Mode of engaging in the activities (Ornament for Mahayana Sutras)

Mode of engaging spontaneously ལྷུན་གྲུབ་ཏུ་འཇུག་ཚུལ།

སངས་རྒྱས་ཀྱི་འཕྲིན་ལས་འབད་མེད་ལྷུན་གྲུབ་ཏུ་འཇུག་པ་ཡིན་ཏེ། དཔེར་ན་ལྷའི་རྔ་བོ་ཆེ་དག་མ་བརྡུངས་པར་ཡང་སྔོན་གྱི་སྨོན་ལམ་གྱི་མཐུས་ཆོས་ཀྱི་སྡོམ་བཞི་སོགས་སྟོན་པའི་སྒྲ་ཀུན་ཏུ་འབྱུང་བར་བྱེད་པ་དང་། ནོར་བུ་རིན་པོ་ཆེས་འབད་རྩོལ་མེད་པར་རང་གི་འོད་ཀུན་ཏུ་སྟོན་པ་ལྟར། སངས་རྒྱས་རྣམས་ཀྱང་འབད་རྩོལ་གྱི་གཟོ་དང་
རྣམ་རྟོག་གི་རྒྱུ་བ་མེད་པར་གདུལ་བྱ་ལ་དམ་པའི་ཆོས་འཆད་ཅིང་ཕན་བདེ་ལ་འགོད་པའི་འཕྲིན་ལས་ངང་གིས་འཇུག་པའི་ཕྱིར།
Enlightened activities are engaged in spontaneously and effortlessly because:
For example, just like the great drum of the gods gives rise to sound indicating the four seals of the dharma and so forth without being struck but through the force of previous prayers and just like a precious jewel displays its light effortlessly,
Likewise, the Buddhas naturally engage in enlightened activities to benefit disciples and explain the holy dharma without being moved by conception or being mindful of effort.

Mode of engaging without interruption རྒྱུན་མི་འཆད་དུ་འཇུག་ཚུལ།

སངས་རྒྱས་ཀྱི་འཕྲིན་ལས་རྒྱུན་མི་འཆད་དུ་འབྱུང་བ་ཡིན་ཏེ། དཔེར་ན་ནམ་མཁའ་ལ་སྣོད་བཅུད་ཀྱི་འཇིག་རྟེན་གྱི་བྱ་བ་རྒྱུན་མི་འཆད་པ་དང་།
ནམ་མཁའ་ལ་སྣོད་བཅུད་ཀྱི་འཇིག་རྟེན་གྱི་བྱ་བ་སྔ་མ་ཉམས་པ་སྟེ་འཇིག་ཅིང་ཕྱི་མ་བྱུང་བ་སྟེ་འཆགས་པ་ལྟར།
སངས་རྒྱས་རྣམས་ཀྱང་ཆོས་ཀྱི་དབྱིངས་ལས་མ་གཡོས་པར་གདུལ་བྱ་ཕན་བདེ་ལ་འགོད་པའི་འཕྲིན་ལས་རྒྱུན་མི་འཆད་པར་འབྱུང་བའི་ཕྱིར།
Enlightened activities arise uninterruptedly because:
For example, just like in space there is uninterrupted activity of the container and contained world-system, as well as their disintegration and formation,
Likewise, the Buddhas uninterruptedly give rise to enlightened activities setting disciples in happiness without moving from the dharmadhatu.


དེས་ན་སངས་རྒྱས་རྣམས་ཀྱི་མཛད་པ་འཕྲིན་ལས་ཐམས་ཅད་སེམས་ཅན་གྱི་ཕན་བདེ་སྒྲུབ་པ་ལ་གཅིག་ཏུ་འཇུག་པ་ཡིན་ཏེ། དཔེར་ན་འདུས་མ་བྱས་ཀྱི་ནམ་མཁའ་ལ་
ངོ་བོ་མི་འདྲ་བའི་དབྱེ་བ་མེད་ཅིང་། ནམ་མཁར་ཉི་མའི་དཀྱིལ་འཁོར་དུ་མ་ཅིག་ཅར་དུ་ཤར་ཡང་འོད་ཟེར་རྣམས་ནམ་མཁའ་དེ་ཉིད་དུ་འདྲེས་ཤིང་ལོ་ཐོག་སྨིན་པ་དང་།
འདམ་སྐམ་པ་དང་། ཀུ་མུ་ད་ཁ་ཟུམ་པར་བྱེད་པའི་བྱ་བ་འདྲེས་པ་བཞིན་དུ། སངས་རྒྱས་ཀྱི་ཆོས་སྐུ་ལ་ངོ་བོ་མི་འདྲ་བའི་དབྱེ་བ་མེད་ཅིང་།
སངས་རྒྱས་རྣམས་ཀྱི་འཕྲིན་ལས་ཀྱིས་གདུལ་བྱའི་ཕན་བདེ་སྒྲུབ་ཅིང་སྡུག་བསྔལ་སེལ་བར་བྱེད་པར་མཛད་པ་གཅིག་ཏུ་འདྲེས་པ་ཡིན་པའི་ཕྱིར།
Therefore, all the Buddhas' enlightened activities exclusively engage in accomplishing the benefit of sentient beings because:
For example, just like uncompounded space has no divisions of different nature and the sun in the sky arises simultaneously, the rays of light mix with that sky and ripen crops, dry up mud, and cause lotuses to open,
Likewise, although the Buddha's Dharmakaya has no divisions of different nature, the Buddhas' enlightened activities accomplish the disciples' benefit and clear away their suffering.


Up a level: Enlightened Activities