Four proponents of partial permanence

ཚངས་ཆེན་གྱི་འཁོར་འགའ་ཞིག་མིར་སྐྱེས་ཏེ་མངོན་ཤེས་བསྒྲུབས་ནས་བལྟས་པས་ཚངས་པ་ཆེན་པོ་མ་ཤི་བར་མཐོང་ནས་ཚངས་པ་ཆེན་པོ་ནི་རྟག་ལ་ལྷ་གཞན་རྣམས་ནི་མི་རྟག་གོ་སྙམ་པ་དང༌།
Some who are in the retinue of Great Brahma are reborn as humans, then accomplish the clairvoyances, allowing them to look and see that Great Brahma has not died, so they think "Great Brahma is permanent; the other gods are impermanent!"

ཚངས་པ་ཆེན་པོའི་འབྱུང་བ་ཆེན་པོ་རྣམས་ནི་མི་རྟག་ཅིང་སེམས་མ་འགགས་པར་མཐོང་ནས་འབྱུང་བ་རྣམས་ནི་མི་རྟག་ལ་སེམས་རྟག་པར་ལྟ་བ་དང༌།
Some perceive that Great Brahma's great elements are impermanent but their mind is unceasing, leading to the view that the elements are impermanent but the mind is permanent.

འདོད་ལྷ་རྩེ་བས་རབ་ཏུ་བསླུས་པ་ཞིག་ཤི་ནས་མིར་སྐྱེས་ཏེ་མངོན་ཤེས་བསྒྲུབས་ནས་བལྟས་པས་རང་གི་སྔར་གྱི་ཟླ་བོ་རྣམས་མ་ཤི་བར་མཐོང་ནས་
ལྷ་རྩེ་བས་བསླུས་པ་རྣམས་ནི་མི་རྟག་ལ་གཞན་རྣམས་རྟག་པར་ལྟ་བ་དང༌།
Some who are deceived by the play of the Desire Realm gods die, are reborn as human, then accomplish clairvoyances, allowing them to look and see their previous companions have not died, leading to the view that gods who are deceived by play are impermanent but others are permanent.

ལྷ་གྲོགས་ལ་ཡིད་འཁྲུལ་བ་ཁ་ཅིག་ཤི་ནས་མིར་སྐྱེས་ཏེ་མངོན་ཤེས་བསྒྲུབས་ནས་བལྟས་པས་གཞན་རྣམས་མ་ཤི་བར་མཐོང་ནས།
ལྷ་གྲོགས་ལ་ཡིད་འཁྲུལ་བ་དག་མི་རྟག་ལ་གཞན་རྣམས་རྟག་གོ་སྙམ་དུ་ལྟ་བ་རྣམས་སོ།
Some who mentally mistake the friends of the gods die, are reborn as human, then accomplish clairvoyances, allowing them to look and see that others have not died, leading to the view thinking that those who mentally mistake the friends of the gods are impermanent whereas others are permanent.


Up a level: Divisions of wrong views