Five exalted wisdoms of a Buddha

In general, there are five Buddha Exalted Wisdoms: སྤྱིར་སངས་རྒྱས་ཀྱི་ཡེ་ཤེས་ལ།

  1. Dharmadhatu exalted wisdom ཆོས་དབྱིངས་ཡེ་ཤེས།
  2. Mirror-like exalted wisdom མེ་ལོང་ལྟ་བུའི་ཡེ་ཤེས།
  3. Exalted wisdom of equality མཉམ་པ་ཉིད་ཀྱི་ཡེ་ཤེས།
  4. Exalted wisdom of individual realisation སོ་སོར་རྟོགས་པའི་ཡེ་ཤེས།
  5. Exalted wisdom of accomplishing actions བྱ་བ་སྒྲུབ་པའི་ཡེ་ཤེས།

The first refers to the Nature Body, so the latter four are actual divisions.


ཤེས་བྱ་ཆོས་ཅན། ཡེ་ཤེས་བཞི་པོ་དེ་ཡང་དག་པར་འབྱུང་བའི་རྒྱུ་མེད་པ་མ་ཡིན་ཏེ། དམ་པའི་ཆོས་ཕྱིན་ཅི་མ་ལོག་པར་འཛིན་པ་དང་། སེམས་མཉམ་པ་ཉིད་སྒོམ་པ་དང་། ཆོས་ཡང་དག་པར་རབ་ཏུ་སྟོན་པ་དང་། གདུལ་བྱའི་བྱ་བ་སྒྲུབ་པས་ཡེ་ཤེས་བཞི་པོ་དེ་གོ་རིམ་བཞིན་དུ་འགྱུར་བའི་ཕྱིར་རོ།
The subject - objects of knowledge - those four exalted wisdoms are not without the causes for their correct arising because respectively:

  1. Apprehending the holy dharma non-erroneously
  2. Cultivating an equal mind
  3. Thoroughly and completely displaying of phenomena
  4. Accomplishing actions for disciples

Will become those four exalted wisdoms.


ཡེ་ཤེས་བཞི་པོ་དེ་ཆོས་ཅན། ཡེ་ཤེས་ཆོས་སྐུ་ཡིན་ཏེ། གནས་གྱུར་མཐར་ཕྱིན་པའི་ཡེ་ཤེས་ཡིན་པའི་ཕྱིར།
The subject - those four exalted wisdoms - they are the exalted wisdom Dharmakaya because of being transformed final exalted wisdoms.

དེས་ན། སངས་རྒྱས་ཤཱཀྱ་ཐུབ་པ་ཆོས་ཅན། ཁྱོད་མིག་སོགས་དབང་པོ་ལྔ་པོ་དང་དོན་ལྔ་པོ་ཀུན་ལ་འཇུག་པ་དང་། ལྔ་པོ་ཐམས་ཅད་ཀྱི་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་
བཅུ་གཉིས་འབྱུང་བའི་འབྱོར་པ་དམ་པ་ཐོབ་པར་འགྱུར་ཏེ། ཁྱོད་དབང་པོ་ལྔ་ཟག་བཅས་རྣམས་གནས་གཞན་དུ་གྱུར་པ་མཐར་ཐུག་པའི་སྐྱེས་བུ་ཡིན་པའི་ཕྱིར།
Therefore, the subject - Buddha Shakyamuni - his five senses (eyes and so forth) engage all five objects and all five attain the holy excellences of each having the twelve sets of one-hundred qualities because of being a being whose five contaminated senses have completely transformed.


སངས་རྒྱས་འཕགས་པའི་ཐུགས་རྒྱུད་ཀྱི་ཡིད་ཀྱི་རྣམ་པར་ཤེས་པ་ཆོས་ཅན། མེ་ལོང་ལྟ་བུའི་ཡེ་ཤེས་ཡིན་ཏེ།
ཀུན་བྱང་གི་ཆོས་ཐམས་ཅད་ཀྱི་གཞི་རྟེན་དུ་གྱུར་པའི་ཡིད་ཀྱི་རྣམ་པར་ཤེས་པ་གནས་གཞན་དུ་གྱུར་པ་མཐར་ཐུག་པའི་ཡེ་ཤེས་ཡིན་པའི་ཕྱིར།
The subject - the mental consciousness in the continuum of an Arya Buddha - it is a Mirror-like exalted wisdom because it is a final exalted wisdom that is a thoroughly transformed mental consciousness that is the support of all completely pure phenomena.

དེ་ཆོས་ཅན། མཉམ་པ་ཉིད་ཀྱི་ཡེ་ཤེས་ཡིན་ཏེ། ཉོན་མོངས་པ་དང་བཅས་པའི་ཡིད་ཀྱི་རྣམ་པར་ཤེས་པ་གནས་གཞན་དུ་གྱུར་པ་མཐར་ཐུག་པའི་ཡེ་ཤེས་ཡིན་པའི་ཕྱིར།
That subject, it is an exalted wisdom of equality because it is a final exalted wisdom that is a thoroughly transformed mental consciousness that possessed afflictions.

དེ་ཆོས་ཅན། སོ་སོར་རྟོགས་པའི་ཡེ་ཤེས་ཡིན་ཏེ། སེམས་ཅན་གྱི་རྒྱུད་ཀྱི་ཡིད་ཀྱི་རྣམ་ཤེས་གནས་གཞན་དུ་གྱུར་པ་མཐར་ཕྱིན་པའི་ཡེ་ཤེས་ཡིན་པའི་ཕྱིར།
That subject, it is an exalted wisdom of individual realisation because it is a final exalted wisdom that is a thoroughly transformed mental consciousness in sentient beings' continua.

སངས་རྒྱས་འཕགས་པའི་རྒྱུད་ཀྱི་དབང་ཤེས་ལྔ་ཆོས་ཅན། བྱ་བ་སྒྲུབ་པའི་ཡེ་ཤེས་ཡིན་ཏེ།
དྲི་མ་དང་བཅས་པའི་དབང་ཤེས་ལྔ་གནས་གཞན་དུ་གྱུར་པ་མཐར་ཕྱིན་པའི་ཡེ་ཤེས་ཡིན་པའི་ཕྱིར།
The subject - the five sense consciousnesses in the continuum of an Arya Buddha - they are exalted wisdoms of accomplishing activities because of being final exalted wisdoms that are thoroughly transformed five sense consciousnesses with stains.

སངས་རྒྱས་འཕགས་པའི་ཐུགས་རྒྱུད་ཀྱི་སེམས་ཀྱི་ཆོས་ཉིད་ཆོས་ཅན། ངོ་བོ་ཉིད་སྐུ་ཡིན་ཏེ། གནས་གྱུར་མཐར་ཕྱིན་པའི་ཆོས་ཉིད་ཡིན་པའི་ཕྱིར།
The subject - the dharmata of the mind in the continuum of an Arya Buddha - it is a Nature Body because it is a thoroughly transformed final exalted wisdom.


Up a level: Perfection of Wisdom