Individual explanations of the Marks and Signs
རང་གི་བདག་རྐྱེན་དུ་གྱུར་པའི་བསམ་གཏན་གྱི་དངོས་གཞིའི་སེམས་ལ་བརྟེན་ནས་དེ་བཞིན་གཤེགས་པ་རྣམས་སྐྱེས་བུ་དམ་པར་མཚོན་པར་བྱེད་པའམ།
དེ་བཞིན་གཤེགས་པའི་ཐུགས་རྒྱུད་ཀྱི་ཡོན་ཏན་གཞན་དག་གི་གོ་བྱེད་གང་རུང་དུ་གྱུར་པའི་རྣམ་དཀར་གྱི་ཡོན་ཏན་དེ།
སངས་རྒྱས་ཀྱི་མཚན་དཔེའི་ཡོན་ཏན་གྱི་མཚན་ཉིད་ཡིན།
Definition: A completely white qualities that is either
- An illustrator of Tathagatas as holy beings; or
- Makes others understand the qualities in the continua of Tathagatas
In dependence upon the mind of an actual concentration that is its empowering condition.
Divisions:
དེ་གཉིས་ལ་ཁྱད་པར་ཡོད་དེ། མཚན་བཟང་རྣམས་གཙོ་བོ་དང་། དཔེ་བྱད་རྣམས་འཁོར་ཡིན་པས་གཙོ་འཁོར་གྱི་ཁྱད་པར་ཡོད་པའི་ཕྱིར།
The difference between Marks and Signs: Marks are principal whereas Signs are their retinue.
Mode of being principal and retinue: གཙོ་འཁོར་དུ་འགྱུར་ཚུལ་ཡང་ཡོད་དེ།
- Signs 1 - 6 (6) are the retinue of Mark 6
སེན་མོ་ཟངས་མདོག་ནས་སོར་མོ་བྱིན་གྱིས་ཕྲ་བའི་བར་གྱི་དཔེ་བྱད་དྲུག་ནི། ཕྱག་སོར་རིང་པའི་མཚན་གྱི་འཁོར་དང་། - Signs 73 - 79 (7) are the retinue of Marks 23, 10, and 16
དབུ་རྒྱས་པ་དང་། དབུ་སྐྲ་བུང་བ་ལྟར་གནག་ནས་དྲི་ཞིམ་པ་དང་ལྡན་པའི་བར་གྱི་དཔེ་བྱད་དྲུག་དང་བདུན་ནི། གཙུག་ཏོར་དང་སྤུ་གྱེན་དུ་ཕྱོགས་པ་དང་།
སྤུ་གཡས་སུ་འཁྱིལ་པའི་མཚན་གྱི་འཁོར་དང་། - Signs 71 72 59 60 (8?) are the retinue of Mark 17
དཔྲལ་བ་འབྱེས་པ་དང་དབྱེས་ཆེ་བ་གཉིས་དང་ཤངས་མཐོ་བ་དང་དག་པ་གཉིས་ཏེ་བརྒྱད་ཀྱི་དཔེ་བྱད་རྣམས་ནི། མཛོད་སྤུའི་མཚན་གྱི་འཁོར་དང་། - Signs 61 63 27 33 (4) and 64 - 67 (4) are the retinue of Mark 31
སྤྱན་ཡངས་སོགས་སྤྱན་གྱི་དཔེ་བྱད་བཞི། སྨིན་ཚུགས་རིང་བ་སོགས་བཞི་དང་བརྒྱད་ནི། སྤྱན་མཐོན་མཐིང་ལྟ་བུའི་མཚན་གྱི་འཁོར་དང་།
(33 is referred to as "eyes beautifully closed" གཟིགས་པ་སྒྲིབ་མེད་དག་པ་ལ་སྤྱན་མཛེས་པར་འཛུམ་པ་ཞེས་ཟེར་རོ།) - Sign 62 is the retinue of Mark 32
རྫི་མ་སྟུག་པའི་དཔེ་བྱད་ནི། རྫི་མ་བའི་རྫི་མ་ལྟ་བུའི་མཚན་གྱི་འཁོར་དང་། - Signs 69 70 (2) are the retinue of Mark 26
