Four legs of magical emanation

ཉེས་པ་ལྔའི་གཉེན་པོར་སྤོང་བའི་འདུ་བྱེད་བརྒྱད་བརྟེན་པའི་ཏིང་ངེ་འཛིན་དུ་གྱུར་པའི་ལམ་ཞུགས་ཀྱི་མཁྱེན་པ། རྫུ་འཕྲུལ་གྱི་རྐང་པའི་མཚན་ཉིད་ཡིན།
Definition: An exalted knower of a path-enterer that is a concentration relying upon the eight applications that abandon as the antidotes to the five faults.

Divisions:

  1. Aspiration འདུན་པ།
    Concentration reaching a single-pointed mind in dependence upon joyous effort of devoted application
    གུས་སྦྱོར་གྱི་བརྩོན་འགྲུས་ལ་བརྟེན་ནས་སེམས་རྩེ་གཅིག་པ་ལ་རེག་པ་དང༌།
  2. Joyous effort བརྩོན་འགྲུས།
    Concentration reaching a single-pointed mind in dependence upon joyous effort of continuous application
    རྒྱུན་སྦྱོར་གྱི་བརྩོན་འགྲུས་ལ་བརྟེན་ནས་སེམས་རྩེ་གཅིག་པ་ལ་རེག་པ་དང༌།
  3. Intention སེམས་པ།
    Concentration reaching a single-pointed mind in dependence upon previously habituated concentration
    སྔོན་གོམས་པའི་ཏིང་ངེ་འཛིན་ལ་བརྟེན་ནས་སེམས་རྩེ་གཅིག་པ་ལ་རེག་པ་དང༌།
  4. Analysis དཔྱོད་པ།
    Concentration reaching a single-pointed mind in dependence upon wisdom taught by others in this life
    ཚེ་འདིར་གཞན་གྱིས་བསྟན་པའི་ཤེས་རབ་ལ་བརྟེན་ནས་སེམས་རྩེ་གཅིག་པ་ལ་རེག་པའི་ཏིང་ངེ་འཛིན་ཡིན།

རྫུ་འཕྲུལ་གྱི་སྒོ་ནས་སངས་རྒྱས་ཀྱི་ཞིང་རབ་འབྱམས་སུ་འགྲོ་བར་ནུས་པའི་རྐང་པ་དང་ལྡན་པས་ན་རྫུ་འཕྲུལ་གྱི་རྐང་པ་ཞེས་བྱའོ།
Etymology: Due to possessing legs able to go to immeasurable Buddha-fields by way of magical emanation.


The five faults: ཉེས་པ་ལྔ་ཡོད་དེ།

  1. Laziness: the obstacle to starting cultivating concentration ཏིང་ངེ་འཛིན་སྒོམ་པ་ལ་འཇུག་པའི་གེགས་ལེ་ལོ།
  2. The fault of forgetting the instructions when preparing to cultivate it
    སྒོམ་པའི་སྦྱོར་བའི་དུས་སུ་གདམས་ངག་བརྗེད་པའི་ཉེས་པ།
  3. Laxity and excitement when actually cultivating it དངོས་སུ་སྒོམ་པའི་དུས་སུ་བྱིང་རྒོད།
  4. Not applying antidotes when laxity and excitement arise བྱིང་རྒོད་བྱུང་བའི་ཚེ་གཉེན་པོ་འདུ་མི་བྱེད་པ།
  5. Applying antidotes when free from laxity and excitement, effortlessly and spontaneously engaging in concentration བྱིང་རྒོད་དང་བྲལ་ནས་ཏིང་ངེ་འཛིན་ལ་འབད་མེད་ལྷུན་གྲུབ་ཏུ་འཇུག་པའི་ཚེ་གཉེན་པོ་འདུ་བྱེད་པ།

The eight applications that abandon those: སྤོང་བའི་འདུ་བྱེད་བརྒྱད་ཡོད་དེ།

  1. Aspiration འདུན་པ།
  2. Striving རྩོལ་བ།
  3. Faith དད་པ།
  4. Pliancy ཤིན་ཏུ་སྦྱངས་པ།
  5. Mindfulness དྲན་པ།
  6. Introspection ཤེས་བཞིན།
  7. Intention སེམས་པ།
  8. Equanimity བཏང་སྙོམས།

དང་པོ་བཞི་ལེ་ལོའི་གཉེན་པོ་དང༌། ཕྱི་མ་བཞི་ཉེས་པ་ཕྱི་མ་བཞིའི་གཉེན་པོ་ཡིན།
The first four are antidotes to laziness; the remaining four are antidotes for the remaining four faults, respectively.

དང་པོ་བཞི་ཡང་རིམས་པ་ལྟར་རྟེན་དང་བརྟེན་པ་དང༌། རྒྱུ་དང་འབྲས་བུར་བཞག་སྟེ།
The first four are respectively posited as support and supported, and cause and effect:

See also: Calm Abiding


སྤང་གཉེན་ལ་འདོར་ལེན་བྱེད་པའི་བརྩོན་འགྲུས་དང་ལྡན་པ་ནི་ཏིང་ངེ་འཛིན་གྱིས་སེམས་ལས་སུ་རུང་བ་སྟེ། ཡོན་ཏན་ཁྱད་པར་ཅན་སྐྱེ་བའི་གཞི་བྱེད་པའི་ཕྱིར།
Connection to Four correct abandonments: Possessing the joyous effort that discards and adopts objects of abandonment and antidotes, makes the mind workable through concentration because it makes the mind a basis for the arising of special qualities.

Purposes:


Up a level: 37 Harmonies with enlightenment