Enlightened Activities (4-Bodies GM)

རང་ཐོབ་བྱེད་ཀྱི་ཐབས་སུ་གྱུར་པའི་རྟོགས་པ་ཡེ་ཤེས་ཆོས་སྐུ་ལ་བརྟེན་ནས་ཐོབ་པའི་རྣམ་དཀར་གྱི་ཡོན་ཏན་དེ།
སངས་རྒྱས་ཀྱི་འཕྲིན་ལས་སམ། ཡེ་ཤེས་ཆོས་སྐུའི་འཕྲིན་ལས་ཀྱི་མཚན་ཉིད།
Definition of the enlightened activities of the Buddha or of the Exalted Wisdom Dharmakaya:
A completely white quality attained in dependence upon the Exalted Wisdom Dharmakaya, i.e. the realisation that is its method of attainment.

འཕགས་པ་ལྟར་ན་རང་འཐོབ་བྱེད་ཀྱི་ཐབས་སུ་གྱུར་པའི་སྤྲུལ་སྐུས་བདག་རྐྱེན་བྱས་པ་ལ་བརྟེན་ནས་ཐོབ་པའི་རྣམ་དཀར་གྱི་ཡོན་ཏན་དེ། དེའི་མཚན་ཉིད།
Definition (Vimuktasena): A compeltely white quality attained in dependence upon the Emanation Body that is its method of attainment and acts as its empowering condition.

དབྱེ་ན། ལམ་གྱི་རྟེན་མངོན་མཐོ་ལ་འགོད་པ་ནས། ལམ་གྱི་འབྲས་བུ་ངེས་ལེགས་ལ་འགོད་པའི་བར་ཉེར་བདུན་ཡོད།
Divisions: Twenty-seven from setting in Higher States (the support of the path) and up to setting in Definite Goodness (the result of the path). See: Enlightened Activities and see below.

Other divisions: ཡང་དེ་ལ་དབྱེ་ན།

ལམ་མ་ཞུགས་ནས་སངས་རྒྱས་ཀྱི་སའི་བར་ན་ཡོད།
Boundaries: exists from before entering a path and up to the Buddha-ground.


According to Uttaratantra (spontaneous and uninterrupted activities):

ཐུབ་པའི་འཕྲིན་ལས་དུས་རྟག་ཏུ་ལྷུན་གྱིས་གྲུབ་པར་འཇུག་སྟེ། སེམས་ཅན་གང་གི་རྒྱུད་ལ་ཐབས་གང་གིས་གདུལ་བྱ་འདུལ་བའི་བྱ་བ་གང་གི་ཚེ།
འདུལ་དགོས་པའི་འཕྲིན་ལས་སྒྲུབ་པ་ལ་འབད་རྩོལ་གྱི་རྣམ་རྟོག་སྐྱེས་པ་མེད་པའི་འཕྲིན་ལས་ངང་གིས་འཇུག་པའི་ཕྱིར།
The Muni's enlightened activities are always being engaged in spontaneously because of naturally engaging in enlightened activities that do not arise through effortful conceptualisations wrt accomplishing the enlightened activities necessary to tame any sentient being, through any means, at any time.

འཕྲིན་ལས་རྒྱུན་མི་འཆད་དུ་འཇུག་པའི་གནས་དྲུག་པོ་ནི། འདི་དག་རྣམས་གོ་རིམས་བཞིན་དུ། རྒྱ་མཚོ་དང་། ཉི་མ་དང་། ནམ་མཁའ་དང་། གཏེར་དང་། སྤྲིན་དང་།
རླུང་བཞིན་དུ་ཤེས་པར་བྱའོ།
The six sources of uninterrupted engagement in enlightened activities should be known as being like the ocean, the sun, the sky, a treasure, a cloud, and the wind.

For more see: Mode of engaging in the activities (Uttaratantra)
Also: Mode of engaging in the activities (Ornament for Mahayana Sutras)


Extensive division (Vimuktasena):

