Exalted wisdom of equality
Possesses three distinguishing characteristics:
མཉམ་ཉིད་ཡེ་ཤེས་ཆོས་ཅན། རྒྱུའི་ཁྱད་པར་དང་ལྡན་ཏེ།
བྱང་སེམས་ཀྱི་དུས་སུ་བདག་གཞན་མཉམ་པ་ཉིད་བསྒོམས་པ་དྲི་མས་དག་པ་ལས་ཐོབ་པའི་མཐར་ཐུག་པའི་མཁྱེན་པ་ཡིན་པའི་ཕྱིར།
The subject - the exalted wisdom of equality - it possesses the characteristic of cause because it is a final exalted knower attained through purifying the stains to cultivating equality of self and others while a bodhisattva.
དེ་ཆོས་ཅན། ངོ་བོའི་ཁྱད་པར་དང་ལྡན་ཏེ། སྲིད་ཞི་མཐའ་ལ་མི་གནས་པར་ཞུགས་པའི་མཐར་ཐུག་པའི་མཁྱེན་པ་ཡིན་པའི་ཕྱིར།
That subject, it possesses the characteristic of entity because it is a final exalted knower not abiding in the extremes of existence and peace.
དེ་ཆོས་ཅན། བྱེད་ལས་ཀྱི་ཁྱད་པར་དང་ལྡན་ཏེ། དུས་རྣམས་ཀུན་ཏུ་བྱམས་པ་དང་ཐུགས་རྗེ་ཆེན་པོ་དག་དང་ལྡན་ཞིང་སེམས་ཅན་རྣམས་ལ་མོས་པ་ཇི་ལྟ་བ་བཞིན་དུ་
སྔོ་སེར་ལ་སོགས་པའི་སྒོ་ནས་སངས་རྒྱས་ཀྱི་སྐུ་ནི་ངེས་པར་སྟོན་པའི་ཕྱིར།
That subject, it possesses the characteristic of function because of always possessing love and great compassion, and definitely displaying Buddha Bodies to disciples in accordance with their dispositions by way of blue, yellow, and so forth.
Up a level: Five exalted wisdoms of a Buddha