Enjoyment Body (4-Bodies GM)
ངེས་པ་ལྔ་ལྡན་གྱི་གཟུགས་སྐུ་མཐར་ཐུག་དེ། ལོངས་སྐུའི་མཚན་ཉིད།
Definition: A final Form Body possessing the five certainties.
The five certainties: ལོངས་སྐུ་དེ་ངེས་པ་ལྔ་ལྡན་ཡིན་ཏེ།
- Definite abode: abiding only in Akanishta དེ་གནས་ངེས་པ་འོག་མིན་ཁོ་ནར་བཞུགས་པ།
- Definite retinue: surrounded only by Arya Bodhisattvas འཁོར་ངེས་པ་བྱང་སེམས་འཕགས་པ་ཁོ་ནས་བསྐོར་པ།
- Definite dharma: teaching only Mahayana dharma ཆོས་ངེས་པ་ཐེག་ཆེན་གྱི་ཆོས་ཁོ་ན་གསུང་པ།
- Definite body: ornamented by the complete marks and signs སྐུ་ངེས་པ་མཚན་དཔེ་གསལ་རྫོགས་ཀྱིས་སྤྲས་པ།
- Definite time: abiding in samsara until samsara is empty དུས་ངེས་པ་འཁོར་བ་ཇི་སྲིད་མ་སྟོང་བར་དུ་བཞུགས་པའི་ཕྱིར།
There is pervasion because the Emanation Body: ཁྱབ་སྟེ། སྤྲུལ་སྐུ་ནི་
- Goes to impure fields མ་དག་པའི་ཞིང་དུ་འབྱོན།
- Teaches dharma also to Hearers and ordinary beings ཉན་ཐོས་དང་སོ་སོ་སྐྱེ་བོ་ལ་ཡང་ཆོས་སྟོན།
- Teaches the dharma of all three vehicles དེ་ཡང་ཐེག་པ་གསུམ་གའི་ཆོས་སྟོན།
- Emanates as birds, mountain animals, boats, bridges, and so forth བྱ་རི་དྭགས་གཟིངས་ཟམ་པ་སོགས་ལ་སྤྲུལ།
- Displays passing beyond sorrow and emanates a corpse, relics and so forth
མྱ་ངན་ལས་འདས་པའི་ཚུལ་བསྟན་ནས་སྐུ་གདུང་རིང་བསྲེལ་སོགས་ཀྱིས་སྤྲུལ་པ་ཡང་སྟོན་པའི་ཕྱིར།
Division according to Acarya Dharmamitra: སློབ་དཔོན་ཆོས་ཀྱི་བཤེས་གཉེན་གྱིས་
- Great Emanation Body - appearing only to Arya Bodhisattvas abiding on the exalted wisdom the the tenth ground and above ས་བཅུའི་ཡེ་ཤེས་ལ་གནས་པའི་བྱང་འཕགས་ཡན་ཆད་ཁོ་ན་ལ་སྣང་བའི་ལོངས་སྐུ་ཆེན་པོ།
- Imputed Emanation Body - a special Emanation Body that appears to Bodhisattvas on all ten grounds and is designated as an Enjoyment Body
ས་བཅུ་གའི་བྱང་སེམས་ཡན་ཆད་ལ་སྣང་བའི་སྤྲུལ་སྐུ་ཁྱད་པར་ཅན་ཞིག་ལ་ལོངས་སྐུར་བཏགས་པའི་ལོངས་སྐུ་བཏགས་པ་བ།
འོག་མིན་དུ་བཞུགས་པའི་རྒྱལ་བ་རྡོ་རྗེ་འཆང་ལྟ་བུ་ཆོས་ཅན། ཁྱོད་ལ་ལོངས་སྐུ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ།
ཐེག་པ་ཆེན་པོའི་ཆོས་ལ་རྫོགས་པར་ལོངས་སྤྱོད་པས་ན། དེ་ལྟར་བརྗོད་པའི་ཕྱིར།
Etymology: Due to the complete utilisation / enjoyment of the Mahayana dharma.
