Emanation body

ངེས་པ་ལྔ་དང་མི་ལྡན་པས་རབ་ཏུ་ཕྱེ་བའི་མཐར་ཐུག་པའི་གཟུགས་སྐུ་དེ། སྤྲུལ་སྐུའི་མཚན་ཉིད།
Definition: A final Form Body distinguished by not possessing the five certainties.

Division:

  1. Artisan བཟོ་བོ་སྤྲུལ་སྐུ།
    e.g. the Tathagata emanating in the form of a smell-eater lute-player in order to subdue Very Joyful, the king of the smell-eaters དྲི་ཟའི་རྒྱལ་པོ་རབ་དགའ་འདུལ་བའི་ཕྱིར་དུ་དྲི་ཟའི་པི་ཝང་ལེན་པའི་གཟུགས་སུ་སྤྲུལ་པའི་དེ་བཞིན་གཤེགས་པ་ལྟ་བུ།
  2. Birth སྐྱེ་བ་སྤྲུལ་སྐུ།
    e.g. the Tathagata emanating as a type of deer རི་དྭགས་རུ་རུར་སྤྲུལ་པའི་དེ་བཞིན་གཤེགས་པ་ལྟ་བུ།
  3. Great Enlightenment བྱང་ཆུབ་ཆེན་པོའི་སྤྲུལ་སྐུ།
    e.g. the Conqueror Amitabha and the Conqueror Akshobya རྒྱལ་བ་འོད་དཔག་མེད་དང་། རྒྱལ་བ་མི་འཁྲུགས་པ་ལྟ་བུ།
  4. Supreme Emanation Body (who takes care of disciples by way of enacting the Twelve Deeds such as passing beyond sorrow) མྱ་ངན་ལས་འདས་པ་སོགས་མཛད་པ་བཅུ་གཉིས་ཀྱི་སྒོ་ནས་གདུལ་བྱ་རྗེས་སུ་འཛིན་པའི་མཆོག་གི་སྤྲུལ་སྐུ།
    e.g. the Teacher Shakyamuni སྟོན་པ་ཤཱཀྱ་ཐུབ་པ་ལྟ་བུའོ།

སྤྱིར་སངས་རྒྱས་ཀྱི་སྤྲུལ་སྐུ་དཔག་ཏུ་མེད་པ་གཅིག་ཡོད་དེ།
དེ་བཞིན་གཤེགས་པ་སེམས་ཅན་རྣམས་ཀྱི་གང་དང་གང་འདོད་པའི་དངོས་པོ་སྣ་ཚོགས་པར་སྤྲུལ་པ་རྣམས་ཀྱང་སངས་རྒྱས་ཀྱི་སྤྲུལ་སྐུ་ཡིན་པའི་ཕྱིར།
In general, the Buddhas' Emanation Bodies are inestimable because all the various emanated things desired by sentient beings are the Buddhas' Emanation Bodies.


See also: Emanation Body (4-Bodies GM)
Up a level: Individual explanations of the Four Bodies