  1. Setting in the path ལམ་ལ་འགོད་པའི་འཕྲིན་ལས།
    1. Setting in the path of accumulation ཚོགས་ལམ་ལ་འགོད་པ།
      1. Setting in the excellent attitude བསམ་པ་ཕུན་ཚོགས་ལ་འགོད་པ།
      2. Setting in the application of ripening others' continua གཞན་རྒྱུད་སྨིན་བྱེད་ཀྱི་སྦྱོར་བ་ལ་འགོད་པ།
      3. Setting in the view realising the four truths བདེན་བཞི་རྟོགས་པའི་ལྟ་བ་ལ་འགོད་པ།
    2. Setting in the path of preparation སྦྱོར་ལམ་ལ་འགོད་པ།
      1. Setting in the excellent attitude བསམ་པ་ཕུན་ཚོགས་ལ་འགོད་པ།
      2. Setting in the application of ripening one's own continuum རང་རྒྱུད་སྨིན་བྱེད་ཀྱི་སྦྱོར་བ་ལ་འགོད་པ།
        1. Actual དངོས།
        2. Setting in the conduct of the two welfares གཉིས་དོན་གྱི་སྤྱོད་པ་ལ་འགོད་པ།
      3. Setting in the pure view ལྟ་བ་རྣམ་དག་ལ་འགོད་པ།
    3. Setting in the path of seeing མཐོང་ལམ་ལ་འགོད་པ།
    4. Setting in the path of meditation སྒོམ་ལམ་ལ་འགོད་པ།
      1. Setting in the two: Stainless and so forth དྲི་མ་མེད་པ་ལ་སོགས་པ་གཉིས་ལ་འགོད་པ།
      2. Setting in the three: the fourth ground and so forth ས་བཞི་པ་སོགས་གསུམ་ལ་འགོད་པ།
      3. Setting in the seventh ground ས་བདུན་པ་ལ་འགོད་པ།
      4. Setting in the eighth ground ས་བརྒྱད་པ་ལ་འགོད་པ།
        1. Setting in the Knower of Paths knowing the three paths ལམ་གསུམ་གྱི་ཤེས་པའི་ལམ་ཤེས་ལ་འགོད་པ།
        2. Setting in the pacification of true-grasping བདེན་འཛིན་ཞི་བ་ལ་འགོད་པ།
        3. Setting in the attainment of the designated Buddha-Jewel
          སངས་རྒྱས་དཀོན་མཆོག་བཏགས་པ་བ་ཐོབ་པ་ལ་འགོད་པ།
        4. Setting in the application of the Buddha's pure-field སངས་རྒྱས་ཀྱི་ཞིང་དག་པའི་སྦྱོར་བ་ལ་འགོད་པ།
      5. Setting in the ninth ground ས་དགུ་པ་ལ་འགོད་པ།
        1. Setting in one's own definite enlightenment རང་སངས་རྒྱ་བར་ངེས་པ་ལ་འགོད་པ།
        2. Setting in ripening others གཞན་སྨིན་པར་བྱེད་པ་ལ་འགོད་པ།
      6. Setting in the tenth ground ས་བཅུ་པ་ལ་འགོད་པ།
        1. Setting in the mode of relying upon the spiritual guide included within the tenth ground
          ས་བཅུ་པས་བསྡུས་པའི་བཤེས་གཉེན་བསྟེན་ཚུལ་ལ་འགོད་པ།
        2. Setting in further increase of realisations རྟོགས་པ་གོང་དུ་འཕེལ་བ་ལ་འགོད་པ།
          1. Setting in attaining the branches of enlightenment བྱང་ཆུབ་ཡན་ལག་ཐོབ་པ་ལ་འགོད་པ།
          2. Setting in the non-disappearance of actions and results ལས་འབྲས་ཆུད་མི་ཟ་བ་ལ་འགོད་པ།
          3. Setting in the realisation of the four truths བདེན་བཞི་རྟོགས་པ་ལ་འགོད་པ།
          4. Setting in the exhaustion of the four errors ཕྱིན་ཅི་ལོག་བཞི་ཟད་པ་ལ།
          5. Setting in the baseless གཞི་མེད་པ་ལ་འགོད་པ།
          6. Setting in the completion of the completely pure རྣམ་བྱང་རྫོགས་པ་ལ་འགོད་པ།
          7. Setting in the completion of the collections ཚོགས་རྫོགས་པ་ལ་འགོད་པ།
          8. Setting in the realisation of the equality of existence and peace
            སྲིད་ཞི་མཉམ་ཉིད་དུ་རྟོགས་པ་ལ་འགོད་པ།
  2. Setting in the result of the path ལམ་གྱི་འབྲས་བུ་ལ་འགོད་པའི་འཕྲིན་ལས།

Extensive divisions (Haribhadra): (explanations below)