སྙན་མཉམ་སོགས་གཉིས་ཀྱི་དཔེ་བྱད་ནི། འགྲམ་པ་སེང་གེའི་འདྲ་བའི་འཁོར་དང་། - Signs 47 - 51 (5) are the retinue of Marks 24 and 21
ཞལ་ཧ་ཅང་མི་རིང་བ་སོགས་གཉིས་དང་། ལྗགས་མཉེན་སོགས་གསུམ་སྟེ་ལྔ་ནི། ལྗགས་རིང་བ་དང་རོ་བྲོ་བའི་མཆོག་མཁྱེན་པ་གཉིས་ཀྱི་འཁོར་དང་། - Signs 52 53 are the retinue of Mark 25
གསུང་འབྲུག་གི་སྒྲ་དང་། འཇམ་མཉེན་རྣམས། ཚངས་དབྱངས་ཀྱི་འཁོར་དང་། - Sign 54 - 58 (5) are the retinue of Marks 27 - 30 (4)
མཆེ་བ་ཟླུམ་པ་སོགས་མཆེ་བའི་ལྔ་ནི། ཤིན་ཏུ་དཀར་པ་སོགས་ཚེམས་ཀྱི་མཚན་བཞིའི་འཁོར་དང་། - Signs 7 8 9 28 and 43-45 (8?) are the retinue of Marks 4 and 9
རྩ་མི་མངོན་པ་དང་། མདུད་པ་མེད་པ། ལོང་བུ་མི་མངོན་པ། སྐུ་གཞོན་ཤ་ཅན། ཕྱག་འཇམ་པ་ཕྱག་རིས་ཀྱི་གསུམ་སྟེ་བརྒྱད་ནི།
ཕྱག་ཞབས་འཇམ་ཞིང་གཞོན་ཤ་ཆགས་པ་དང་ཞབས་ལོང་མི་མངོན་པའི་འཁོར་དང་། - Sign 10 is the retinue of Marks 11 and 2
ཞབས་མཉམ་པ་ནི། བྱིན་པ་ཨེནྱའི་འདྲ་བ་དང་། རུས་སྦལ་ཞབས་ཀྱི་འཁོར་དང་། - Signs 11 - 17 and 26 (8) are the retinue of Marks 3 and 7
སེང་གེ་སོགས་གཤེགས་སྟབས་བདུན་དང་གོམ་སྙོམས་དང་བརྒྱད་ནི། སོར་མོ་དྲ་བས་འབྲེལ་བ་དང་རྟིང་པ་ཡངས་པ་གཉིས་ཀྱི་འཁོར་དང་། - Signs 18-23, 24, 25, 29-31, 32, 34-37, 40-42 (19?) are the retinue of Marks 8, 5, 14, 15, 19, 20, 18, 22
སྐུ་འཁྲིལ་བག་ཆགས་པ་ནས། དག་པའི་བར་བདུན་དང་། མཚན་རྫོགས་པ། ཁོ་ལག་ཡངས་པ། སྐུ་མ་ཞུམ་པ་སོགས་གསུམ་དང་། ཡན་ལག་རྣམ་འབྱེས།
སྐུ་ཟླུམ་པ་ནས། ཕྱལ་ཕྱང་ངེ་བའི་བར་བཞི་དང་། ཀུན་ནས་ལྟ་ན་སྡུག་པ་ནས། སྨེ་བ་གནག་བག་མེད་པའི་བར་གསུམ་སྟེ་བཅུ་དགུ་ནི། སྐུ་ཆེ་ཞིང་དྲང་བ།
བདུན་མཐོ་བ། གསེར་མདོག་འདྲ་བ། པགས་པ་སྲབ་པ། དཔུང་མགོ་ཟླུམ་པ། ཐལ་གོང་རྒྱས་པ། རོ་སྟོད་སེང་གེ་འདྲ་བ། ཆུ་ཞེང་གབ་པ་རྣམས་ཀྱི་འཁོར་དང་། - Signs 38 and 39 are the retinue of Mark 13
ལྟེ་བ་ཟབ་པ་དང་། གཡས་སུ་འཁྱིལ་པ་གཉིས། གསང་གནས་སྦུབས་སུ་ནུབ་པའི་འཁོར་དང་། - Sign 68 is the retinue of Mark 12
ཕྱག་རིང་ཞིང་རྒྱས་པ། ཕྱག་རིང་ཞིང་མཛེས་པའི་འཁོར་དང་། - Signs 80 is the retinue of Mark 1
དཔལ་བེའུ་དང་བཀྲ་ཤིས་ཉ་གཡུང་དྲུང་འཁྱིལ་པ་སོགས་ནི། འཁོར་ལོའི་མཚན་དང་དྲ་བས་འབྲེལ་བའི་འཁོར་ཡིན་པའི་ཕྱིར།
འོ་ན་མཚན་དཔེ་འདི་དག་གཟུགས་ཤེས་ལྡན་མིན་འདུ་བྱེད་གསུམ་པོ་གང་ཡིན་ཟེར་ན།
Are these Marks and Signs forms, consciousness or non-concomitant compounded phenomena?
