Four of possessing and not possessing ends
ཕྱི་རོལ་པའི་དྲང་སྲོང་མངོན་ཤེས་དང་ལྡན་པ་འགའ་ཞིག་གིས་འཇིག་རྟེན་གྱི་མཐའ་འཆད་པར་འགྱུར་རོ།
འོན་ཏེ་འཆད་པར་འགྱུར་སྙམ་དུ་ཡང་དག་པར་འཚོལ་བ་ན་འཇིག་པའི་བསྐལ་པ་དྲན་པའི་ཚེ་མཐའ་ཡོད་པའི་འདུ་ཤེས་འབྱུང༌།
འཆགས་པའི་བསྐལ་པ་དྲན་པའི་ཚེ་མཐའ་མེད་པའི་འདུ་ཤེས་འབྱུང༌།
Some Outsider Rishis with clairvoyances will explain the end of the world; however, thinking to explain, when researching it and thinking/recalling the eon of destruction, give rise to the discrimination of that having an end; when thinking/recalling the eon of formation, give rise to the discrimination of that not having an end.
ཡང་དེ་དག་ཡུལ་རྒྱ་མཚོའི་མཐའ་ཡང་དག་པར་འཚོལ་བ་ན་འོག་ཏུ་མནར་མེད་མན་ཆད་ལས་མ་མཐོང་ཞིང༌། སྟེང་དུ་བསམ་གཏན་བཞི་པ་ཡན་ཆད་ལས་མ་མཐོང་ཞིང༌། ཐད་ཀར་ཐམས་ཅད་ཕ་རོལ་ཟད་པའི་མཐའ་མ་མཐོང་བ་དེའི་ཚེ་འོག་དང་སྟེང་དུ་མཐའ་ཡོད་པའི་འདུ་ཤེས་འབྱུང༌། ཐད་ཀར་མཐའ་མེད་པའི་འདུ་ཤེས་འབྱུང་བའོ།
Also, when researching the ends of land and sea, when not seeing farther below than the Hell of No-Respite, not seeing farther above than the fourth concentration, and not seeing the ends the the far shores finish in all horizontal directions, give rise to the discrimination of there being an end above and below, and give rise to the discrimination of there being no end horizontally.
Up a level: Divisions of wrong views