Example of butter-lamp

མར་མེ་སྐད་ཅིག་དང་པོ་ཆོས་ཅན། ཁྱོད་མར་མེ་སྐད་ཅིག་གཉིས་པ་ལ་ལྟོས་མེད་དུ་སྡོང་བུ་སྣུམ་ལྡན་རྫོགས་པར་སྲེག་ནུས་མ་ཡིན་ཏེ།
ཁྱོད་སྡོང་བུ་སྣུམ་ལྡན་རྫོགས་པར་སྲེག་པ་མར་མེ་སྐད་ཅིག་གཉིས་པ་ལ་ལྟོས་པའི་ཕྱིར།
The subject - the first moment of a butter-lamp - it is not able to completely burn the oil-soaked wick without depending upon the second moment of the butter-lamp because the its completely burning of the oil-soaked wick depends upon the second moment of the butter-lamp.

མར་མེ་སྐད་ཅིག་གཉིས་པ་ཆོས་ཅན། ཁྱོད་མར་མེ་སྐད་ཅིག་དང་པོ་ལ་ལྟོས་མེད་དུ་སྡོང་བུ་སྣུམ་ལྡན་རྫོགས་པར་སྲེག་ནུས་མ་ཡིན་ཏེ།
ཁྱོད་མར་མེ་སྐད་ཅིག་དང་པོ་ལ་ལྟོས་མེད་དུ་མི་འབྱུང་བའི་ཕྱིར།
The subject - the second moment of the butter-lamp - it is not able to completely burn the oil-soaked wick without depending upon the first moment of the butter-lamp because it would not arise without depending upon the first moment of the butter-lamp.

མ་གྲུབ་ན། དེ་ཆོས་ཅན། རྟག་ཏུ་སྐྱེ་བའམ་སྐྱེས་པའི་སྐབས་མི་སྲིད་པ་གང་རུང་ཡིན་པར་ཐལ། རྒྱུ་མེད་དུ་འབྱུང་བའི་ཕྱིར། རྟགས་ཁས།
If reason not established: That subject, it follows that it is either permanently produced or that an occasion for its production is impossible because it arises causelessly; you asserted the reason.

མར་མེ་དང་སྡོང་བུ་བསྲེག་བྱ་སྲེག་བྱེད་དུ་འཐད་དེ། མར་མེ་རིམས་ཀྱིས་སྐྱེས་སྟོབས་ཀྱིས་སྡོང་བུ་རིམ་གྱིས་རྫོགས་པར་བསྲེགས་པའི་ཕྱིར།
It is suitable for butter-lamp and wick to be burned and burner because through the force of the gradual arising of the butter-lamp, the wick is gradually completely burnt.

ཐེག་ཆེན་སེམས་བསྐྱེད་སྔ་ཕྱི་རིམས་ཀྱིས་འབྱུང་བ་རྣམས་ཕན་ཚུན་ལྟོས་ནས་རང་འབྲས་སྐུ་གསུམ་སྐྱེད་པ་ཡིན་ཏེ།
དཔེར་ན། མར་མེ་སྐད་ཅིག་སྔ་ཕྱི་ལྟོས་ནས་སྡོང་བུ་སྲེག་པ་བཞིན་ཡིན་པའི་ཕྱིར།
The Mahayana mind generations that arise gradually generate their resultant three exalted bodies through mutual dependence because it is like the butter-lamp burning the wick in relation to previous and later moments.


Up a level: Signs of irreversibility on the path of meditation