According to Uttaratantra:
ལོངས་སྐུ་ཆོས་ཅན། སྐུ་སྟོན་པ་དང་གསུང་བརྗོད་པ་རྒྱུན་མི་འཆད་པ་ཡིན་ཏེ། དྲང་ངེས་སྣ་ཚོགས་པའི་ཆོས་ལ་རྫོགས་པར་ལོངས་སྤྱོད་པའི་རང་བཞིན་ཅན་ཡིན་པ་གང་ཞིག གསུང་ཆོས་རྒྱུན་མི་འཆད་པར་སྣང་བའི་གཟུགས་སྐུ་མཐར་ཐུག་ཡིན་པའི་ཕྱིར།
The subject - the Enjoyment Body - it displays a Body and gives teachings uninterruptedly because 1) it possesses the nature of complete utilisation of various definitive and interpretative dharmas.
དེ་ཆོས་ཅན། ཐུགས་མཛད་པ་རྒྱུན་མི་འཆད་པ་ཡིན་ཏེ།
ཐུགས་རྗེ་ཆེན་པོ་དང་རྒྱུ་མཐུན་པའི་བྱང་ཆུབ་སེམས་དཔའ་དང་རིགས་ཅན་གསུམ་གའི་འགྲོ་དོན་རྒྱུན་མི་འཆད་དུ་མཛད་པའི་གཟུགས་སྐུ་མཐར་ཐུག་ཡིན་པའི་ཕྱིར།
That subject, it engages mentally uninterruptedly because it is a final Form Body the uninterruptedly engages in the welfare of migrators, i.e. the three lineage bearers and the bodhisattvas of concordant cause with great compassion.
དེ་ཆོས་ཅན། འབད་རྩོལ་གྱི་རྣམ་རྟོག་མེད་ཅིང་། ལྷུན་གྲུབ་ཀྱི་ཡོན་ཏན་ལྡན་ཏེ། བཤད་མ་ཐག་པའི་ཡོན་ཏན་གསུམ་པོ་དེ་ལ་འབད་རྩོལ་གྱི་རྣམ་རྟོག་མེད་ཅིང་།
ལྷུན་གྲུབ་ཀྱི་སར་གདུལ་བྱའི་འདོད་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་སྐོང་བར་མཛད་པའི་ཕྱིར།
That subject, it is free from effortful conceptualisations and possesses spontaneous qualities because it is free from effortful conceptualisations wrt the three qualities just explained and spontaneously acts to fulfil the wishes of disciples.
དེ་ཆོས་ཅན། ནུས་མཐུའི་ཁྱད་པར་དང་ལྡན་པའི་སྒོ་ནས་བདེན་གྲུབ་ཏུ་སྣང་ཡང་། བདེན་པར་མེད་པ་ཡིན་ཏེ། ཡིད་བཞིན་གྱི་ནོར་བུ་ལྟ་བུའི་ངོ་བོ་ནུས་པ་སྣ་ཚོགས་སུ་
སྣང་ཡང་སྣང་བ་ལྟར་དུ་མ་གྲུབ་པ་བཞིན་དུ་རྫུ་འཕྲུལ་གྱིས་ཐེག་ཆེན་གྱི་ཆོས་ལ་རྫོགས་པར་ལོངས་སྤྱོད་པའི་རྣམ་པར་གནས་ནས་སྣ་ཚོགས་སུ་སྣང་ཡང་སྣང་བ་ལྟར་
མ་གྲུབ་པའི་གཟུགས་སྐུ་མཐར་ཐུག་ཡིན་པའི་ཕྱིར།
That subject, it is not truly existent despite appearing as truly established by way of possessing the distinguishing features of ability because despite appearing as the nature of various abilities like a wish-fulfilling jewel, it abides in complete utilisation of the Mahayana dharma through magical emanations while not existing as it appears and it is a final Form Body that is not established as it appears, despite appearing varied.