  1. Setting in the path ལམ་ལ་འགོད་པ།
    1. Setting in the path of accumulation ཚོགས་ལམ་ལ།
      1. Setting in striving for liberation, the attitude of the middling being
        སྐྱེས་བུ་འབྲིང་གི་བསམ་པ་ཐར་པ་དོན་གཉེར་ལ་འགོད་པ།
      2. Setting in the four means of gathering disciples བསྡུ་བཞི་ལ་འགོད་པ།
      3. Setting in knowing the four truths བདེན་བཞི་ཤེས་པ་ལ་འགོད་པ།
      4. Setting in the attitude of others' welfare གཞན་དོན་གྱི་བསམ་པ་ལ་འགོད་པ།
      5. Setting in the activities སྤྱོད་པ་ལ་འགོད་པ།
      6. Setting in the bases for accomplishing the two welfares དོན་གཉིས་སྒྲུབ་པའི་གཞི་ལ་འགོད་པ།
    2. Setting in the path of preparation སྦྱོར་ལམ་ལ།
    3. Setting in the path of seeing མཐོང་ལམ་ལ།
    4. Setting in the path of meditation སྒོམ་ལམ་ལ་འགོད་པ།
      1. Setting in the second to the fifth grounds ས་གཉིས་པ་ནས་ལྔ་པའི་བར་ལ།
      2. Setting in the sixth ground ས་དྲུག་པ་ལ་འགོད་པ།
      3. Setting in the seventh ground ས་བདུན་པ་ལ་འགོད་པ།
      4. Setting in the eighth ground ས་བརྒྱད་པ་ལ་འགོད་པ།
        1. Setting in special conduct སྤྱོད་པ་ཁྱད་པར་ཅན་ལ་འགོད་པ།
        2. Setting in pacification of manifest true-grasping བདེན་འཛིན་མངོན་གྱུར་བ་ཞི་བ་ལ་འགོད་པ།
      5. Setting in the ninth ground ས་དགུ་པ་ལ་འགོད་པ།
      6. Setting in the tenth ground ས་བཅུ་པ་ལ་འགོད་པ།
        1. Setting in the initial attainment of the tenth ground ས་བཅུ་པ་ཐོབ་མ་ཐག་པ་ལ་འགོད་པ།
        2. Setting in obstructed by one birth སྐྱེ་བ་གཅིག་གིས་ཐོགས་པ་ལ་འགོད་པ།
          1. Setting in definite enlightenment in the next birth སྐྱེ་བ་ཕྱི་མར་འཚང་རྒྱ་བར་ངེས་པ་ལ་འགོད་པ།
          2. Setting in spontaneous others' welfare གཞན་དོན་ལྷུན་གྲུབ་ལ་འགོད་པ།
          3. Setting in completing the remaining Buddha-qualities
            སངས་རྒྱས་ཀྱི་ཆོས་ལྷག་མ་རྫོགས་པ་ལ་འགོད་པ།
        3. Setting in the final existence སྲིད་པ་ཐ་མ་པ་ལ་འགོད་པ།
          1. Attribute of ability ནུས་པའི་ཁྱད་པར།
            1. Setting in leading to enlightenment བྱང་ཆུབ་འདྲེན་པར་བྱེད་པ་ལ་འགོད་པ།
            2. Setting in non-disappearance of actions ལས་ཆུད་མི་ཟ་བ་ལ་འགོད་པ།
          2. Attribute of realisation རྟོགས་པའི་ཁྱད་པར།
            1. Setting in the realisation of varieties ཇི་སྙེད་པ་རྟོགས་པ་ལ་འགོད་པ།
            2. Setting in the realisation of modes ཇི་ལྟ་བ་རྟོགས་པ་ལ་འགོད་པ།
          3. Attribute of abandonment སྤངས་པའི་ཁྱད་པར།
            1. Setting in the exhaustion of the four errors ཕྱིན་ཅི་ལོག་བཞི་ཟད་པ་ལ་འགོད་པ།
            2. Setting in the exhaustion of their bases དེའི་གཞི་ཟད་པ་ལ་འགོད་པ།
          4. Attribute of setting in the collection of pure causes དག་པའི་རྒྱུ་ཚོགས་ལ་འགོད་པའི་ཁྱད་པར།
            1. Setting in the collection of causes of the Dharmakaya of natural purity
              རང་བཞིན་རྣམ་དག་གི་ཆོས་སྐུའི་རྒྱུ་ཚོགས་ལ་འགོད་པ།
            2. Setting in the collection of causes of adventitious purity
              བློ་བུར་རྣམ་དག་གི་རྒྱུ་ཚོགས་ལ་འགོད་པ།
  2. Setting in the result of the path ལམ་གྱི་འབྲས་བུ་ལ་འགོད་པ།