འདི་ལ་མཁས་པ་ཁ་ཅིག་དེ་རྣམས་ལ་ཤེས་པ་དང་རྣམ་སྨིན་གྱི་ཆར་གྱུར་པའི་དབྱིབས་དང་ཁ་དོག་སོགས་དུ་མ་ཡོད་དེ།
ཀུན་བཏུས་ལས། མཚན་དང་དཔེ་བྱད་བཟང་པོ་གང་ཞེ་ན། བསམ་གཏན་ལ་བརྟེན་ནས་མཚན་དང་དཔེ་བྱད་བཟང་པོས་བརྒྱན་པའི་སྐུ་སྟོན་པ་དང་ཡང་དག་པར་འབྱོར་པའི་ཏིང་ངེ་འཛིན་དང་ཤེས་རབ་གང་ཡིན་པ་དང་། དེ་དག་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་དང་།
དེ་དག་ལས་བྱུང་བའི་རྣམ་པར་སྨིན་པའོ། །ཞེས་གསུངས་པའི་ཕྱིར།
Some masters assert that there are consciousnesses and fruitional factors of shape and colour etc. among those because Asanga's Compendium says:
What are the Marks and Signs? The concentration and wisdom perfectly connected with displaying a Body ornamented by the Excellent Marks and Signs in dependence upon a concentration, as well as the phenomena that are minds and mental factors conjoined with those, and fruitions arisen from those.
དེས་ན་གོང་དུ་ཀུན་བཏུས་ཀྱི་ལུང་དྲངས་པ་ལྟར་ཤེས་པ་ཡོད་པར་བཞེད་ན།
འདི་ལ་རོ་མི་ཞིམ་པ་རོ་མཆོག་སྣང་། །ཞེས་པའི་མཚན་བཟང་དེ་ཤེས་པ་ཡིན་པར་བཞེད་དམ་སྙམ་མོ།
Therefore, if one asserts there are those that are consciousnesses in accordance with that quote, I think the Excellent Sign of "Unpleasant tastes appearing as supremely tasty" (i.e. 21) is asserted as being consciousness.
དེས་ན་ལུང་དེའི་དོན་ནི། གང་ཟག་ཕལ་པའི་ལྗགས་ཤེས་ལ་རོ་མི་ཞིམ་པར་སྣང་བའི་རོ་དེ་སངས་རྒྱས་འཕགས་པའི་ལྗགས་ཤེས་ཀྱི་སྟེང་དུ་བཞག་པ་ན་དེའི་ཐུགས་རྗེའི་
དབང་གིས་གནས་གྱུར་ནས་རོ་ཞིམ་པའི་མཆོག་ཏུ་གྱུར་པ་ཡིན་ཏེ།
Our system's meaning of that quote: When positing the taste that appears as distasteful to the tongue-consciousness of ordinary persons on the basis of an Arya Buddha's tongue-consciousnesses, it is the supreme delicious taste transformed through the power of their compassion.
དཔེར་ན། སྟོན་པ་སངས་རྒྱས་ཀྱིས་རྟ་ཆས་ཀྱི་ནས་རུལ་བ་བཞེས་པའི་ཚེ་ཀུན་དགའ་བོས་སེམས་ཁྲལ་བྱས་པ་ལ་སངས་རྒྱས་ཀྱི་ཚེམས་ཀྱི་བར་ནས།
ནས་རུལ་བ་བཏོན་ནས་ཀུན་དགའ་བོ་ལ་བྱིན་པས་དེས་ཟོས་པ་དང་སྔར་མ་མྱོང་བའི་རོ་ཞིམ་པ་གཅིག་མྱོང་བ་བཞིན་ནོ།
For example, when the Buddha ate a rotten barley grain (horse-feed), Ananda became worried; the Buddha took out the rotten barley grain from between his teeth and gave it to Ananda; he ate it and experienced a delicious taste that he never experienced before.
འདི་ལ་བརྟེན་ནས་དཔྱད་པར་བྱ་བ་མང་དུ་སྣང་ཡང་མང་དུ་དོགས་པས་རེ་ཞིག་བཞག་གོ
In dependence upon this, there are many things to analyse!
དེས་ན་མཚན་དཔེ་དེ་རྣམས་ཕལ་ཆེ་བ་གཟུགས་ཀྱི་ཕུང་པོས་བསྡུས་པ་ཡིན་ཞིང་། རོ་མཆོག་སྣང་བའི་མཚན་ནི་ལྡན་མིན་འདུ་བྱེད་དུ་འདོད་དགོས་སམ་དཔྱད་པར་བྱའོ།
The Marks and Signs are mostly included within the form aggregate.
The Mark of tastes appearing as supreme (21) should be analysed as to whether it should be asserted as a non-concomitant compounded phenomenon.
མཚན་དཔེ་དེ་རྣམས་གཟུགས་ཡིན་ལ་བེམ་པོ་མ་ཡིན།
The Marks and Signs are form but not matter.
(Unlike Sautrantika, for whom they are mutually inclusive; for Svatantrika they are three possibilities, generality and instance)
See also: Marks and Signs (4-Bodies GM)
Up a level: Complete enjoyment body