Exalted wisdom of individual realisation

Possesses three distinguishing characteristics:

སོ་སོར་རྟོགས་པའི་ཡེ་ཤེས་ཆོས་ཅན། ངོ་བོའི་ཁྱད་པར་དང་ལྡན་ཏེ། ཤེས་བྱ་ཀུན་ལ་རྟག་ཏུ་ཐོགས་པ་མི་མངའ་བའི་མཁྱེན་པ་ཡིན་པའི་ཕྱིར།
The subject - the exalted wisdom of individual realisation - it possesses the characteristic of entity because it is an exalted knower that is never obstructed wrt all objects of knowledge.

དེ་ཆོས་ཅན། ཡོན་ཏན་གྱི་ཁྱད་པར་དང་ལྡན་ཏེ། ཏིང་ངེ་འཛིན་དང་གཟུངས་ཀྱི་ཡོན་ཏན་རྣམས་ཀྱི་གཏེར་དང་འདྲ་བ་ཁོ་ན་ཡིན་པའི་ཕྱིར།
That subject, it possesses the characteristic of qualities because it is just like a treasure of qualities of the concentrations and retentions.

དེ་ཆོས་ཅན། བྱེད་ལས་ཀྱི་ཁྱད་པར་དང་ལྡན་ཏེ། སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་རྣམས་སུ་རྫུ་འཕྲུལ་གྱི་འབྱོར་པ་ཐམས་ཅད་སྟོན་པར་མཛད་ཅིང་།
ཐེ་ཚོམ་ཐམས་ཅད་གཅོད་པའི་ཆོས་ཀྱི་ཆར་ཆེན་པོ་འབེབ་པར་མཛད་པའི་མཁྱེན་པ་ཡིན་པའི་ཕྱིར།
That subject, it possesses the characteristic of function because it is an exalted knower that:


Up a level: Five exalted wisdoms of a Buddha