Divisions of wrong views

ལྟ་ངན་རྣམས་འཁྲུལ་གཞི་ལ་བརྟེན་ནས་འབྱུང་ཞིང་གང་ཟག་གི་བདག་མེད་པར་ཤེས་པའི་སེམས་དཔའི་རྣལ་འབྱོར།
སེམས་དཔའི་རྒྱུད་ཀྱི་གང་ཟག་གི་བདག་མེད་རྟོགས་པའི་གཞི་ཤེས་སྦྱོར་བའི་མཚན་ཉིད།
Definition of an application of a knower of bases in a Bodhisattva's continuum realising the selflessness of persons: A Bodhisattva yoga knowing the selflessness of persons and arising in dependence upon the bases of error (wrong views).


སྔོན་འཛམ་བུའི་གླིང་འདིར་མུ་སྟེགས་ཀྱི་སྟོན་པ་རྟོག་གེ་བ་དྲུག རྗེས་སྒྲོག་པ་དྲུག སྙོམས་འཇུག་པ་དྲུག་སྟེ་བཅོ་བརྒྱད་ཀྱི་བསྟན་པ་དར་བའི་དུས་སུ་
ལྟ་ངན་དྲུག་ཅུ་རྩ་གཉིས་ཀྱི་རྣམ་གཞག་བྱུང་བར་ཚངས་པའི་དྲ་བའི་མདོ་ལས་གསུངས་པ་ཡིན།
The Brahmajāla section [from the Vimala­kīrti­nirdeśa sutra] presents 62 wrongs views that existed previously in this world, during the spread of the teachings of the eighteen non-Buddhist teachers: the six philosophers, the six subsequent proclaimers, and the six meditators.

Divided into: (62)

  1. Eighteen views conceiving of a beginning སྔོན་གྱི་མཐར་རྟོག་པའི་ལྟ་བ་བཅོ་བརྒྱད་དང༌།
    1. Four proponents of permanence རྟག་པར་སྨྲ་བ་རྣམས་ཀྱི་བཞི།
    2. Four proponents of partial permanence ཁ་ཅིག་རྟག་པར་སྨྲ་བ་རྣམས་ཀྱི་བཞི།
    3. Two proponents of causelessness རྒྱུ་མེད་པར་སྨྲ་བ་རྣམས་ཀྱི་གཉིས།
    4. Four of possessing and not possessing ends མཐའ་དང་ལྡན་མི་ལྡན་རྣམས་ཀྱི་བཞི།
    5. Four abandoning and not abandoning the deity ལྷ་སྤོང་མི་སྤོང་རྣམས་ཀྱི་བཞི།
  2. Forty-four views conceiving of an end ཕྱི་མའི་མཐར་རྟོག་པའི་ལྟ་བ་ཞེ་བཞི།
    1. Sixteen proponents with discrimination འདུ་ཤེས་ཡོད་པར་སྨྲ་བ་རྣམས་ཀྱི་བཅུ་དྲུག
    2. Eight proponents without discrimination མེད་པར་སྨྲ་བ་རྣམས་ཀྱི་བརྒྱད།
    3. Eight proponents of neither གཉིས་མིན་དུ་སྨྲ་བ་རྣམས་ཀྱི་བརྒྱད།
    4. Seven proponents of annihilation ཆད་པར་སྨྲ་བ་རྣམས་ཀྱི་བདུན།
    5. Five proponents of liberation in this life ཚེ་འདི་ཉིད་ལ་གྲོལ་བར་སྨྲ་བ་རྣམས་ཀྱི་ལྔ།

Explaining by way of six meanings: དོན་དྲུག་གི་སྒོ་ནས་ཤེས་པར་བྱ་སྟེ།

  1. Cause (རྒྱུ།) - view of the transitory collection འཇིག་ཚོགས་ལ་ལྟ་བ་དང༌།
  2. Preliminary (སྔོན་དུ་འགྲོ་བ།) - having previously listened to dharma that is not holy and so forth
    དམ་པ་མ་ཡིན་པའི་ཆོས་ལ་སོགས་པ་ཐོས་པ་སྔོན་དུ་སོང་བའོ།
  3. Support (རྟེན།) - reliance upon teachings and philosophers བསྟན་དང་རྟོག་གེ་ལ་བརྟེན་པ་དང༌།
  4. Time (དུས།) - conceiving a beginning through observing past and present and conceiving an end through observing the future འདས་པ་དང་ད་ལྟར་བའི་དུས་ལ་དམིགས་ནས་སྔོན་གྱི་མཐར་རྟོག་པ་དང་མ་འོངས་པའི་དུས་ལ་དམིགས་ནས་ཕྱི་མའི་མཐར་རྟོག་པ།
  5. Reliance on views (ལྟ་བ་ལ་བརྟེན་པ།) - view of permanence and annihilation and view relying upon passing beyond sorrow རྟག་ཆད་ཀྱི་ལྟ་བ་དང༌། མྱ་ངན་ལས་འདས་པ་ལ་བརྟེན་པའི་ལྟ་བའོ།
  6. Birth state (སྐྱེས་པའི་གནས།) - explained as arising in dependence upon the concentrations and so forth
    བསམ་གཏན་སོགས་ལ་བརྟེན་ནས་སྐྱེ་བར་བཤད་དོ།

