Four close placements of mindfulness
ལུས་ཚོར་སེམས་ཆོས་བཞི་ལ་རང་སྤྱིའི་མཚན་ཉིད་གཉིས་གཉིས་ཀྱིས་བརྟགས་ནས་སྒོམ་པར་བྱེད་པའི་དྲན་པ་དང་ཤེས་རབ་གང་རུང་གིས་བསྡུས་པའི་
ལམ་ཞུགས་ཀྱི་མཁྱེན་པ། དྲན་པ་ཉེར་གཞག་གི་མཚན་ཉིད།
Definition: An exalted knower of a path-enterer included within either mindfulness or wisdom that function to cultivate investigation wrt the four - body, feelings, mind, and phenomena - by means of both their individual and general characteristics.
Divisions: wrt body, feelings, mind, and phenomena (4)
ཚོགས་ལམ་ནས་སངས་རྒྱས་ཀྱི་སའི་བར་དུ་ཡོད་དོ།
Boundaries: exist from the path of accumulation and up to the Buddha-ground.
ཤེས་རབ་ཀྱིས་དམིགས་པའི་ཡུལ་དྲན་པས་ཉེ་བར་བཞག་སྟེ་མི་བརྗེད་པར་བྱེད་པས་ན་དྲན་པ་ཉེར་གཞག་ཅེས་བྱའོ།
Etymology: By means of mindfulness, closely placing, i.e. not forgetting, the objects observed by wisdom.
Objects of observation:
- Body ལུས།
- External body: the five of forms, sounds, and so forth, that are not supports for sense-consciousnesses དབང་རྟེན་མ་ཡིན་པའི་གཟུགས་སྒྲ་སོགས་ལྔ་ལྟ་བུ་ཕྱིའི་ལུས་དང༌།
- Internal body: the five sense-powers, eye and so forth
མིག་སོགས་དབང་པོ་ལྔ་ལྟ་བུ་ནང་གི་ལུས་དང༌། - Body that is both: the five of forms and so forth that function as supports for sense-consciousness
དབང་རྟེན་བྱེད་པའི་གཟུགས་སོགས་ལྔ་ལྟ་བུ་གཉིས་ཀའི་ལུས།
- Feelings ཚོར་བ་ལ་གསུམ་དུ་ཡོད་དེ། བདེ་སྡུག་བཏང་སྙོམས་གསུམ་དུ་ཡོད་པའི་ཕྱིར།
- Pleasant
- Unpleasant
- Neutral
- Mind སེམས་ནི་རྣམ་པར་ཤེས་པ་ལ་བྱེད། (i.e. consciousness)
- Phenomena ཆོས་ནི་ཚོར་བ་མ་ཡིན་པའི་སེམས་བྱུང་ཐམས་ཅད་དང༌། ལྡན་མིན་འདུ་བྱེད་དང་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་ལ་བྱེད་དེ།
- All mental factors other than feelings
- All non-concomitant compositional factors
- All uncompounded phenomena
Reason for positing those four as objects of observation: བཞི་པོ་དེ་དམིགས་པར་འཇོག་པའི་རྒྱུ་མཚན་ཡོད་དེ།
It is in order to abandon childish adherence to:
- The body the support of the self བྱིས་པ་རྣམས་ལུས་ལ་བདག་གི་རྟེན་དང༌།
- Feelings as the bases of enjoyments of the self ཚོར་བ་ལ་བདག་གི་ལོངས་སྤྱོད་ཀྱི་གཞི་དང༌།
- Mind as the thing that is a self སེམས་ལ་བདག་གི་དངོས་པོ་དང༌།
- Phenomena as thoroughly afflicted (attachment to self and so forth) and completely pure (faith and so forth) ཆོས་ལ་བདག་ཆགས་སོགས་ཀུན་ནས་ཉོན་མོངས་པ་དང༌། དད་སོགས་རྣམ་བྱང་དུ་མངོན་པར་ཞེན་པ་སྤང་བའི་ཆེད་ཡིན་པའི་ཕྱིར།
Mode of cultivation སྒོམ་ཚུལ།
- Individual characteristics རང་གི་མཚན་ཉིད་ནི།
- The body as unclean ལུས་མི་གཙང་བ།
- Feelings as suffering ཚོར་བ་སྡུག་བསྔལ་བ།
- Mind as impermanent སེམས་མི་རྟག་པ།
- Phenomena as selfless ཆོས་བདག་མེད་པ།
- General characteristics མི་རྟག་སྡུག་བསྔལ་སྟོང་བདག་མེད་སྤྱིའི་མཚན་ཉིད།
- Impermanence, suffering, empty and selfless.
