Mirror-like exalted wisdom
མེ་ལོང་ཡེ་ཤེས་དེ་ལ་མི་གཡོ་བ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དེ་དུས་རྒྱུན་མི་འཆད་དུ་འབྱུང་བས་དེ་ལྟར་བརྗོད་པའི་ཕྱིར།
Reason for referring to Mirror-like exalted wisdom as immovable: due to arising continuously / uninterruptedly.
མེ་ལོང་ལྟ་བུའི་ཡེ་ཤེས་ཆོས་ཅན། ཁྱད་ཆོས་ལྔ་དང་ལྡན་ཏེ།
The subject - the Mirror-like exalted wisdom - it possesses five distinguishing characteristics:
- Non-inherent existence of mine - due to lacking conceptualisations of I and mine, apprehendeds and apprehenders ང་དང་ང་ཡི་བ་དང་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་མེད་པའི་ཕྱིར་ང་ཡི་བ་རང་བཞིན་གྱིས་མེད་པའི་ཁྱད་པར།
- Complete non-bias by way of places, such as east and so forth
ཤར་ལ་སོགས་པའི་ཡུལ་གྱི་སྒོ་ནས་རིས་ཡོངས་སུ་མ་ཆད་པའི་ཁྱད་པར། - Permanent possession by way of time དུས་ཀྱི་སྒོ་ནས་རྟག་ཏུ་ལྡན་པའི་ཁྱད་པར།
- Engaging all objects of knowledge without obscuration due to being permanently free from obscurations
རྟག་ཏུ་སྒྲིབ་པ་དང་བྲལ་བས་ཤེས་བྱ་ཐམས་ཅད་ལ་མ་རྨོངས་པར་འཇུག་པའི་ཁྱད་པར། - Not always being directed only to individual objects རྟག་ཏུ་ཡུལ་རེ་རེ་བ་ཁོ་ན་ལ་མངོན་སུམ་དུ་ཕྱོགས་པ་མིན་པའི་ཁྱད་པར།
དེ་ཆོས་ཅན། ཡེ་ཤེས་ཀྱི་འབྱུང་གནས་ཆེན་པོ་དང་འདྲ་སྟེ། ཡེ་ཤེས་ཕྱི་མ་གསུམ་པོ་ཀུན་གྱི་རྒྱུ་མཚན་མཐར་ཐུག་ཡིན་པའི་ཕྱིར།
That subject, it is similar to a great source of exalted wisdom because it is the final reason for the other three exalted wisdoms.
དེ་ཆོས་ཅན། ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཉིད་ཅེས་གདགས་སུ་རུང་སྟེ། དེའི་གདགས་གཞི་མཐར་ཐུག་ཡིན་པའི་ཕྱིར།
That subject, it is suitable to be designated as Buddhahood of complete enjoyment because it is its final basis of designation.
དེ་ཆོས་ཅན། མེ་ལོང་ལྟ་བུ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཡེ་ཤེས་གཞན་གསུམ་གྱི་གཟུགས་བརྙན་འབྱུང་བའི་རྟེན་དུ་གྱུར་པའི་མཐར་ཐུག་པའི་མཁྱེན་པ་ཡིན་པའི་ཕྱིར།
That subject, there is a reason for calling it Mirror-like: Due to being a final exalted knower that is the support for the reflections of the other three exalted wisdoms.
Up a level: Five exalted wisdoms of a Buddha