Madhyamaka
སངས་རྒྱས་ཀྱི་སྐུར་འགྱུར་རུང་གི་ཆོས། སངས་རྒྱས་ཀྱི་རིགས་ཀྱི་མཚན་ཉིད།
Definition of Buddha-lineage: A phenomenon that is suitable to transform into a Buddha-body.
Divisions:
- Naturally abiding lineage རང་བཞིན་གནས་རིགས།
- Developmental lineage རྒྱས་འགྱུར་གྱི་རིགས།
དབུ་མ་པ་རྣམས་ཀྱིས་ནི་སྔར་གྱི་ལུགས་དེ་གཉིས་ཀ་བཀག་ནས། སེམས་ཅན་གྱི་རྒྱུད་ཀྱི་གློ་བུར་གྱི་དྲི་མ་དང་བཅས་པའི་སེམས་ཀྱི་རང་བཞིན་ལ་
བློ་བུར་གྱི་དྲི་མ་མ་ཞུགས་ཤིང། དེའི་ཆོས་ཉིད་དེའི་རང་བཞིན་གནས་རིགས་སུ་འདོད་པ་ཡིན་ལ།
The Mādhyamikas refute both of the above systems and assert that:
- The adventitious stains do not enter the nature of the mind together with adventitious stains in the continuum of sentient beings, and
- That its dharmatā is its naturally abiding lineage.
སེམས་ཀྱི་རང་བཞིན་ལ་དྲི་མ་མ་ཞུགས་པ་ཡིན་ཏེ། དཔེར་ན། ནམ་མཁའི་རང་བཞིན་ལ་སྤྲིན་མ་ཞུགས་པ་དང། ཆུའི་རང་བཞིན་ལ་རྙོག་པ་མ་ཞུགས་པ་དང།
གསེར་གྱི་རང་བཞིན་ལ་གཡའ་མ་ཞུགས་པ་བཞིན་ཡིན་པའི་ཕྱིར་ཏེ།
Stains do not enter the nature of the mind because it is similar to:
- Clouds not entering the nature of the sky,
- Dirt not entering the nature of water, and
- Impurities not entering the nature of gold.
རྒྱུད་བླ་མ་ལས། རིན་ཆེན་ནམ་མཁའ་ཆུ་དག་བཞིན། རྟག་ཏུ་རང་བཞིན་ཉོན་མོངས་མེད།
This is because [Maitreya’s] Uttaratantra says:
Like treasure, the sky, and water are pure,
The nature is always without afflictions.
རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང༌། དེ་གཞིན་ཉིད་དབྱེར་མེད་ཕྱིར་དང༌།
རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། རྟག་ཏུ་སངས་རྒྱས་སྙིང་པོ་ཅན།
[Maitreya’s] Uttaratantra says:
Because a perfect buddha's body is pervasive,
Because suchness is without differentiation,
And because a [buddha] lineage exists, all embodied
Are always in possession of a buddha essence.
དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ལས། ལུས་ཅན་ཀུན་རྟག་ཏུ་སངས་རྒྱས་ཀྱི་སྙིང་པོ་ཅན་ནོ། ཞེས་གསུངས་པའི་རྒྱུ་མཚན་ཡོད་དེ།
དེ་རྣམས་རྟག་ཏུ་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཏེ་ཁམས་བདེ་བར་གཤེགས་པའི་སྙིང་པོ་ཅན་ཡིན་པའི་ཕྱིར་ཏེ།
There is a reason for the Sugatagarbha Sutra saying, "All embodied beings always possess the Buddha-essence." It is because they always possess the Tathāgatagarbha, the dhātu, the Sugatagarbha.
This is because:
- The enlightened activities of the perfect Buddhas’ Dharmakāya pervade, i.e. engage, all sentient beings;
སེམས་ཅན་ཐམས་ཅད་ལ་རྫོགས་པའི་སངས་རྒྱས་ཀྱི་ཆོས་སྐུའི་འཕྲིན་ལས་འཕྲོ་བ་སྟེ་འཇུག་པའི་ཕྱིར་དང། - There is no differentiation of nature with respect to the dharmatā, i.e. the emptiness of true existence, of the mind of a Buddha and the mind of a sentient being; and
སངས་རྒྱས་ཀྱི་སེམས་དང་སེམས་ཅན་གྱི་སེམས་གཉིས་བདེན་པས་སྟོང་པའི་ཆོས་ཉིད་ལ་ངོ་བོ་དབྱེར་མེད་པའི་ཕྱིར་དང། - The Buddha-lineage exists pervading all sentient beings.
སངས་རྒྱས་ཀྱི་རིགས་སེམས་ཅན་ཐམས་ཅད་ལ་ཁྱབ་པར་ཡོད་པའི་ཕྱིར།
Divisions in this context (13):
- Six qualities of realisation for ones own welfare: རང་གི་དོན་རྟོགས་པའི་ཆོས་དྲུག
- Four Mahayana partial concordances with definite discrimination ཐེག་ཆེན་ངེས་འབྱེད་ཆ་མཐུན་བཞི།
- Both the Mahayana paths of seeing and meditation ཐེག་ཆེན་མཐོང་ལམ་དང་སྒོམ་ལམ།
- Attributes of those: དེ་དག་གི་ཁྱད་ཆོས།
- Own welfare: རང་དོན།
- Practice of antidotes གཉེན་པོའི་སྒྲུབ་པ།
- Practice of abandonment སྤོང་བའི་སྒྲུབ་པ།
- Practice of finishing those དེ་དག་ཡོངས་སུ་གཏུགས་པའི་སྒྲུབ་པ།
- Attributes of the path: ལམ་གྱི་ཁྱད་ཆོས།
- Practice of wisdom together with compassion ཤེས་རབ་སྙིང་བརྩེར་བཅས་པའི་སྒྲུབ་པ།
- Uncommon practice ཐུན་མོང་མིན་པའི་སྒྲུབ་པ།
- Others' welfare: གཞན་དོན།
- Practice of the stages of others' welfare གཞན་དོན་གོ་རིམས་སུ་བྱེད་པའི་སྒྲུབ་པ།
- Practice of effortlessly engaging in exalted wisdom ཡེ་ཤེས་རྩོལ་བ་མི་མངའ་བར་འཇུག་པའི་སྒྲུབ་པ།
- Own welfare: རང་དོན།
See also: Naturally abiding lineage in the 70 Topics
Up a level: Naturally abiding lineage - the support for Mahayana practices