འདུས་བྱས་ཐམས་ཅད་མི་རྟག་པ། ཟག་བཅས་ཐམས་ཅད་སྡུག་བསྔལ་བ།
ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་ཞེས་ཁྱད་གཞི་ཁྱད་ཆོས་ལ་སྦྱར་བ་རྣམས་སྤྱིའི་མཚན་ཉིད་དུ་བཤད།
In particular, the general characteristics are connected to the Four Seals in terms of connecting bases and attributes.
Unique modes of cultivation:
- Hearers and Solitary Realisers ཉན་རང་རྣམས་ཀྱིས་
- Object of observation: only their own body རང་གི་ལུས་སོགས་ཁོ་ན་ལ་དམིགས་པ།
- Mental engagement: impermanence and so forth མི་རྟག་སོགས་སུ་ཡིད་ལ་བྱེད་པ།
- Attainment: meditate only in order to be separated from their contaminated body and so forth
ཟག་བཅས་ཀྱི་ལུས་སོགས་དང་བྲལ་བ་ཁོ་ནའི་ཕྱིར་སྒོམ་པ།
- Bodhisattvas བྱང་སེམས་རྣམས་ཀྱིས་
- Object of observation: both their own and others' bodies རང་གཞན་གཉིས་ཀའི་ལུས་ལ་དམིགས་པ།
- Mental engagement: cultivate non-observation of the signs of phenomena
ཆོས་ཀྱི་མཚན་མ་དེར་མི་དམིགས་པར་སྒོམ་པར་བྱེད་པ། - Attainment: meditate in order to accomplish non-abiding nirvana and not in order to either be separated or not separated from [their contaminated body and so forth]
དེ་དང་འབྲལ་མི་འབྲལ་གཉིས་ཀའི་ཕྱིར་མ་ཡིན་གྱི་མི་གནས་པའི་མྱང་འདས་སྒྲུབ་པའི་ཕྱིར་དུ་སྒོམ་པ།
བདེན་བཞིའི་བླང་དོར་ལ་འཇུག་པར་བྱ་བའི་ཆེད་དུ་ཡིན་པའི་ཕྱིར་ཏེ།
Purpose: to engage in what is to be adopted and discarded wrt the four truths
- Through cultivating the close placement of mindfulness of body: understanding the contaminated body to be in the nature of the suffering of negative states;
ལུས་དྲན་པ་ཉེར་གཞག་བསྒོམས་པས་ཟག་བཅས་ཀྱི་ལུས་གནས་ངན་ལེན་གྱི་སྡུག་བསྔལ་གྱི་ངོ་བོར་ཤེས་པ་དང༌། - Through cultivating the close placement of mindfulness of feelings: since pleasant and unpleasant feelings are the causes of craving wishing to be separated and not separated, investigating by way of results; also, since craving is the main origin, it functions to abandon that;
ཚོར་བ་དྲན་པ་ཉེར་གཞག་བསྒོམས་པས་ཚོར་བ་བདེ་སྡུག་ནི་འབྲལ་བ་དང་མི་འབྲལ་བར་འདོད་པའི་སྲེད་པའི་རྒྱུ་ཡིན་པའི་ཕྱིར་འབྲས་བུའི་སྒོ་ནས་རྟོག་ལ་
སྲེད་པ་ཡང་ཀུན་འབྱུང་གི་གཙོ་བོ་ཡིན་པས་དེ་སྤོང་བར་བྱེད་པ་དང༌། - Through cultivating the close placement of mindfulness of mind: due to analysing the basis for grasping at a self (i.e. the mind) in terms of impermanence and so forth, adherence to that is overcome; thereby, since there are no doubts that the self will be eliminated, one is fearless wrt actualising cessation;
སེམས་དྲན་པ་ཉེར་གཞག་བདག་ཏུ་འཛིན་པའི་གཞི་སེམས་ལ་མི་རྟག་སོགས་སུ་དཔྱད་པས་དེར་ཞེན་པ་ལྡོག་ལ།
དེས་ན་བདག་ཆད་པར་དོགས་པ་མེད་པས་འགོག་པ་མངོན་དུ་བྱེད་པ་ལ་མི་སྐྲག་པ་དང༌། - Through cultivating the close placement of mindfulness of phenomena: when it is understood that all thoroughly afflicted phenomena are discordant and all completely pure phenomena are their antidotes, just that is understood as a method for overcoming their harm and will be generated.