Path of accumulation
(1) In what way are disciples set in the support of the path? གདུལ་བྱ་ལམ་གྱི་རྟེན་ལ་འགོད་ཚུལ་གང་ཞེ་ན། ཚུལ་ཡོད་དེ།

Moreover: དེ་ཡང་

དེ་ལྟ་བུའི་ལྷ་མི་དེ་ཡང་རྟེན་མཚན་ཉིད་ཚང་བ་ཞིག་དགོས་ཏེ། མི་དགེ་བཅུ་སྤོང་གི་རྟེན་བཟང་པོ་གཅིག་རྙེད་དུ་ཆུག་ཅིང་། ཐར་པ་དང་ཐམས་ཅད་མཁྱེན་པ་སྒྲུབ་པའི་
རྟེན་མཚན་ཉིད་ཚང་བ་ཞིག་མ་རྙེད་ན། ཐར་ལམ་བགྲོད་པའི་ས་ཆོད་ཚེ་འདིར་མི་འོང་བས་རྟེན་མཚན་ཉིད་ཚང་བ་ཞིག་དགོས་པའི་ཕྱིར།
Moreover, such humans and gods require a fully-qualified support because starting with finding an excellent support for abandoning the ten non-virtues, if they do not find a fully-qualified support for accomplishing liberation and omniscience, then an opportunity to be set in the path to liberation will not come in this life.

རྟེན་མཚན་ཉིད་ཚང་བ་དེ་སེམས་ཅན་ལ་འཚེ་བ་སྤངས་པ་ལ་སོགས་པའི་རྣམ་སྨིན་གྱི་རྒྱུ་བརྒྱད་ལས་བྱུང་བའི་ཚེ་ཕུང་པོ་ཚང་བ་ལ་སོགས་པའི་རྣམ་སྨིན་གྱི་
ཡོན་ཏན་བརྒྱད་དང་ལྡན་པ་གཅིག་དགོས་ཏེ། དེ་བརྒྱད་དང་ལྡན་ན་རང་གཞན་གྱི་དོན་རྒྱ་ཆེན་པོ་བདེ་བླག་ཏུ་འགྲུབ་པའི་ཕྱིར།
This fully-qualified support must possess the eight fully-ripened qualities (complete body and so forth) when arising from the eight fruitional-causes (abandoning harm to sentient beings and so forth) because if it possess those eight, the vast welfare of self and others will be easily accomplished.

ཡེ་ཤེས་ཆོས་སྐུ་ཆོས་ཅན། རང་གི་གདུལ་བྱ་བསྡུ་བཞི་ལ་འགོད་དེ།
སེམས་ཅན་འཁོར་དུ་མ་བསྡུས་པ་སྡུད་པར་བྱེད་པ་ལ་སོགས་པའི་བསྡུ་བའི་དངོས་པོ་བཞི་ལ་འགོད་པའི་འཕྲིན་ལས་དེ་དེ་ཡིན་པའི་ཕྱིར།
(2) The subject - the exalted wisdom dharmakaya - it sets its disciples in the four means of gather disciples because that is the enlightened activity of setting in the four means of gathering, i.e. gathering sentient beings who are not gathered in ones retinue and so forth.

དེ་ཆོས་ཅན། རང་གི་གདུལ་བྱ་བདེན་བཞི་ཤེས་པར་འགོད་པར་མཛད་དེ། རང་གི་གདུལ་བྱ་ཐོས་བྱུང་གི་ཤེས་པ་ལ་སོགས་པ་ཀུན་ནས་ཉོན་མོངས་
རྒྱུ་འབྲས་སྡུག་ཀུན་གཉིས་དོར་བྱ་དང་། རྣམ་པར་བྱང་བ་རྒྱུ་འབྲས་འགོག་ལམ་གཉིས་བླང་བྱར་རྟོགས་པ་ལ་འགོད་པའི་འཕྲིན་ལས་མཛད་པའི་ཕྱིར།
(3) That subject, it sets its disciples in knowledge of the four truths because it is the enlightened activity of setting one's disciples in realising the thoroughly afflicted cause and effect (suffering and origins) as objects to be discarded and the completely pure cause and effect (cessation and paths) as objects to be adopted, i.e. the knowledge arising through hearing and so forth.

