Knower of paths knowing the paths of Hearers
སེམས་བསྐྱེད་བསྔོ་བ་སྟོང་ཉིད་རྟོགས་པའི་ཤེས་རབ་གསུམ་གྱིས་ཟིན་པའི་སྒོ་ནས་གདུལ་བྱ་ཉན་ཐོས་ཀྱི་རིགས་ཅན་རྗེས་སུ་གཟུང་བའི་ཕྱིར་དུ་ཤེས་པར་བྱ་བའི་མངོན་རྟོགས་ཀྱི་རིགས་སུ་གནས་པའི་ཐེག་ཆེན་འཕགས་པའི་མཁྱེན་པ་དེ། ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་ཀྱི་མཚན་ཉིད།
Definition: A Mahayana Arya’s exalted knower abiding in the class of clear realisations that are to be known in order to take care of Hearer lineage-bearer disciples, by way of being conjoined with the three: mind generation, dedication, and the wisdom realising emptiness.
Division:
- That in the continuum of an Arya Bodhisattva བྱང་སེམས་འཕགས་པའི་རྒྱུད་ཀྱི་དེ།
- That in the continuum of an Arya Buddha སངས་རྒྱས་འཕགས་པའི་རྒྱུད་ཀྱི་དེ།
ཐེག་ཆེན་མཐོང་ལམ་ནས་སངས་རྒྱས་ཀྱི་སའི་བར་དུ་ཡོད།
Boundaries: From the Mahayana path of seeing and up to the Buddha-ground.
བྱང་སེམས་འཕགས་པས་ཉན་ཐོས་ཀྱི་ལམ་ཤེས་པར་བྱེད་པའི་ཚུལ་ཡོད་དེ།
དེས་མི་རྟག་སོགས་བཅུ་དྲུག་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་དེ་ཉིད་རང་རྒྱུད་ལ་སྐྱེད་པའི་སྒོ་ནས་སྦྱོར་བའི་དུས་སུ་སེམས་བསྐྱེད།
དངོས་གཞིའི་དུས་སུ་དེ་དག་གི་ངོ་བོ་བདེན་པར་མི་དམིགས་པར་རྟོགས་པ་དང༌། མཇུག་ཏུ་བསྔོ་བ་སྟེ་ཁྱད་ཆོས་གསུམ་ལྡན་དུ་ཤེས་པར་བྱེད་པའི་ཕྱིར།
There is a way in which Arya Bodhisattvas know Hearers’ paths: By way of generating the exalted wisdom directly realising the sixteen aspects (impermanence and so forth) in their continuum, they know those while possessing the three distinguishing features:
- During preparation: mind generation
- During the actual: realising their entity is not observed as truly existent
- At the end: dedication
The Mahayana path of preparation that is the cause of this Knower of Paths
ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་ཀྱི་རྒྱུ་ངེས་འབྱེད་ཆ་མཐུན་ཆོས་ཅན། ཁྱོད་ལ་དུ་མར་ཡོད་དེ།
ཁྱོད་ལ་ཉན་ཐོས་ཀྱི་རྟོགས་རིགས་སུ་གནས་པའི་ཐེག་ཆེན་གྱི་སྦྱོར་ལམ་དྲོད་སོགས་བཞི་ཡོད་པའི་ཕྱིར།
The subject – the partial concordance with definite discrimination that is the cause for a Knower of Paths knowing the paths of Hearers – it has many divisions because it has the four of heat and so forth that are Mahayana paths of preparation abiding in the Hearer class of realisations.
དེས་ན། ཉན་ཐོས་ཀྱི་རྟོགས་རིགས་སུ་གནས་པའི་ཐེག་ཆེན་གྱི་དོན་མངོན་རྟོགས་དེ། ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་ཀྱི་རྒྱུ་ངེས་འབྱེད་ཆ་མཐུན་གྱི་མཚན་ཉིད། དེ་ལ་དབྱེ་ན་བཞིར་ཡོད།
Therefore, the definition of the cause of a Knower of Paths knowing the paths of Hearers (the partial concordance with definite discrimination) is:
A Mahayana clear realisation of meaning abiding in the Hearer class of realisations.
See also: Mahayana path of preparation
Up a level: Knower of paths