རྩ་བ་ཤེས་རབ་ལས་ལྟ་ངན་དྲུག་ཅུ་རྩ་གཉིས་པོ་དེ་དག་བཅུ་དྲུག་ཏུ་བསྡུས་ནས་བཤད་དེ།
[Nagarjuna's] Root Wisdom explains these 62 wrong views by subsuming them into sixteen:

These are also explained as fourteen:

These are subsumed into the four unspecified views: ལུང་མ་བསྟན་གྱི་ལྟ་བ་བཞིར་འདུ་སྟེ།

  1. Wavering (གཡོ་བ།) - due to engaging their objects through the aspect of affirmation
    དེ་རྣམས་རང་ཡུལ་ལ་སྒྲུབ་པའི་རྣམ་པས་འཇུག་པའི་ཕྱིར།
    Samkhya views: གྲངས་ཅན་གྱི་ལྟ་བ་ཡིན།
    1. View of true existence wrt the self and world as permanent བདག་དང་འཇིག་རྟེན་རྟག་པར་བདེན་པར་ལྟ་བ།
    2. View of those not having an end, i.e. arising in subsequent births
      མཐའ་དང་མི་ལྡན་པ་སྟེ་སྐྱེ་བ་ཕྱི་མ་ཕན་ཆད་དུ་འབྱུང་བར་ལྟ་བ།
    3. View of true existence wrt Tathagatas arising after death དེ་བཞིན་གཤེགས་པ་གྲོངས་ཕན་ཆད་འབྱུང་བར་བདེན་པར་ལྟ་བ།
  2. Collecting (འདུ་བ།) - due to engaging their object through the aspect of negation
    དེ་རྣམས་རང་ཡུལ་ལ་དགག་པའི་རྣམ་པས་འཇུག་པའི་ཕྱིར།
    Charvaka views: རྒྱང་འཕེན་གྱི་ལྟ་བ་ཡིན།
    1. View of those as impermanent དེ་མི་རྟག་པར་ལྟ་བ།
    2. View of those as having an end, i.e. not arising in subsequent births
      མཐའ་དང་ལྡན་པ་སྟེ་སྐྱེ་བ་ཕྱི་མ་ཕན་ཆད་མི་འབྱུང་བར་ལྟ་བ།
    3. View of true existence wrt Tathagatas not arising after death
      དེ་བཞིན་གཤེགས་པ་གྲོངས་ཕན་ཆད་དུ་མི་འབྱུང་བར་བདེན་པར་ལྟ་བ།
  3. Scattering (བཀྲམ་པ།) - due to engaging their objects through equal aspects of affirmation and negation
    དེ་རྣམས་རང་ཡུལ་ལ་དགག་སྒྲུབ་གཉིས་ཀ་ཆ་མཉམ་དུ་འཇུག་པའི་ཕྱིར།
    Nigrantha views: གཅེར་བུ་བའི་ལྟ་བ་ཡིན།
    • The three views of true existence of those being both extremes མཐའ་དེ་གཉིས་ཀ་ཡིན་པར་བདེན་པར་ལྟ་བ་གསུམ།
  4. Contracting (བཅུམ་པ།) - due to engaging their object through negating both affirmation and negation
    དེ་རྣམས་རང་ཡུལ་ལ་དགག་སྒྲུབ་གཉིས་ཀ་བཀག་པས་འཇུག་པའི་ཕྱིར།
    Vātsīputrīya views: གནས་མ་བུ་བའི་ལྟ་བ་ཡིན།
    • The three views of true existence of those being inexpressible as either of the two extremes
      མཐའ་གཉིས་གང་ཡང་བརྗོད་དུ་མེད་པར་བདེན་པར་ལྟ་བ་གསུམ།