དེ་ཆོས་ཅན། རང་གི་གདུལ་བྱ་གཞན་དོན་གྱི་བསམ་པ་ལ་འགོད་པའི་ཕྲིན་ལས་མཛད་དེ།
རང་གི་གདུལ་བྱ་སྒྱུ་མ་མཁན་བཞིན་དུ་སེམས་ཅན་ལ་ཆགས་སྡང་ཉེ་རིང་མེད་པའི་སྒོ་ནས། བྱམས་སོགས་ཚད་མེད་བཞི་ལ་འགོད་པའི་འཕྲིན་ལས་མཛད་པའི་ཕྱིར།
(4) That subject, it sets its disciples in the attitude of others' welfare because it is the enlightened activity of setting one's disciples in the four immeasurables (love and so forth) by way of being without attachment and aversion for near and far sentient beings, just like a magician.

དེ་ཆོས་ཅན། རང་གི་གདུལ་བྱ་སྤྱོད་པ་ཁྱད་པར་ཅན་ལ་འགོད་པའི་འཕྲིན་ལས་མཛད་དེ།
འཁོར་གསུམ་བདག་མེད་དུ་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་སྒོ་ནས། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་འགོད་པའི་འཕྲིན་ལས་མཛད་པའི་ཕྱིར།
(5) That subject, it sets its disciples in special activities because it is the enlightened activity of setting in the six perfections by way of being conjoined with the wisdom realising the selflessness of the three spheres.

དེ་ཆོས་ཅན། རང་གི་གདུལ་བྱ་དོན་གཉིས་སྒྲུབ་པའི་གཞི་ལ་འགོད་པའི་འཕྲིན་ལས་མཛད་དེ།
རང་གཞན་གྱི་དོན་གཉིས་གང་སྒྲུབ་ཀྱང་ངེས་པར་དགོས་པའི་སངས་རྒྱས་ཀྱི་ལམ་སྟེ། དགེ་བ་བཅུའི་ལམ་ལ་འགོད་པའི་འཕྲིན་ལས་མཛད་པའི་ཕྱིར།
(6) That subject, it sets its disciples in the basis of accomplishing the two welfares because it is the enlightened activity of setting in the path of the ten virtues, the Buddhist path definitely required to accomplish either of the two welfares of self and other.

Path of peparation
དེ་ཆོས་ཅན། རང་གི་གདུལ་བྱ་སྦྱོར་ལམ་ལ་འགོད་པའི་འཕྲིན་ལས་མཛད་དེ།
རང་གི་གདུལ་བྱ་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་འཇིག་རྟེན་པའི་ཤེས་རབ་ཀྱིས་སྒོམ་བཞིན་པ་ལ་འགོད་པའི་འཕྲིན་ལས་མཛད་པའི་ཕྱིར།
(7) That subject, it sets its disciples in the path of preparation because it is the enlightened activity of setting one's disciples in meditating on all phenomena's emptiness of inherent existence by means of mundane wisdom.

Path of seeing
དེ་ཆོས་ཅན། རང་གི་གདུལ་བྱ་སྦྱོར་ལམ་ལ་བཀོད་པའི་རྗེས་ལ་མཐོང་ལམ་ལ་འགོད་པའི་འཕྲིན་ལས་མཛད་དེ།
གཉིས་སྣང་གི་སྤྲོས་པ་ཟད་པའི་སྒོ་ནས། སྟོང་ཉིད་མངོན་སུམ་དུ་གསར་དུ་རྟོགས་པ་ལ་འགོད་པའི་འཕྲིན་ལས་མཛད་པའི་ཕྱིར།
(8) That subject, it sets its disciples in the path of seeing after having set them in the path of preparation because it is the enlightened activity of setting in the new direct realisation of emptiness by way of eliminating elaborations of dualistic appearances.

Path of meditation
དེ་ཆོས་ཅན། རང་གི་གདུལ་བྱ་ས་གཉིས་པ་ནས་ལྔ་པའི་བར་ལ་འགོད་པའི་འཕྲིན་ལས་མཛད་དེ།
ཆོས་རྣམས་མིང་བརྡས་བཞག་ཅིང་། དོན་དམ་པར་མེད་པར་རྟོགས་པའི་ས་གཉིས་པ་ནས་ལྔ་པའི་བར་ལ་འགོད་པའི་འཕྲིན་ལས་མཛད་པའི་ཕྱིར།
(9) That subject, it sets its disciples in the second to the fifth grounds because it is the enlightened activity of setting in the second to the fifth grounds of verbal presentation of dharmas and realising those as not ultimately existent.

