Mahayana path of preparation
ཐེག་ཆེན་གྱི་ཐར་པ་ཆ་མཐུན་རྫོགས་རྗེས་སུ་བྱུང་བའི་མངོན་པར་རྟོགས་པའི་རིགས་སུ་གནས་ཤིང་། བདེན་པ་མངོན་པར་རྟོགས་པ་དང་རྗེས་སུ་མཐུན་པའི་ཐེག་ཆེན་གྱི་འཇིག་རྟེན་པའི་དོན་མངོན་པར་རྟོགས་པ། ཐེག་ཆེན་གྱི་སྦྱོར་ལམ་གྱི་མཚན་ཉིད།
Definition: A mundane Mahayana clear realisation of meaning that 1) abides in the class of clear realisations arising subsequent to the completion of the Mahayana partial concordance with liberation and 2) is concordant with the clear realisation of truth.
Divisions:
- Heat དྲོད།
- Peak རྩེ་མོ།
- Forbearance བཟོད་པ།
- Supreme qualities ཆོས་མཆོག
དང་པོ་ཉིད་ནས་ཐེག་ཆེན་དུ་རིགས་ངེས་པའི་བྱང་སེམས་ཚོགས་ལམ་པ་དེས་སྟོང་ཉིད་ལ་དམིགས་པའི་ཞི་ལྷག་ཟུང་འབྲེལ་ཐོག་མར་ཐོབ་པ་ན།
ཐེག་ཆེན་གྱི་སྦྱོར་ལམ་དྲོད་ཐོབ་པ་དང། སྟོང་ཉིད་ལ་དམིགས་པའི་སྒོམ་བྱུང་ཐོབ་པ་རྣམས་དུས་མཉམ་པ་ཡིན་ནོ།
Mode of Arising: A bodhisattva on the path of accumulation, who is definite in the Mahayana lineage from the start, simultaneously (initially) attains:
- The union of calm abiding and special insight observing emptiness
- The heat level of the Mahayana path of preparation and
- An awareness arisen from meditation observing emptiness.
The three wisdoms:
- Wisdom arisen through hearing ཐོས་བྱུང་གི་ཤེས་རབ།
A wisdom mainly arisen from great listening to the Buddha’s teachings.
གཙོ་བོར་གསུང་རབ་ཀྱི་ཚིག་མང་དུ་ཐོས་པ་ལས་བྱུང་བའི་ཤེས་རབ། - Wisdom arisen through contemplation བསམ་བྱུང་གི་ཤེས་རབ།
A wisdom mainly arisen through the force of contemplating the meaning of those teachings.
གཙོ་བོར་གསུང་རབ་ཀྱི་དོན་བསམས་པའི་སྟོབས་ལས་བྱུང་བའི་ཤེས་རབ། - Wisdom arisen through meditation སྒོམ་བྱུང་གི་ཤེས་རབ།
A wisdom mainly arisen through the force of a meditative stabilisation of the first concentration and higher. གཙོ་བོར་བསམ་གཏན་དང་པོ་ཡན་ཆད་ཀྱི་ཏིང་ངེ་འཛིན་སྒོམ་པའི་སྟོབས་ལས་བྱུང་བའི་ཤེས་རབ།
ཐེག་ཆེན་གྱི་སྦྱོར་ལམ་དུ་གྱུར་པའི་མངོན་རྗེས་སོགས་དུ་མ་ཡོད་ཀྱང། དང་པོ་ཉིད་ནས་ཐེག་ཆེན་དུ་རིགས་ངེས་པའི་སྟོང་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པའི་ཐེག་ཆེན་གྱི་སྦྱོར་ལམ་མཉམ་གཞག་ཡེ་ཤེས་དེ་བཅད་ཤེས་ཡིན་པའི་ཕྱིར། དེ་བློ་རིག་བདུན་པོ་གང་རུང་ཡིན། དེ་རྗེས་དཔག ཡིད་དཔྱོད། སྣང་ལ་མ་ངེས་པ། ཐེ་ཚོམ། ལོག་ཤེས། མངོན་སུམ་གང་རུང་མ་ཡིན་པའི་ཕྱིར།
For a bodhisattva of definite Mahayana lineage from the start, the exalted wisdom of meditative equipoise of the Mahayana path of preparation that is in single-pointed equipoise on emptiness is a subsequent cogniser because:
- It is one of the Seven Awarenesses and Knowers - this is easy (དང་པོ་སླ།)
- It is not an inferential cogniser, - because of being an awareness arisen through meditation
(སྒོམ་བྱུང་གི་བློ་ཡིན་པའི་ཕྱིར།) - It is not a correct assumption, Appearance without ascertainment, doubt, or wrong consciousness - because of being a path to liberation (ཐར་ལམ་ཡིན་པའི་ཕྱིར།)
- It is not a direct perceiver - because of being an awareness realising emptiness in the continuum of an ordinary being (སོ་སྐྱེའི་རྒྱུད་ཀྱི་སྟོང་ཉིད་རྟོགས་པའི་བློ་ཡིན་པའི་ཕྱིར།)
ཐེག་ཆེན་གྱི་སྦྱོར་ལམ་དེ་ཐེག་དམན་གྱི་སྦྱོར་ལམ་ལས་ཁྱད་ཆོས་ལྔའམ་དྲུག་གི་སྒོ་ནས་ཁྱད་པར་དུ་འཕགས་པ་ཡིན་ཏེ། དེ་དེ་ལས་དམིགས་པ། རྣམ་པ།