ལུས་སྲོག་རྫས་གཅིག་ཏུ་བདེན་པར་ལྟ་བ་བྱེ་བྲག་པའི་རྒྱུད་ལ་ཡོད་ཅིང༌། རྫས་ཐ་དད་དུ་བདེན་པར་ལྟ་བ་གྲངས་ཅན་གྱི་རྒྱུད་ལ་ཡོད་དེ། བྱེ་བྲག་པས་གང་ཟག་གི་བདག་གཟུགས་བེམ་པོར་འདོད་ཅིང་གྲངས་ཅན་གྱིས་ཤེས་རིག་ཏུ་འདོད་པའི་ཕྱིར།
The view of body and life as being truly one substance exists in the continuum of Vaisheshikas; the view of those as being truly different substances exists in the continuum of Samkhyas because Vaisheshikas assert the self of persons to be material form and the Samkhyas assert it to be consciousness.

བདག་ནི་གང་ཟག་གི་བདག་དང༌། འཇིག་རྟེན་ནི་དེའི་ལོངས་སྤྱད་བྱར་གྱུར་པའི་སྣོད་ཀྱི་འཇིག་རྟེན་ཡིན་ཅིང་གྲོལ་བའི་བདག་ནི་དེ་བཞིན་གཤེགས་པས་ཀྱང་གང་ཟག་གི་བདག་གི་རྣམ་གྲངས་སུ་འདོད་དོ།
The self refers to the self of persons, the world to the container-world that is its object of utilisation; the liberated self is asserted as an enumerated self of persons due to having gone to thusness.

གཉིས་མིན་དུ་ལྟ་བའི་དོན་ནི་རང་བཞིན་རྟག་ལ་གནས་སྐབས་མི་རྟག་པར་ལྟ་བའོ།
The meaning of the view of neither is viewing as naturally permanent but occasionally impermanent.

འདི་རྣམས་ལ་ལུང་མ་བསྟན་གྱི་ལྟ་བ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ།
འདི་དག་གིས་ཇི་ལྟར་བཟུང་བའི་དོན་བཅོམ་ལྡན་འདས་ལ་ཞུས་པས་ལན་ལུང་མ་བསྟན་པའི་དོན་གྱིས་དེ་ལྟར་བཤད་པའི་ཕྱིར།
Etymology of "unspecified views": since the question of what is their meaning was asked to the Bhagavan, but he did not indicate the answer in scripture.

ལན་ལུང་མི་སྟོན་པའི་རྒྱུ་མཚན་ཡོད་དེ། གང་ཟག་གི་བདག་མེད་པར་བསྟན་པའི་སྒོ་ནས་དེའི་ལན་སྟོན་དགོས་པ་གང་ཞིག འདི་རྣམས་ཞུ་བ་པོ་དེ་དག་གང་ཟག་གི་བདག་མེད་སྟོན་པའི་སྣོད་དུ་མི་རུང་བའི་ཕྱིར།
Reason for not indicating the answer in scripture: because 1) it is necessary to indicate an answer to that by way of indicating the self of persons as non-existent and 2) those asking these were not suitable vessels for teaching the selflessness of persons.

དང་པོ་གྲུབ་སྟེ། ཞུ་བ་པོ་དེ་རྣམས་ཁྱད་གཞི་གང་ཟག་གི་བདག་ལས་བརྩམས་པའི་ཞུ་བ་ཡིན་པའི་ཕྱིར།
The first is established because those who asked the question did so starting with the self of persons as the attribute-possessor.

གཉིས་པ་གྲུབ་སྟེ། རིན་ཆེན་ཕྲེང་བར། འཇིག་རྟེན་མཐའ་དང་ལྡན་ནམ་ཞེས། །ཞུས་ན་རྒྱལ་བ་མི་གསུངས་བཞུགས། །གང་ཕྱིར་དེ་ལྟར་ཟབ་པའི་ཆོས།
།སྣོད་མིན་འགྲོ་ལ་མི་གསུངས་པ། །དེ་ཡི་ཕྱིར་ན་མཁས་རྣམས་ཀྱིས། །ཀུན་མཁྱེན་ཐམས་ཅད་མཁྱེན་པར་ཤེས། །ཞེས་གསུངས་པའི་ཕྱིར།
The second is established because [Nagarjuna's] Precious Garland says:
"Does the world have an end?"
When asked, the Conqueror remained without speaking;
Why? Such profound dharma
Is not taught to migrators who are not suitable vessels.
Due to that, the wise
Understood the omniscient exalted knower of all.


Up a level: Characteristics to be known