དེ་ཆོས་ཅན། རང་གི་གདུལ་བྱ་ས་དྲུག་པ་ལ་འགོད་པའི་འཕྲིན་ལས་མཛད་དེ།
ཤེས་རབ་ཀྱི་ཉམས་ལེན་ཆེས་ལྷག་པའི་སྒོ་ནས་ཆོས་ཐམས་ཅད་དོན་དམ་པར་མི་དམིགས་པར་རྟོགས་པ་ལ་འགོད་པའི་འཕྲིན་ལས་མཛད་པའི་ཕྱིར།
(10) That subject, it sets its disciples in the sixth ground because it is the enlightened activity of setting in the realisation of ultimate non-observation of all phenomena by way of the surpassing practice of wisdom.

དེ་ཆོས་ཅན། རང་གི་གདུལ་བྱ་ས་བདུན་པ་ལ་འགོད་པའི་འཕྲིན་ལས་མཛད་དེ།
ཐབས་ཀྱི་ཕར་ཕྱིན་ཉམས་ལེན་ཆེས་ལྷག་པའི་སྒོ་ནས། ལུས་ཅན་རྣམས་ཡོངས་སུ་སྨིན་པ་ལ་འགོད་པའི་འཕྲིན་ལས་མཛད་པའི་ཕྱིར།
(11) That subject, it sets its disciples in the seventh ground because it is the enlightened activity of setting in the complete maturation of embodied beings by way of surpassing practice of the perfection of method.

དེ་ཆོས་ཅན། རང་གི་གདུལ་བྱ་ས་བརྒྱད་པ་ལ་འགོད་པའི་འཕྲིན་ལས་མཛད་དེ།
སྟོབས་ཀྱི་ཕར་ཕྱིན་ཉམས་ལེན་ཆེས་ལྷག་པའི་སྒོ་ནས་ཉན་ཐོས་ལ་སོགས་པ་དང་ཐུན་མོང་མ་ཡིན་པའི་ལམ་ཕར་ཕྱིན་དྲུག་ལ་འགོད་པའི་འཕྲིན་ལས་མཛད་པའི་ཕྱིར།
(12) That subject, it sets its disciples in the eighth ground because it is the enlightened activity of setting in the six perfections (the path not common to hearers and so forth) by way of the surpassing practice of the perfection of power.

དེ་ཆོས་ཅན། རང་གི་གདུལ་བྱ་ས་བརྒྱད་པ་ལ་འགོད་པའི་འཕྲིན་ལས་མཛད་དེ།
བདེན་འཛིན་མངོན་གྱུར་པ་ཟད་པར་བཅོམ་པའི་ས་བརྒྱད་པའི་ཡེ་ཤེས་ལ་འགོད་པའི་འཕྲིན་ལས་མཛད་པའི་ཕྱིར།
(13) That subject, it sets its disciples in the eighth ground because it is the enlightened activity of setting in the exalted wisdom of the eighth ground, which completely destroys manifest true-grasping.

དེ་ཆོས་ཅན། རང་གི་གདུལ་བྱ་ས་དགུ་པ་ལ་འགོད་པའི་འཕྲིན་ལས་མཛད་དེ། ས་དགུ་པས་བསྡུས་པའི་བྱང་ཆུབ་ཐོབ་པ་ལ་འགོད་པའི་འཕྲིན་ལས་མཛད་པའི་ཕྱིར།
(14) That subject, it sets its disciples in the ninth ground because it is the enlightened activity of setting in the attainment of the enlightenment included in the ninth ground.

དེ་ཆོས་ཅན། རང་གི་གདུལ་བྱ་ས་བཅུ་པ་ཐོབ་མ་ཐག་པ་ལ་འགོད་པའི་འཕྲིན་ལས་མཛད་དེ། རང་གི་གདུལ་བྱ་བྱང་སེམས་ས་བཅུ་པ་ཐོབ་མ་ཐག་ཏུ་འོད་ཟེར་ཆེན་པོའི་
དབང་བསྐུར་ནས་སྣོད་བཅུད་ཀྱི་ཞིང་རྣམ་པར་དག་པ་ཐོབ་པ་ལ་འགོད་པའི་འཕྲིན་ལས་མཛད་པའི་ཕྱིར།
(15) That subject, it sets its disciples in the immediate attainment of the tenth ground because it is the enlightened activity of setting one's disciples in attainment of the completely pure fields of contained and container through bestowing the empowerment of great light upon the Bodhisattva's immediate attainment of the tenth ground.

