Mirror-like exalted wisdom (extensive)
The Mirror-like exalted wisdom possesses five attributes: མེ་ལོང་ལྟ་བུའི་ཡེ་ཤེས་དེ། ཁྱད་ཆོས་ལྔ་དང་ལྡན་པ་ཡིན་ཏེ།
- Absence of grasping to I and Mine ང་དང་ང་ཡིར་འཛིན་པ་མེད་པ།
- Non-elimination of objects ཡུལ་ཡོངས་སུ་མ་ཆད་པ།
- Always present in an Arya Buddha's continuum སངས་རྒྱས་འཕགས་པའི་རྒྱུད་ལ་དུས་རྟག་ཏུ་ལྡན་པ།
- Always engaging the modes and varieties in an unobscured manner
ཤེས་བྱ་ཇི་ལྟ་བ་དང་། ཇི་སྙེད་པ་ལ་མ་རྨོངས་པར་དུས་ཐམས་ཅད་དུ་འཇུག་པ། - Never being directed to just individual objects རྟག་ཏུ་ཡུལ་རེ་རེ་བ་དེ་ཁོ་ན་ལ་མངོན་དུ་ཕྱོགས་པ་མ་ཡིན་པ།
མེ་ལོང་ལྟ་བུའི་ཡེ་ཤེས་དེ། ཡེ་ཤེས་ཕྱི་མ་གསུམ་གྱི་རྟེན་བྱེད་པ་དང་། ཡེ་ཤེས་ཕྱི་མ་གསུམ་པོ་དེ་ལ་བརྟེན་པ་ཡིན་པས། ཕན་ཚུན་རྟེན་དང་བརྟེན་པ་ཡིན།
The Mirror-like exalted wisdom, due to acting to support and being supported upon the latter three exalted wisdom, is mutually support and supported.
དེ་ཆོས་ཅན། ཁྱོད་ལ་མི་གཡོ་བ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཁྱོད་རྒྱུན་མི་འཆད་དུ་འབྱུང་བས་དེ་ལྟར་བརྗོད་པའི་ཕྱིར།
That subject, there is a reason for calling it "unwavering": due to uninterruptedly arising.
དེ་ཆོས་ཅན། བྱེད་ལས་ཁྱད་པར་ཅན་དང་ལྡན་ཏེ།
That subject, it possesses a special function:
- Due to being the source of the latter three exalted wisdoms, it is similar to a treasure-mine;
ཡེ་ཤེས་ཕྱི་མ་གསུམ་གྱི་འབྱུང་ཁུངས་ཡིན་པས་རིན་པོ་ཆེའི་འབྱུང་གནས་དང་འདྲ་བ་དང་། - It acts as the support for all the Buddha's excellences སངས་རྒྱས་པའི་འབྱོར་པ་ཐམས་ཅད་ཀྱི་རྟེན་བྱེད་པ་ཡིན་པའི་ཕྱིར།
དེ་ལོངས་སྐུར་གདགས་སུ་རུང་སྟེ། དེ་ལོངས་སྐུའི་གདགས་གཞི་མཐར་ཐུག་ཡིན་པའི་ཕྱིར།
It is suitable to be designated as the Enjoyment Body because of being the final basis of designation of the Enjoyment Body.
དེ་ཆོས་ཅན། ཁྱོད་ལ་མེ་ལོང་ལྟ་བུའི་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཡེ་ཤེས་ཕྱི་མ་གསུམ་གྱི་གཟུགས་བརྙན་ཏེ་རྣམ་པ་དུས་གཅིག་ཏུ་སྣང་བའི་ཕྱིར།
That subject, there is a reason for calling it "mirror-like": due to simultaneously appearing in the image, i.e. aspect, of the latter three exalted wisdom.
See also: Mirror-like exalted wisdom
Up a level: Division of the Five Wisdoms