Naturally abiding lineage

རང་གི་རྟེན་ཆོས་སུ་གྱུར་པའི་དྲི་མ་དང་བཅས་པའི་སེམས་ཀྱི་ཆོས་ཉིད་གང་ཞིག ངོ་བོ་ཉིད་སྐུར་འགྱུར་རུང་དེ། རང་བཞིན་གནས་རིགས་ཀྱི་མཚན་ཉིད།
Definition: That which is:

  1. The dharmata of a mind together with stains that is its supporting dharmin; and
  2. Suitable to transform into the Nature Body

Divisions:

  1. Not that indicated in this context
    Illustration: the dharmata of the mind of a person who have not entered a path
    ལམ་མ་ཞུགས་ཀྱི་གང་ཟག་གི་རྒྱུད་ཀྱི་སེམས་ཀྱི་ཆོས་ཉིད་ལྟ་བུ།
  2. Indicated in this context
    1. The naturally abiding lineage that is the support for Hearer practices
      ཉན་ཐོས་ཀྱི་སྒྲུབ་པའི་རྟེན་རང་བཞིན་གནས་རིགས།
      Illustration: That in the continuum of a Hearer Learner.
    2. The naturally abiding lineage that is the support for Solitary Realiser practices
      རང་རྒྱལ་གྱི་སྒྲུབ་པའི་རྟེན་རང་བཞིན་གནས་རིགས།
      Illustration: That in the continuum of a Solitary Realiser Leaner.
    3. The naturally abiding lineage that is the support for Mahayana practices
      ཐེག་ཆེན་གྱི་སྒྲུབ་པའི་རྟེན་རང་བཞིན་གནས་རིགས།
      1. That not explicitly indicated in this context
        Illustration: the dharmatā of the mind in the continuum of a Bodhisattva on the path of accumulation བྱང་སེམས་ཚོགས་ལམ་པའི་རྒྱུད་ཀྱི་སེམས་ཀྱི་ཆོས་ཉིད་ལྟ་བུ།
      2. That explicitly indicated in this context
        Mutually inclusive with the naturally abiding lineage in the continuum of a Bodhisattva definite in the Mahayana lineage from the start that has experienced attaining the path of preparation
        དང་པོ་ཉིད་ནས་ཐེག་ཆེན་དུ་རིགས་ངེས་པའི་བྱང་སེམས་ཀྱི་སྦྱོར་ལམ་ཐོབ་མྱོང་བའི་སེམས་དཔའི་རྒྱུད་ཀྱི་རང་བཞིན་གནས་རིགས་དང་དོན་གཅིག

Boundaries:


དབུ་མའི་སྤྱི་དོན་ལས། གསེར་ཕྲེང་ལྟར་ན། རིགས་སོ་སོར་མ་ངེས་པའི་རྩོད་ལན་དང་། རིགས་ཅན་སོ་སོར་མ་ངེས་པའི་རྩོད་ལན་གཉིས།
UMA GM: According to the Golden Rosary, there are two debates and responses:

  1. Regarding the lineage not being ascertained as individual
  2. Regarding the lineage-bearers not being ascertained as individual

དང་པོ་ནི། རིགས་ཐ་དད་པ་གསུམ་དུ་དབྱེ་བ་མི་རུང་བར་ཐལ། ཐེག་པ་གསུམ་གྱི་རང་བཞིན་གནས་རིགས་ཆོས་དབྱིངས་གང་ཞིག
ཆོས་དབྱིངས་ལ་ངོ་བོ་མི་འདྲ་བའི་དབྱེ་བ་མེད་པའི་ཕྱིར།
The first: It follows that it is unsuitable to divide into three different lineages because 1) the naturally abiding lineages of the three vehicles are dharmadhatu and 2) dharmadhatu has no divisions in terms of different entities.

རྩོད་པ་དེའི་སྐྱོན་མེད་དེ། ཆོས་དབྱིངས་ལ་ངོ་བོ་མི་འདྲ་བའི་དབྱེ་བ་མེད་ཀྱང་། བརྟེན་པ་ཐེག་པ་གསུམ་གྱིས་དབྱེ་བས་རྟེན་རིགས་གསུམ་གྱི་དབྱེ་བ་འཐད་པའི་ཕྱིར་རོ།
There is no such fault because although dharmadhatu has no divisions in terms of different entities, it is suitable to divide into the three lineages (the support) through the division into the three vehicles (the supported).

གཉིས་པ་ནི། སེམས་ཅན་ཐམས་ཅད་ཐེག་པ་ཆེན་པོའི་ལམ་གྱི་སྐབས་ཀྱི་རིགས་ལ་གནས་པར་ཐལ།
བྱང་སེམས་ཀྱི་ཆོས་དབྱིངས་ཐེག་ཆེན་སྒྲུབ་པའི་རྟེན་རང་བཞིན་གནས་རིགས་གང་ཞིག ཆོས་དབྱིངས་སེམས་ཅན་ཐམས་ཅད་ལ་སྤྱིར་གནས་པའི་ཕྱིར།
The second: It follows that all sentient beings abide in the lineage of the occasion of the Mahayana path because 1) the dharmadhatu of the bodhisattva is the naturally abiding lineage that is the support of Mahayana practices and 2) dharmadhatu generally abides in all sentient beings.

ཐལ་འགྱུར་དེ་ལ་ཁྱབ་པ་མེད་དེ། བྱང་སེམས་ཀྱི་སེམས་ཀྱི་ཆོས་དབྱིངས་ཐེག་ཆེན་སྒྲུབ་པའི་རྟེན་རང་བཞིན་གནས་རིགས་ཡིན་ཡང་།
དེ་ལ་གནས་པ་ཙམ་གྱིས་ཐེག་ཆེན་གྱི་ལམ་གྱི་སྐབས་ཀྱི་རིགས་ལ་གནས་པར་མི་འགྱུར་བའི་ཕྱིར།
There is no pervasion in that consequence because although the dharmadhatu of the bodhisattva's mind is the naturally abiding lineage that is the support of Mahayana practices, one will not abide in the lineage of the occasion of the Mahayana path merely through abiding in that.


Up a level: Madhyamaka