Mode of bestowing the empowerment of great light upon the immediate attainment of the tenth ground

དེ་ཆོས་ཅན། རང་གི་གདུལ་བྱ་སྐྱེ་བ་ཕྱི་མ་ལ་འཚང་རྒྱ་བར་ངེས་པ་ལ་འགོད་པའི་འཕྲིན་ལས་མཛད་དེ།
སྐྱེ་བ་གཉིས་པ་ཁོ་ནར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སོ་སོར་ངེས་པ་ལ་འགོད་པའི་འཕྲིན་ལས་མཛད་པའི་ཕྱིར།
(16) That subject, it sets its disciples in definite enlightenment in the next birth because it is the enlightened activity of setting in the certainty of perfect complete enlightenment just upon the second birth.

དེ་ཆོས་ཅན། རང་གི་གདུལ་བྱ་ས་བཅུས་བསྡུས་པའི་གཞན་དོན་ལྷུན་གྲུབ་ལ་འགོད་པའི་འཕྲིན་ལས་མཛད་དེ།
རྗེས་ཐོབ་ཀྱི་གནས་སྐབས་སུ་སེམས་ཅན་ཚད་མེད་པའི་དོན་བྱེད་ཚུལ་སངས་རྒྱས་དང་མཉམ་པ་ལ་འགོད་པའི་འཕྲིན་ལས་མཛད་པའི་ཕྱིར།
(17) That subject, it sets its disciples in the spontaneous others' welfare included in the tenth ground because it is the enlightened activity of setting in a mode of enacting the welfare of limitless sentient beings during subsequent attainment that is equal to the Buddhas.

དེ་ཆོས་ཅན། རང་གི་གདུལ་བྱ་སངས་རྒྱས་ཀྱི་ཆོས་ལྷག་མ་རྫོགས་པ་ལ་འགོད་པའི་འཕྲིན་ལས་མཛད་དེ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སངས་རྒྱས་ཀྱི་དྲུང་དུ་
ཉེ་བར་འགོད་པ་དང་། སེམས་ཅན་སྨིན་པ་དང་། མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་ལ་འགོད་པའི་འཕྲིན་ལས་མཛད་པའི་ཕྱིར།
(18) That subject, it sets its disciples in the completion of the remaining Buddha qualities because it is the enlightened activity of being close to the Buddhas of all world-systems, ripening sentient beings, and setting in the qualities of the clairvoyances and so forth.

དེ་ཆོས་ཅན། རང་གི་གདུལ་བྱ་སྲིད་པ་ཐ་མ་པ་ལ་འགོད་པའི་འཕྲིན་ལས་མཛད་དེ།
རང་གི་གདུལ་བྱའི་རྒྱུད་ཀྱི་བྱང་ཆུབ་ཡན་ལག་དེ་རང་གི་འབྲས་བུ་བྱང་ཆེན་མཐར་ཐུག་དེ་ཉིད་ཚེ་འདི་ཉིད་ལ་དངོས་སུ་འདྲེན་པར་བྱེད་པའི་འཕྲིན་ལས་ལ་འགོད་པའི་ཕྱིར།
(19) That subject, it sets its disciples in the final existence because it is the enlightened activity of directly inducing in this very life the final result of great enlightenment, which is the result of the branches of enlightenment in the continua of one's disciples.

དེ་ཆོས་ཅན། རང་གི་གདུལ་བྱ་སྲིད་པ་ཐ་མ་པ་ལ་འགོད་པའི་འཕྲིན་ལས་མཛད་དེ།
མངོན་མཐོ་དང་ངེས་ལེགས་ཀྱི་ལས་དང་འབྲས་བུ་དང་འབྲེལ་བ་ཆུད་མི་ཟ་བ་ལ་འགོད་པའི་འཕྲིན་ལས་མཛད་པའི་ཕྱིར།
(20) That subject, it sets its disciples in the final existence because it is the enlightened activity of setting in the non-disappearance of the actions, results, and their connection wrt higher states and definite goodness.

