Entity of the Practices
ཐེག་ཆེན་སེམས་བསྐྱེད་ལ་བརྟེན་ནས་དོན་གཉིས་ཕུན་ཚོགས་སུ་སྒྲུབ་པར་བྱེད་པའི་ཆེན་པོ་དྲུག་ལྡན་གྱི་སེམས་དཔའི་རྣལ་འབྱོར། ཐེག་ཆེན་སྒྲུབ་པའི་མཚན་ཉིད།
Definition: A bodhisattva’s yoga that possesses the six greatnesses and functions to magnificently accomplish the two welfares in dependence upon Mahayana mind generation.
The six greatnesses:
- Great abode གནས་པ་ཆེ།
Because of abiding in Mahayana mind generation ཐེག་ཆེན་སེམས་བསྐྱེད་ལ་གནས་པའི་ཕྱིར། - Great striving བརྩོན་པ་ཆེ།
Because of striving for the welfare of all, both self and others རང་གཞན་མཐའ་དག་གི་དོན་ལ་བརྩོན་པའི་ཕྱིར། - Great arising of the result འབྲས་བུ་འབྱུང་བ་ཆེ།
Because of inducing the result of great enlightenment བྱང་ཆུབ་ཆེན་པོ་འབྲས་བུར་འབྱིན་པའི་ཕྱིར། - Great and lasting promise རྟག་ཏུ་ཁས་ལེན་ཆེ།
Because of promising to accomplish the great welfare of all sentient beings
སེམས་ཅན་ཐམས་ཅད་ཀྱི་དོན་ཆེན་པོ་སྒྲུབ་པར་ཁས་ལེན་པའི་ཕྱིར། - Great forbearance བཟོད་པ་ཆེ།
Because of accepting all suffering for others’ welfare གཞན་དོན་དུ་སྡུག་བསྔལ་ཐམས་ཅད་དང་དུ་ལེན་པའི་ཕྱིར། - Engaging in the activities that perfectly accomplish the great purpose དོན་ཆེན་པོ་ཡང་དག་པར་སྒྲུབ་པའི་བྱ་བ་བྱེད་པ།
Because of engaging in the activities that eliminate the suffering and accomplish the happiness of all sentient beings སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་སེལ་བ་དང་ཕན་བདེ་སྒྲུབ་པའི་བྱ་བ་བྱེད་པའི་ཕྱིར།
Division by way of indication:
- Practices of the objects [of the] Exalted Knowers
Definition: A bodhisattva’s yoga conjoined with wisdom that cultivates the aspects of any of the three Exalted Knowers by taking [those] as its object.
མཁྱེན་གསུམ་གང་རུང་གི་རྣམ་པ་ཡུལ་དུ་བྱས་ནས་སྒོམ་པར་བྱེད་པའི་ཤེས་རབ་ཀྱིས་ཟིན་པའི་སེམས་དཔའི་རྣལ་འབྱོར། - Practices of the particular applications
Definition: A bodhisattva’s yoga conjoined with either the intention or application of practices endowed with the six perfections. ཕར་ཕྱིན་དྲུག་ལྡན་དུ་ཉམས་སུ་ལེན་པའི་བསམ་སྦྱོར་ཅི་རིགས་པས་ཟིན་པའི་སེམས་དཔའི་རྣལ་འབྱོར།
These two are mutually pervasive (ཡིན་ཆ་མཉམ་ཡིན།). The first refers to the way they are indicated in the first three chapters; the second to the way they are indicated in the middle four chapters.
སྒྲུབ་པའི་རྟེན། དམིགས་པ། ཆེད་དུ་བྱ་བ་རྣམས་བརྗོད་པའི་འོག་ཏུ་སྒྲུབ་པ་རང་གི་ངོ་བོ་འཆད་པའི་རྒྱུ་མཚན་གང་ཞེ་ན། དེའི་རྒྱུ་མཚན་ཡོད་དེ།
བྱང་ཆུབ་ཏུ་སེམས་བསྐྱེད་པ་རྣམས་ཀྱིས་རང་བཞིན་གནས་རིགས་ལ་བརྟེན་ནས་དམིགས་པ་བཅུ་གཅིག་ལ་དམིགས་ཏེ།
ཆེན་པོ་གསུམ་གྱི་ཆེད་དུ་སྒྲུབ་པ་བཞི་ཉམས་སུ་ལེན་དགོས་པའི་རྒྱུ་མཚན་གྱིས་དེ་ལྟར་བསྟན་པའི་ཕྱིར།
What is the reason for explaining the entity of the practices subsequent to mentioning the support, objects of observation, and objectives of the practices?
There is a reason; it is indicated as such because bodhisattvas, in dependence upon the naturally abiding lineage, observe the eleven objects of observation and in order to [attain] the three greatnesses, must practice the four practices.
ས་མཚམས་ནི། ཐེག་ཆེན་གྱི་ཚོགས་ལམ་ནས་རྒྱུན་མཐའི་བར་དུ་ཡོད།
Boundaries: exists from the Mahayana path of accumulation and up to the end of the continuum.
Actual division:
- Armoured practice that dons armour for the Mahayana ཐེག་ཆེན་ལ་གོ་བགོས་པའི་གོ་སྒྲུབ།
- Engaged practice that enters into that དེ་ལ་ཞུགས་པའི་འཇུག་སྒྲུབ།
- Practice of the collections that act to complete what has been started དེ་ཞུགས་པ་མཐར་ཕྱིན་པར་བྱེད་པའི་ཚོགས་སྒྲུབ།
- Practice of definite emergence: the completion of what has been started ཞུགས་པ་མཐར་ཕྱིན་པ་ངེས་འབྱུང་སྒྲུབ་པ།
དཔེར་ན་རྒྱལ་པོ་གཡུལ་དུ་འཇུག་པའི་ཚེ་ཐོག་མར་གོ་བགོས། དེའི་རྗེས་སུ་གཡུལ་ངོ་སྤྲོད་པའི་ལམ་དུ་ཞུགས་ཏེ།
ཡན་ལག་བཞི་པའི་དཔུང་གི་དམག་བསགས་ནས་ཕ་རོལ་གྱི་རྒོལ་བ་བཅོམ་སྟེ། འགྲན་ཟླའི་དགྲ་ལ་རང་ཉིད་དབང་བསྒྱུར་བ་ལྟར་ཡིན།
For example, just as a king going to war:
- Initially dons armour, then
- Enters the path leading to battle,
- Battles the opponent, having gathered the army of the four branches
- Takes control over the opposing enemy.
Up a level: Perfection of Wisdom