Five strengths
རང་གི་མི་མཐུན་ཕྱོགས་ཀྱིས་རྫི་བར་མི་ནུས་པའི་མཁྱེན་པ་དེ། བྱང་ཕྱོགས་སོ་བདུན་གྱི་ནང་ཚན་དུ་གྱུར་པའི་རྣམ་བྱང་གི་སྟོབས་ཀྱི་ངོ་བོ་ཡིན།
Definition (of the subdivision of the harmonies): An exalted knower that cannot be oppressed by its discordant class.
Divisions:
- Faith དད་པའི་སྟོབས།
- Joyous effort བརྩོན་འགྲུས་ཀྱི་སྟོབས།
- Mindfulness དྲན་པའི་སྟོབས།
- Concentration ཏིང་ངེ་འཛིན་གྱི་སྟོབས།
- Wisdom ཤེས་རབ་ཀྱི་སྟོབས།
ས་མཚམས་སྦྱོར་ལམ་བཟོད་པ་ནས་སངས་རྒྱས་ཀྱི་སའི་བར་དུ་ཡོད།
Boundaries: from the forbearance level of the path of preparation and up to the Buddha-ground.
རང་གི་མི་མཐུན་ཕྱོགས་ཀྱིས་རྫི་བར་མི་ནུས་པའི་དོན་གྱིས་དེ་སྐད་ཅེས་བྱའོ།
Etymology: Since they cannot be oppressed by their discordant class.
Objects of observation: same as for the Five powers
སྒོམ་ཚུལ་ཡོད་དེ། སྔ་མ་སྔ་མ་རྒྱུར་ཡོད་པས། ཕྱི་མ་ཕྱི་མ་ལ་འཇུག་པའི་ཕྱིར།
Mode of cultivation: Due to the existence of the previous as causes, the latter are engaged in.
དབང་སྟོབས་གཉིས་ལ་ཁྱད་པར་ཡོད་དེ། རྣམ་བྱང་གི་དབང་པོ་དེ་མ་དད་པ་སོགས་ཀྱི་མི་མཐུན་ཕྱོགས་དང་གཉེན་པོ་འདྲེས་པར་འབྱུང་ཞིང༌།
ཅིག་ཤོས་དེ་དང་མ་འདྲེས་པར་གཉེན་པོའི་ངོ་བོར་འབྱུང་བའི་ཕྱིར།
Difference between the powers and strengths: The completely pure powers arise as a mixture of the antidote with their discordant class, non-faith and so forth; whereas the strengths arise in the entity of the antidote unmixed with those.
དྲོད་དང་རྩེ་མོའི་ངོ་བོར་གྱུར་པའི་དབང་པོ་ལྔ་ཐོབ་པ་ལས། བཟོད་པ་དང་ཆོས་མཆོག་གི་ངོ་བོ་སྟོབས་ལྔ་འབྱུང་བས་དེ་ལྟར་བཤད་པའི་ཕྱིར།
Connection to Five powers: Through attaining the five powers that are the nature of heat and peak, the five strengths that are the nature of forbearance and supreme dharma will arise.
མཐོང་ལམ་སྐྱེད་པ་དང་སྦྱོར་ལམ་ཕྱི་མ་གཉིས་མྱུར་དུ་རྫོགས་པའི་དགོས་པ་ཡོད་པའི་ཕྱིར།
Purposes:
- To quickly complete the latter two levels of the path of preparation
- To generate the path of seeing
Up a level: 37 Harmonies with enlightenment