དེ་ཆོས་ཅན། རང་གི་གདུལ་བྱ་ཇི་སྙེད་པ་ལ་འགོད་པའི་འཕྲིན་ལས་མཛད་དེ།
བདེན་པ་བཞིའི་གནས་ཚུལ་ཇི་ལྟ་བ་བཞིན་དུ་མངོན་སུམ་དུ་རྟོགས་པ་ལ་འགོད་པའི་འཕྲིན་ལས་མཛད་པའི་ཕྱིར།
(21) That subject, it sets its disciples in the varieties because it is the enlightened activity of setting in the direct realisation of the mode of abiding of the four truths exactly as they are.

དེ་ཆོས་ཅན། རང་གི་གདུལ་བྱ་ཇི་ལྟ་བ་རྟོགས་པའི་འཕྲིན་ལས་ལ་འགོད་པར་མཛད་དེ།
ཇི་ལྟ་བ་འཁོར་འདས་བདེན་སྟོང་མཉམ་པ་ཉིད་དུ་རྟོགས་པའི་འཕྲིན་ལས་མཛད་པའི་ཕྱིར།
(22) That subject, it sets its disciples in realising the modes because it is the enlightened activity of realising the equality of the emptiness of true existence of samsara and nirvana.

དེ་ཆོས་ཅན། རང་གི་གདུལ་བྱ་སྤོབས་པ་ཕུན་ཚོགས་ལ་འགོད་པའི་འཕྲིན་ལས་མཛད་དེ།
གཙང་བདེ་རྟག་བདག་ཏུ་འཛིན་པའི་ཉོན་སྒྲིབ་སྤངས་པ་ལ་འགོད་པའི་འཕྲིན་ལས་མཛད་པའི་ཕྱིར།
(23) That subject, it sets its disciples in excellent confidence because it is the enlightened activity of setting in abandoning the afflictive obscurations apprehending purity, happiness, permanence, and self.

དེ་ཆོས་ཅན། རང་གི་གདུལ་བྱ་སྤངས་པ་ཕུན་ཚོགས་ལ་འགོད་པའི་འཕྲིན་ལས་མཛད་དེ།
ཕྱིན་ཅི་ལོག་བཞི་པོ་བསྐྱེད་པའི་གཞིར་གྱུར་པའི་བདེན་འཛིན་སྤངས་པ་ལ་འགོད་པའི་འཕྲིན་ལས་མཛད་པའི་ཕྱིར།
(24) That subject, it sets its disciples in excellent abandonment because it is the enlightened activity of setting in abandoning true-grasping that is the basis for generating the four errors.

དེ་ཆོས་ཅན། རང་གི་གདུལ་བྱ་དག་པའི་རྒྱུ་ཚོགས་ལ་འགོད་པའི་འཕྲིན་ལས་མཛད་དེ།
བྱང་སེམས་ས་བཅུ་པའི་རྒྱུད་ཀྱི་རང་བཞིན་རྣམ་དག་གི་བློ་བུར་དྲི་བྲལ་གྱིས་ཁྱད་པར་དུ་བྱས་པ་ལ་འགོད་པའི་འཕྲིན་ལས་མཛད་པའི་ཕྱིར།
(25) That subject, it sets its disciples in the collection of pure causes because it is the enlightened activity of setting in the qualification of the freedom from adventitious stains of the natural purity in the continuum of the tenth ground bodhisattva.

དེ་ཆོས་ཅན། རང་གི་གདུལ་བྱ་དག་པའི་རྒྱུ་ཚོགས་ལ་འགོད་པའི་འཕྲིན་ལས་མཛད་དེ།
སྒྲིབ་གཉིས་བྲལ་བའི་བློ་བུར་གྱི་དྲི་བྲལ་གྱི་རྒྱུ་ཚོགས་ལ་འགོད་པའི་འཕྲིན་ལས་མཛད་པའི་ཕྱིར།
(26) That subject, it sets its disciples in the collection of pure causes because it is the enlightened activity of setting in the collection of causes of freedom from adventitious stains, which is freedom from the two obscurations.

Result of the path
དེ་ཆོས་ཅན། རང་གི་གདུལ་བྱ་ཐར་པ་མྱང་འདས་ལ་འགོད་པའི་འཕྲིན་ལས་མཛད་དེ།
སྒྲིབ་གཉིས་སྤངས་པའི་མི་གནས་པའི་མྱ་ངན་འདས་ལ་འགོད་པའི་འཕྲིན་ལས་མཛད་པའི་ཕྱིར།
(27) That subject, it sets its disciples in liberation, nirvana, because it is the enlightened activity of setting in the non-abiding nirvana that has abandoned the two obscurations.


See also: Enlightened Activities
Up a level: Resultant Dharmakaya (4-Bodies GM)