པ་དམ་པ་ཐོབ་པར་གྱུར་པ་ཡིན་ཏེ།
རྣམ་རྟོག་དུས་གཞན་དུ་གྱུར་པས་མཐར་ཕྱིན་པའི་སྐྱེས་བུ་མཐར་ཐུག་ཡིན་པའི་ཕྱིར།
That subject, he has attained the holy richness wrt being unobstructed wrt all exalted wisdom and enlightened activities at all times and in all ways because of being a final being who has completed transformation of conceptualisations.
དེ་ཆོས་ཅན། སངས་རྒྱས་ཀྱི་དྲི་མ་མེད་པའི་གནས་ལ་གནས་ཞིང་། མི་གནས་པའི་མྱ་ངན་ལས་འདས་པ་ལ་འབྱོར་པ་དམ་པ་ཐོབ་པར་གྱུར་པ་ཡིན་ཏེ།
ཀུན་བྱང་གི་ཆོས་ཀུན་གྱི་རྟེན་དུ་གྱུར་པའི་རྣམ་པར་ཤེས་པ་གནས་གཞན་དུ་གྱུར་པ་མཐར་ཐུག་པའི་སྐྱེས་བུ་ཡིན་པའི་ཕྱིར།
That subject, he has attained the holy richness wrt abiding in the stainlessness of buddhahood and non-abiding nirvana because he is a being of final transformation of consciousness that is the support of all thoroughly afflicted and completely pure phenomena.
དེ་ཆོས་ཅན། སངས་རྒྱས་ཀྱི་གཟི་འོད་ཀྱིས་བདེ་བར་གནས་པ་དང་། མཐོང་བའི་ཚེ་ཉོན་མོངས་མེད་པ་ལ་འབྱོར་པ་དམ་པ་ཐོབ་པར་གྱུར་ཏེ།
འཁྲིག་པའི་འདོད་ཆགས་གནས་གཞན་དུ་གྱུར་པའི་སྐྱེས་བུ་ཡིན་པའི་ཕྱིར།
That subject, he has attained the holy richness wrt happily abiding due to the Buddha's radiance and being without affliction in this life, because he is a being that has completely transformed sexual attachment.
དེ་ཆོས་ཅན། ནམ་མཁའ་མཛོད་ཐོབ་པས་བསམ་པའི་དོན་འབྱོར་པ་དང་། ནམ་མཁའ་ལ་འགྲོ་བ་དང་། གཟུགས་རྣམ་པར་འབྱེད་པ་སྟེ།
རི་བོ་ཆེ་སོགས་ལ་ཐོགས་མེད་དུ་འགྲོ་བ་ལ་འབྱོར་པ་དམ་པ་ཐོབ་པར་གྱུར་པ་ཡིན་ཏེ། ནམ་མཁའི་འདུ་ཤེས་གནས་གཞན་དུ་གྱུར་པ་མཐར་ཐུག་པའི་སྐྱེས་བུ་ཡིན་པའི་ཕྱིར།
That subject, he has attained the holy richness wrt intended goals due to attaining the Sky-Treasury and wrt flying in the sky, moving unobstructed through great mountains and so forth (having split forms) because he is a being that has completely transformed the discrimination of space.
དེ་རྣམས་ཀྱི་དོན་བསྡུ་ན་རྫོགས་པའི་སངས་རྒྱས་འཕགས་པ་ཆོས་ཅན། དཔག་ཏུ་མེད་ཅིང་བསམ་གྱིས་མི་ཁྱབ་པའི་གདུལ་བྱའི་དོན་སྒྲུབ་པའི་འབྱོར་པ་དཔག་ཏུ་མེད་པར་ཐོབ་པར་འདོད་དེ། གོང་དུ་བཤད་པ་དེ་ལྟར་དྲི་མ་མེད་པའི་དབྱིངས་གནས་གཞན་དུ་གྱུར་པ་མཐར་ཕྱིན་པའི་སྐྱེས་བུ་ཡིན་པའི་ཕྱིར།
In summary, the subject - Complete Arya Buddhas - they are asserted to have attained inestimable richness of accomplishing disciples' inestimable and inconceivable welfare because (as explained above) they are beings who have completely transformed the stainless sphere.
See also: Five exalted wisdoms of a Buddha
Up a level: Exalted Wisdom Dharmakaya (4-Bodies GM)