ཆོས་དྲན་པ་ཉེར་གཞག་བསྒོམས་པས་ཀུན་ཉོན་གྱི་ཆོས་ཐམས་ཅད་ལ་མི་མཐུན་པ་དང༌། རྣམ་བྱང་གི་ཆོས་ཐམས་ཅད་དེའི་གཉེན་པོར་ཤེས་པ་ན་
དེ་ཉིད་ཉེར་འཚེ་ལས་ལྡོག་པའི་ཐབས་སུ་ཤེས་ནས་སྐྱེད་པར་བྱེད་པ།
ཐེག་ཆེན་གྱི་དྲན་པ་ཉེར་གཞག་ཆོས་ཅན། ཐེག་དམན་གྱི་དྲན་ཉེ་ལས་མཆོག་ཏུ་གྱུར་ཏེ། དེ་ལ་སྒོམ་པ་རྣམ་པ་བཅུ་བཞིས་མཆོག་ཏུ་གྱུར་པའི་ཕྱིར།
The subject - Mahayana close placements of mindfulness - they are superior to those of the Hinayana due to being supreme by way of fourteen aspects of cultivation:
- Observing the Great Vehicle ཐེག་པ་ཆེན་པོ་ལ་དམིགས་པ།
- Relying on wisdom ཤེས་རབ་ལ་བརྟེན་པ།
- Acting as the antidote to the sixteen wrong conceptions ལོག་ཞུགས་བཅུ་དྲུག་གི་གཉེན་པོ་བྱེད་པ།
- Engaging in cultivation of the four truths བདེན་བཞི་སྒོམ་པ་ལ་འཇུག་པ།
- Observing the bodies and so forth of everyone (self and others) རང་གཞན་ཐམས་ཅད་ཀྱི་ལུས་སོགས་ལ་དམིགས་པ།
- Taking to mind the emptiness of body and so forth ལུས་སོགས་སྟོང་པ་ཉིད་དུ་ཡིད་ལ་བྱེད་པ།
- Attaining an uncontaminated body through separating from the contaminated body
ཟག་བཅས་ཀྱི་ལུས་དང་བྲལ་ནས་ཟག་མེད་ཀྱི་ལུས་འཐོབ་པ། - Being concordant with the practice of the six perfections ཕྱིན་དྲུག་ཉམས་སུ་ལེན་པ་དང་མཐུན་པ།
- Being concordant with taking care of Hearers, Solitary Realisers, and so forth
ཉན་རང་སོགས་རྗེས་སུ་འཛིན་པ་དང་མཐུན་པ། - Knowing the body to be illusion-like, feelings to be dream-like, mind to be space-like, and phenomena to be cloud-like ལུས་སྒྱུ་མ། ཚོར་བ་རྨི་ལམ། སེམས་ནམ་མཁའ། ཆོས་སྤྲིན་ལྟར་ཤེས་པ།
- Intentionally being born in samsara as a Wheel-Turning King and so forth
བསམ་བཞིན་དུ་སྲིད་པར་འཁོར་ལོས་སྒྱུར་བ་སོགས་སུ་སྐྱེ་བ། - Due to being naturally sharp-faculty, when cultivating the close placements of mindfulness it is unmixed with the mental engagement of the Hinayana
རང་བཞིན་གྱི་དབང་པོ་རྣོ་བས་དྲན་ཉེ་སྒོམ་པ་ན་ཐེག་དམན་ཡིད་བྱེད་སོགས་དང་མ་འདྲེས་པར་སྒོམ་པ། - Accomplishing nirvana without remainder ལྷག་མེད་ཀྱི་མྱང་འདས་འགྲུབ་པ་རྣམས་དང་ལྡན་པའི་ཕྱིར་ཏེ།
14th??
Up a level: 37 Harmonies with enlightenment