Knower of paths not abiding in existence through knowledge
གཞི་ཀུན་རྫོབ་ལ་ལྟོས་པའི་སྲིད་མཐའ་འགོག་བྱེད་ཀྱི་རྟོགས་རིགས་སུ་གནས་པའི་ཐེག་ཆེན་འཕགས་པའི་མཁྱེན་པ།
ཤེས་པས་སྲིད་ལ་མི་གནས་པའི་ལམ་ཤེས་ཀྱི་མཚན་ཉིད།
དཔེར་ན། གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་ཐེག་ཆེན་གྱི་མཐོང་ལམ་ལྟ་བུ།
Definition: A Mahayana Arya's exalted knower abiding in the class of realisations that cease the extreme of existence in relation to conventional bases.
Illustration: Mahayana path of seeing directly realising the selflessness of persons.
ལས་ཉོན་གྱིས་འཕངས་པའི་འཁོར་བ་དེ་སྐབས་འདིར་བསྟན་གྱི་ཀུན་རྫོབ་ལ་ལྟོས་ཏེ་སྲིད་མཐའ་དང༌།
དེ་ལ་གནས་པ་སྐབས་འདིར་བསྟན་གྱི་ཀུན་རྫོབ་ལ་ལྟོས་ཏེ་སྲིད་མཐའ་ལ་གནས་པའི་དོན་ཡིན།
In this context:
- "The extreme of existence in relation to the conventional" means samsara projected by karma and afflictions;
- "Abiding in the extreme of existence in relation to the conventional" means not abiding in that.
འཁོར་བ་བདེན་གྲུབ་དོན་དམ་ལ་ལྟོས་ཏེ་སྲིད་མཐའ་དང༌།
འཁོར་བ་ལ་མཐའ་གཅིག་ཏུ་དོར་བྱར་བདེན་པར་ཞེན་པ་འདིར་བསྟན་དོན་དམ་ལ་ལྟོས་ཏེ་སྲིད་མཐའ་ལ་གནས་པའི་དོན་ཡིན།
In this context:
- "The extreme of existence in relation to the ultimate" means the true existence of samsara;
- "Abiding in the extreme of existence in relation to the ultimate" means adhering to samsara exclusively as a truly existent object to be discarded.
Up a level: Not abiding in existence or peace