Exalted Wisdom Dharmakaya (4-Bodies GM)

ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པ་ལ་ལྟོས་ནས་གཟིགས་པ་མཐར་ཐུག་པའི་ཡེ་ཤེས་དེ། ཡེ་ཤེས་ཆོས་སྐུའི་མཚན་ཉིད།
Definition: A final exalted wisdom perceiving objects of knowledge in relation to the modes and varieties.

This is mutually inclusive with:

Divisions by way of realising objects: ཡུལ་རྟོགས་ཚུལ་གྱི་སྒོ་ནས་དབྱེ་ན།

  1. That knowing the modes ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཆོས་སྐུ།
  2. That knowing the varieties ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཆོས་སྐུ།

Divisions by way of isolates: Division of the Five Wisdoms ལྡོག་པའི་སྒོ་ནས་དབྱེ་ན་ཡེ་ཤེས་ལྔ།

སྡེ་ཚན་གྱི་སྒོ་ནས་དབྱེ་ན། ཟག་མེད་ཀྱི་ཡེ་ཤེས་སྡེ་ཚན་ཉེར་གཅིག
Divisions by way of sets: Twenty-one sets of uncontaminated exalted wisdom (see below)

རྒྱས་པར་དབྱེ་ན། མཐའ་དང་སྒྲས་བསྟན་པའི་མཁྱེན་པ་གཉིས་དང་བཅས་པའི་བརྒྱ་དང་ཞེ་དྲུག་ཡོད།
Extensive division: 146 (together with the two exalted knowers at the end, which are indicated with the "and")


Twenty-one sets of uncontaminated exalted wisdom: ཟག་མེད་ཀྱི་ཡེ་ཤེས་སྡེ་ཚན་ཉེར་གཅིག


སངས་རྒྱས་འཕགས་པའི་རྒྱུད་ཀྱི་བྱང་ཕྱོགས་སོ་བདུན་ཆོས་ཅན། ཁྱོད་ཡེ་ཤེས་ཆོས་སྐུ་ཡིན་ཏེ།
ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པ་ལ་ལྟོས་ནས་གཟིགས་པ་མཐར་ཐུག་པའི་ཡེ་ཤེས་ཡིན་པའི་ཕྱིར།
The subject - the 37 Harmonies with enlightenment in the continuum of an Arya Buddha - it is the exalted wisdom dharmakaya because it is a final exalted wisdom perceiving objects of knowledge in relation to the modes and varieties.

ཐུན་མོང་དུ་བསྡུ་ན། སངས་རྒྱས་ཀྱི་སའི་ཟག་མེད་ཀྱི་ཡེ་ཤེས་ཉེར་གཅིག་ཆོས་ཅན། རྟགས་དང་བསྒྲུབ་བྱའི་ཆོས་སྔར་བཞིན།
Putting them together: The subject - the twenty-one sets of uncontaminated exalted wisdoms of the Buddha-ground - use the same predicate and reason as above.

ཉི་སྣང་ལྟར་ན། སངས་རྒྱས་ཀྱི་སའི་ཟག་མེད་ཀྱི་སྡེ་ཚན་ཉེར་གཅིག་གི་སྟེང་གི་དག་པ་གཉིས་ལྡན་གྱི་ཆོས་དབྱིངས་ཆོས་ཅན། ཆོས་ཉིད་ཀྱི་སྐུ་ཡིན་ཏེ།
དག་པ་གཉིས་ལྡན་གྱི་ཆོས་དབྱིངས་ཀྱི་སྐུ་ཡིན་པའི་ཕྱིར།
According to (Vimuktasena's) Illumination of the Twenty-Thousand: The subject - the dharmadhatu possessing the two purities on the basis of the twenty-one sets of uncontaminated exalted wisdoms of the Buddha-ground - it is the Dharmatakaya because it is a Body of the dharmadhatu possessing the two purities.


Debate between Haribhadra and Vimuktasena


See also: Exalted wisdom Dharmakaya
Up a level: Resultant Dharmakaya (4-Bodies GM)