That subject, it possesses five distinguishing characteristics: དེ་ཆོས་ཅན། ཁྱད་པར་ལྔ་དང་ལྡན་ཏེ།
- Uninterruptedly engaging in teaching གསུང་བརྗོད་པ་དང་།
- Uninterruptedly displaying a Body སྐུ་སྟོན་པ་དང་།
- Uninterrupted mental activities ཐུགས་མཛད་པ་རྒྱུན་མི་འཆད་པ་དང་།
- Being devoid of effortful application wrt those three དེ་གསུམ་ལ་འབད་རྩོལ་གྱི་མངོན་པར་འདུ་བྱེད་པ་མེད་པ་དང་།
- Not existing in accordance with its appearance as varied སྣ་ཚོགས་སུ་སྣང་ཡང་སྣང་བ་ལྟར་མེད་པ་དང་ལྡན་པའི་ཕྱིར།
སྐབས་འདིར་ནི་སྣ་ཚོགས་པ་སྟེ་རྣམ་པ་ལྔར་བརྗོད་པ་ཡིན་ཏེ། དཔེར་ན། ནོར་བུ་ཁ་དོག་སྣ་ཚོགས་སུ་མ་གྲུབ་ཀྱང་།
ཚོན་སྣ་ཚོགས་ཀྱིས་ཁ་དོག་སྣ་ཚོགས་སུ་བསྒྱུར་བའི་ནོར་བུ་དེ་རང་གི་ཁ་དོག་དངོས་མ་ཡིན་པར་སྣང་བ་ལྟར་ཡིན་པའི་ཕྱིར།
In this context, "varied" is expressing five aspects: for example, although a jewel is not of varied colours, a jewel transformed into various colours by various pigments will appear as such despite that not being its actual colour.
དེ་མཚུངས་ལྡན་མ་ཡིན་པའི་འདུ་བྱེད་ཀྱི་ཕུང་པོ་ཡིན་ཏེ། ལྡན་མིན་འདུ་བྱེད་ཡིན་པའི་ཕྱིར་ཏེ། ལོངས་སྐུ་དང་གཅིག་ཡིན་པའི་ཕྱིར།
It is an aggregate of compounded phenomena that are not concomitant because it is a non-concomitant compounded phenomena; because it is one with the Enjoyment Body.
According to Ornament for Mahayana Sutras:
The Enjoyment Body possesses six distinguishing features: ལོངས་སྐུ་ཆོས་ཅན། ཁྱད་པར་དེ་དྲུག་དང་ལྡན་ཏེ།
- Gathering the retinue, such as Samantabhadra and so forth ཀུན་ཏུ་བཟང་པོ་ལ་སོགས་པའི་འཁོར་སྡུད་པའི་ཁྱད་པར།
- Field of Lapis Lazuli and so forth བཻཌཱུརྱ་ལ་སོགས་པའི་ཞིང་གི་ཁྱད་པར།
- Signs of inestimable light and so forth འོད་དཔག་ཏུ་མེད་པ་ལ་སོགས་པའི་མཚན་གྱི་ཁྱད་པར།
- Bodies that is great and small and so forth ཆེ་ཆུང་ལ་སོགས་པའི་སྐུའི་ཁྱད་པར།
- Complete utilisation of dharma, such as Akshayamati and so forth
བློ་གྲོས་མི་ཟད་པ་ལ་སོགས་པའི་ཆོས་རྫོགས་པར་ལོངས་སྤྱོད་པའི་ཁྱད་པར། - Different enlightened activities མཛད་པ་ཕྲིན་ལས་དག་གི་ཐ་དད་པའི་ཁྱད་པར་དང་ལྡན་པའི་ཕྱིར།
སངས་རྒྱས་ཀྱི་ས་ན་བེམ་པོས་བསྡུས་པའི་རྡུལ་ཕྲ་རགས་བསགས་པའི་ལུས་ནི་ཅུང་ཟད་ཀྱང་མེད་དེ།
སངས་རྒྱས་ཀྱི་ཡེ་ཤེས་ཉིད་གདགས་པའི་གཞིར་བྱས་ནས་གཟུགས་སྐུ་གཉིས་བཞག་པ་ཡིན་པའི་ཕྱིར།
A body that is an accumulation of coarse and subtle atoms included in matter do not exist on the Buddha-ground whatsoever because the two Form Bodies are posited through taking the exalted wisdom of the Buddha as a basis of imputation.
དེས་ན་སྐབས་འདིར་གཟུགས་ཀྱི་སྐྱེ་མཆེད་ཡིན་ན་བེམ་པོ་ཡིན་མི་དགོས་སྙམ་མོ།
Therefore, I think that in this context, if it is a form-source, it is not necessarily matter.
See also: Complete enjoyment body
Up a level: Resultant Dharmakaya (4-Bodies GM)