རྒྱུ་བྱེད་ཚུལ། ཡོངས་འཛིན་གྱི་ཁྱད་པར། རྣམ་རྟོག་ལྡན་ཚུལ་དང། ཆུང་འབྲིང་ཆེན་པོའི་དབྱེ་བའི་སྒོ་ནས་ཀྱང་ཁྱད་པར་དུ་འཕགས་པ་ཡིན་པའི་ཕྱིར།
Distinguishing features:
- Objects of observation དམིགས་པ།
- Because it observes the four truths by way of a limitless number of reasonings:
དེས་བདེན་བཞི་ལ་རིགས་པའི་རྣམ་གྲངས་མཐའ་ཡས་པའི་སྒོ་ནས་དམིགས་སྟེ། - Middling forbearance: by way of cause བཟོད་པ་འབྲིང་གི་གནས་སྐབས་སུ་རྒྱུའི་སྒོ་ནས།
- Small supreme qualities: by way of result ཆོས་མཆོག་ཆུང་ངུའི་གནས་སྐབས་སུ་འབྲས་བུའི་སྒོ་ནས།
- Small forbearance: by way of the aspects of the two truths
བཟོད་པ་ཆུང་ངུའི་གནས་སྐབས་སུ་བདེན་གཉིས་ཀྱི་ངོ་བོའི་སྒོ་ནས། - The rest: by way of the aspect of dharmata
གཞན་དགུའི་གནས་སྐབས་སུ་ཆོས་ཉིད་ཀྱི་རྣམ་པའི་སྒོ་ནས་དམིགས་པའི་ཕྱིར།
- Because it observes the four truths by way of a limitless number of reasonings:
- Aspects རྣམ་པ། - because the Mahayana path of preparation possesses the aspects that eliminate superimpositions with respect to the four truths by way of a limitless number of reasonings
ཐེག་ཆེན་གྱི་སྦྱོར་ལམ་དེ་རིགས་པའི་རྣམ་གྲངས་མཐའ་ཡས་པའི་སྒོ་ནས་བདེན་བཞི་ལ་སྒྲོ་འདོགས་གཅོད་པའི་རྣམ་པ་ཅན་ཡིན།
- How it acts as a cause རྒྱུ་བྱེད་ཚུལ། - the Mahayana path of preparation acts as the proximate cause for the Mahayana path of seeing, which includes the three complete classes realisation
ཐེག་ཆེན་གྱི་སྦྱོར་ལམ་དེས་རྟོགས་རིགས་གསུམ་ཚང་བའི་ཐེག་ཆེན་གྱི་མཐོང་ལམ་གྱི་ཉེ་རྒྱུ་བྱེད།
- The attribute of tutor ཡོངས་འཛིན་གྱི་ཁྱད་པར། - because the supreme emanation body acts as a tutor who shows the complete Mahayana path to its intended disciple, i.e. the bodhisattva on the path of preparation
མཆོག་གི་སྤྲུལ་སྐུས་རང་གི་ཆེད་དུ་བྱ་བའི་གདུལ་བྱ་བྱང་སེམས་སྦྱོར་ལམ་པ་ལ་ཐེག་པ་ཆེན་པོའི་ལམ་རྫོགས་པར་བསྟན་པའི་ཡོངས་འཛིན་བྱེད།
- How it possesses the conceptions རྣམ་རྟོག་ལྡན་ཚུལ། - because the four levels of the Mahayana path of preparation, heat and so forth, have grasping to true existence as their main object of abandonment
ཐེག་ཆེན་གྱི་སྦྱོར་ལམ་དྲོད་སོགས་བཞི་ལ་བདེན་འཛིན་སྤང་བྱའི་གཙོ་བོར་ལྡན།
- Division of small, middling and great ཆུང་འབྲིང་ཆེན་པོའི་དབྱེ་བ། - because it is correct to divide the supreme dharma level of the Mahayana path of preparation into small, middling, and great (not so for Hinayana)
ཐེག་ཆེན་གྱི་སྦྱོར་ལམ་ཆོས་མཆོག་ལ་ཆུང་འབྲིང་ཆེན་པོའི་དབྱེ་བ་འཐད།
See: Ordinary Hearer grounds / Abhidharmakosha (ch6)
Etymology:
- “Path of preparation” due to being the path on the occasion of application towards the clear realisation of truth བདེན་པ་མངོན་པར་རྟོགས་པ་ལ་སྦྱོར་བའི་སྐབས་ཀྱི་ལམ་ཡིན་པས་སྦྱོར་ལམ།
- “Partial concordance with definite discrimination” due to being the continuum of the part of the path that definitively separates the mental continuum from the objects of abandonment of the path of seeing
རྒྱུད་མཐོང་སྤང་ལས་ངེས་པར་འབྱེད་པའི་ལམ་གྱི་ཆའི་རྒྱུན་ཡིན་པས་ངེས་འབྱེད་ཆ་མཐུན། - “Branch of definite discrimination” due to being a branch of that དེའི་ཡན་ལག་ཡིན་པས་ངེས་འབྱེད་ཡན་ལག
Up a level: Perfection of Wisdom