Mode of alternation
Mode of alternation:
- Explicitly indicated in sutra: beginner's alternation མདོའི་དངོས་བསྟན་དང་མཐུན་པར་ཙམ་པོ་པའི་སྤེལ་ཚུལ།
- Going up: alternating the concentrations and formless absorptions with cessation
ཡར་སོང་བསམ་གཟུགས་བརྒྱད་ལ་འགོག་པ་སྤེལ་ཚུལ། - Coming down: alternating the nine serial absorptions with a desire realm mind
མར་འོང་མཐར་གནས་སྙོམས་འཇུག་དགུ་ལ་འདོད་སེམས་སྤེལ་ཚུལ།
- Going up: alternating the concentrations and formless absorptions with cessation
- Alternation having later attained mastery ཕྱིས་དབང་ཐོབ་ནས་སྤེལ་ཚུལ་གཉིས།
Beginner's alternations
སྦྱོར་བ་གཉིས་སྔོན་དུ་བཏང་ནས། དང་པོར་བསམ་གཏན་དང་པོ་ལ་སྙོམས་པར་འཇུག །དེ་ལས་ལངས་ནས་འགོག་པ་ལ། དེ་ནས་བསམ་གཏན་གཉིས་པ་ལ།
དེ་བཞིན་དུ་སྲིད་རྩེ་ལས་ལངས་ནས་འགོག་པ་ལ། དེ་ལས་ལངས་ནས་སྲིད་རྩེའི་ནུད་ཆུང་མངོན་དུ་བྱེད་པའི་ཕྱིར།
Beginner going up: Preceded by the two preparations, initially one enters absorption into the first concentration, then arises from that and enters cessation, from that to the second concentration, and so forth up to arising from the Peak of Existence and into cessation, and arising from that and manifesting the Peak of Existence Small Retreat.
སྲིད་རྩེའི་ནུད་ཆུང་དང་། མཚམས་འཛིན་གྱི་འདོད་སེམས་སྔོན་དུ་བཏང་ནས། འགོག་པ་ལ་སྙོམས་པར་འཇུག །དེ་ནས་འདོད་སེམས་མངོན་དུ་བྱེད།
དེ་ནས་སྲིད་རྩེ་ལ། དེ་ནས་འདོད་སེམས་ནས་བསམ་གཏན་དང་པོ་ལ། དེ་ནས་འདོད་སེམས་མངོན་དུ་བྱེད་པའི་ཕྱིར།
Beginner coming down: Preceded by the Peak of Existence Small Retreat and the Intermediary Desire Realm Mind, one enters absorption into cessation, then manifests a desire realm mind, then into Peak of Existence, [and so forth], then desire realm mind to the first concentration, then manifests a desire realm mind.
ཡར་སོང་གི་འགོག་པ་ཐ་མའི་ཚེ་སྲིད་རྩེའི་ནུད་ཆུང་བྱེད་པའི་རྒྱུ་མཚན་ཡོད་དེ། བྱང་སེམས་དབང་རྟུལ་ཁ་ཅིག་ཡར་སོང་གི་འགོག་པ་ཐ་མའི་རྗེས་དེ་མ་ཐག་ཏུ་
མཚམས་འཛིན་གྱི་འདོད་སེམས་མངོན་དུ་བྱེད་མི་ནུས་པ་ལ་དེས་དེ་མངོན་དུ་བྱས་ནས་དེ་རྗེས་སུ་མཚམས་འཛིན་གྱི་འདོད་སེམས་མངོན་དུ་བྱེད་ནུས་པའི་
རྒྱུ་མཚན་གྱིས་དེ་ལྟར་བྱེད་པའི་ཕྱིར།
Reason for manifesting the Peak of Existence Small Retreat after the last cessation when going up:
Some dull-faculty bodhisattvas are not able to manifest the Intermediary Desire Realm Mind immediately after the last cessation going up, so they manifest [the Peak of Existence Small Retreat] and afterwards are able to manifest the Intermediary Desire Realm Mind.
ཡར་སོང་གི་འགོག་པ་ཐ་མའི་རྗེས་སུ་འདོད་སེམས་མངོན་དུ་བྱེད་མི་ནུས། མར་འོང་གི་འགོག་པ་ཐ་མའི་རྗེས་དེ་མ་ཐག་ཏུ་དེ་མངོན་དུ་བྱེད་ནུས་པའི་རྒྱུ་མཚན་ཡོད་དེ།
ཡར་སོང་གི་འགོག་པ་ནི་ཁམས་གསུམ་གྱི་སེམས་ཀྱི་ནང་ནས་ཕྲ་བ་མཐར་ཐུག་པ་སྲིད་རྩེའི་སེམས་ཀྱིས་དེ་མ་ཐག་རྐྱེན་བྱས་པས།
དེ་ལས་ལངས་མ་ཐག་ཏུ་ཁམས་གསུམ་གྱི་སེམས་ཀྱི་ནང་ནས་རགས་པ་མཐར་ཐུག་པ་འདོད་སེམས་མངོན་དུ་བྱེད་མི་ནུས། མར་འོང་གི་འགོག་པ་ཐ་མ་དེ་ཁམས་གསུམ་གྱི་སེམས་ཀྱི་ནང་ནས་རགས་པ་མཐར་ཐུག་པ་འདོད་སེམས་ཀྱིས་དེ་མ་ཐག་རྐྱེན་བྱས་པས། དེ་ལས་ལངས་མ་ཐག་ཏུ་མངོན་དུ་བྱེད་ནུས་པའི་ཕྱིར།
Reason they are able to do that coming down, despite not being able to coming up:
Since the mind of the Peak of Existence (the most subtle mind of the three realms) acts as the immediately preceding condition for the cessation going up, they are not able to manifest a desire realm mind (the coarsest mind of the three realms) immediately after arising from that.
Since the desire realm mind (the coarsest mind of the three realms) acts at the immediately preceding condition for the cessation coming down, they are able to manifest that immediately after arising from that.
Skilled alternation
ཕྱིས་དབང་ཐོབ་ནས་ངེས་པ་མེད་དེ། མཐར་གནས་སྙོམས་འཇུག་དགུ་ལ་འདོད་སེམས་སྤེལ་ནས་ལུགས་མཐུན་དུ་སྙོམས་པར་འཇུག་པ་ཡང་ཡོད།
བསམ་གཟུགས་བརྒྱད་ལ་འགོག་པ་སྤེལ་ནས་ལུགས་ལྡོག་ཏུ་སྙོམས་པར་འཇུག་པ་ཡང་ཡོད་པའི་ཕྱིར།
Having subsequently attained mastery there is no certainty because:
- They also enter absorption in forward order through alternating the nine serial absorptions with a desire realm mind, and
- They also enter absorption in reverse order through alternating the eight concentrations and formless absorptions with cessation.
Up a level: Actual leaping meditative absorptions