Mahayana path of meditation in this context

Tendarwa:
གཟུགས་རྟག་མ་ཡིན་མི་རྟག་མིན། ཞེས་སོགས་ཀྱི་གཞུང་རྫོགས། དེ་ལྟར་འདི་དང་ཡང་འདི་དང༌། ཞེས་པའི་གཞུང་མ་བརྩམས་ཀྱི་བར་འདིར་
མི་རྟག་སོགས་མངོན་སུམ་དུ་རྟོགས་པའི་སྒོམ་ལམ་དངོས་སུ་སྟོན་པའི་གཞུང་ཚིག་འབྱུང་རིགས་པར་ཐལ།
བདེན་དང་བདེན་ལ་བཟོད་པ་དང༌། ཞེས་པའི་སྐབས་སུ་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་མཐོང་ལམ་དངོས་སུ་བསྟན་པ་ལ་བརྟེན་ནས་དེའི་རིགས་རྒྱུན་དུ་གྱུར་པའི་སྒོམ་ལམ་དངོས་སུ་སྟོན་པའི་གཞུང་འབྱུང་བ་ལྟ་བུ་ཡིན་པའི་ཕྱིར།
After the root verses starting "Forms are not permanent nor impermanent" and so forth (v3.12-15) and before the root verse "As such, this and also this" and so forth (v3.16), it follows that it is suitable for there to be a root verse explicitly indicating the path of meditation directly realising impermanence and so forth because it is just as in the context of "For the truth and truth, forbearance and" (v2.11-16), which indicated the path of seeing directly realising emptiness, was followed by the explicit indication of the path of meditation that is its continuum of similar-type.

མི་རྟག་སོགས་མངོན་སུམ་དུ་རྟོགས་པའི་སྒོམ་ལམ་དངོས་སུ་སྟོན་པའི་གཞུང་ཚིག་མི་འབྱུང་བའི་རྒྱུ་མཚན་ཡོད་དེ།
དེ་བྱང་ཆུབ་སེམས་དཔས་གནས་ནས་འདའ་བའི་ལམ་དུ་སྟོན་མི་རིགས། བལྟས་ནས་འདའ་བའི་ལམ་དུ་སྟོན་མི་དགོས་པའི་ཕྱིར།
དང་པོ་དེར་ཐལ། དེ་གནས་ནས་འདའ་བའི་ལམ་མ་ཡིན་པའི་ཕྱིར་།
གཉིས་པ་དེར་ཐལ། ལམ་དང་པོ་གསུམ་གྱི་གནས་སྐབས་སུ་མི་རྟག་སོགས་སྒོམ་པ་ལྷུར་ལེན་གྱི་ཚུལ་གྱིས་བསྒོམས་པ་ལ་བརྟེན་ནས་རང་རྒྱུད་ཀྱི་ཉོན་མོངས་དཔལ་གཞོམ་པ་དང༌། གདུལ་བྱ་ཉན་རང་གི་རིགས་ཅན་རྗེས་སུ་འཛིན་པའི་དགོས་པ་དེ་ཉིད་སྒྲུབ་ནུས་པའི་ཕྱིར།
There is a reason for there not being a root verse explicitly indicating the path of meditation directly realising impermanence and so forth; it is because:

  1. It is not suitable to indicate it as a path that is surpassed through abiding by the Bodhisattva; and
  2. It is not necessary to indicate it as a path that is surpassed through seeing.

The first reason is established because it is not a path that is surpassed through abiding.

The second reason is established because overcoming the afflictions in one's continuum and needing to take care of Hearer lineage-bearer disciples in dependence upon having rigorously cultivated the meditation on impermanence and so forth on the occasion of the first three paths can establish that.

(i.e. doing those on the path of meditation implicitly indicates they have that surpassed path of meditation, so there is no need to explicitly indicate it)


Gyaltsab Je:
The Bodhisattva does not need a path of meditation that is a rigorous cultivation of the sixteen aspects in order to:

Because that ability has already been accomplished through rigorous cultivation in the context of the path of seeing; because the Mahayana path of seeing includes all the functionality of abandonment and realisation of the Hearer and Solitary Realisers (ཐེག་པ་ཆེན་པོའི་མཐོང་ལམ་དུ་ཉན་རང་གི་སྤངས་རྟོགས་ཀྱི་བྱེད་པ་འདུས་པ།)


Jetsunpa:

སྐབས་འདིར་མི་རྟག་སོགས་བཅུ་དྲུག་རྟོགས་པའི་ཐེག་ཆེན་གྱི་སྒོམ་ལམ་མི་སྟོན་པའི་རྒྱུ་མཚན་ཡོད་དེ།
བྱང་སེམས་འཕགས་པས་མི་རྟག་སོགས་བཅུ་དྲུག་གོམས་པ་ལྷུར་ལེན་གྱི་ཚུལ་གྱིས་མི་སྒོམ་པའི་ཕྱིར་ཏེ། མི་རྟག་སོགས་བཅུ་དྲུག་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་བྱང་ཆུབ་སེམས་དཔས་ཤེས་པ་དང་མཐོང་བས་བལྟས་ནས་འདའ་བར་བྱ་བའི་མངོན་རྟོགས་ཡིན་གྱི། དེས་མངོན་དུ་བྱ་བའི་མངོན་རྟོགས་མ་ཡིན་པའི་ཕྱིར།
There is a reason for not indicating the Mahayana path of meditation realising the sixteen aspects (impermanence and so forth) in this context (i.e. after indicating such a path of seeing): because Arya Bodhisattvas do not rigorously cultivate familiarisation with the sixteen aspects (impermanence and so forth).
This is because the exalted wisdom directly realising the sixteen aspects (impermanence and so forth):

བྱང་སེམས་ཀྱི་སྦྱོར་ལམ་དེ་ཡང་སྐབས་འདིར་མ་བསྟན་པའི་རྒྱུ་མཚན་ཡོད་དེ། དེ་སྔར་བཤད་ཟིན་པ་ཡིན་པའི་ཕྱིར།
There is also a reason for not indicating the Bodhisattva's path of preparation in this context: because that has been previously explained.


See also: Surpassed and Surpassing Mahayana path of seeing
Up a level: Mahayana path of seeing explicitly indicated in this context