Nature body
དག་པ་གཉིས་ལྡན་གྱི་དབྱིངས་མཐར་ཐུག ངོ་བོ་ཉིད་སྐུའི་མཚན་ཉིད།
Definition: A final sphere possessing the two purities.
Divisions:
- Nature body that is the factor of natural purity རང་བཞིན་རྣམ་དག་གི་ཆར་གྱུར་པའི་ངོ་བོ་ཉིད་སྐུ།
e.g. the dharmata in the continuum of an Arya Buddha སངས་རྒྱས་འཕགས་པའི་རྒྱུད་ཀྱི་ཆོས་ཉིད་ལྟ་བུ། - Nature body that is the factor of purity from the adventitious གློ་བུར་རྣམ་དག་གི་ཆར་གྱུར་པའི་ངོ་བོ་ཉིད་སྐུ།
e.g. true cessations in their continuum དེའི་རྒྱུད་ཀྱི་འགོག་བདེན་ལྟ་བུ།
For Svatantrika, the latter is a conventional truth and therefore these two are mutually exclusive.
Boundaries: only on the Buddha-ground. སངས་རྒྱས་ཀྱི་ས་ཁོ་ནར་ཡོད་དོ།
Possesses five characteristics: ངོ་བོ་ཉིད་སྐུ་ཆོས་ཅན། མཚན་ཉིད་ལྔ་དང་ཡང་ལྡན་ཏེ།
- Uncompounded - free from production and disintegration སྐྱེ་འཇིག་དང་བྲལ་བ་འདུས་མ་བྱས་པ་དང་།
- Entity indivisible from its qualities of abandonment and realisation སྤངས་རྟོགས་ཀྱི་ཡོན་ཏན་དང་ངོ་བོ་དབྱེར་མེད་པ་དང་།
- Abandoned the two extremes of superimposition and deprecation སྒྲོ་སྐུར་གྱི་མཐའ་གཉིས་སྤངས་པ་དང་།
- Liberated from the three obscurations: afflictive, knowledge, and to meditative absorption
ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དང་སྙོམས་འཇུག་གི་སྒྲིབ་པ་གསུམ་ལས་གྲོལ་བ་དང་། - Qualities of natural clear light རང་བཞིན་གྱི་འོད་གསལ་བའི་ཡོན་ཏན་དག་དང་ལྡན་པའི་ཕྱིར།
ཕྱི་མ་གྲུབ་སྟེ། རང་བཞིན་གྱིས་དྲི་མ་མེད་ཅིང་ཇི་ལྟ་བ་བཞིན་དུ་རྣམ་པར་རྟོག་པས་རྟོག་པ་མེད་ཅིང་།
རྣལ་འབྱོར་པ་སྟེ་སངས་རྒྱས་རྣམས་ཀྱི་མངོན་སུམ་གྱི་སྤྱོད་ཡུལ་ཡིན་ཞིང་། རང་བཞིན་གྱིས་དྲི་མ་རྣམ་པར་དག་པའི་དབྱིངས་མཐར་ཐུག་ཡིན་པའི་ཕྱིར།
The latter is established because of:
- lacking natural stains
- lacking conceptuality due to conceiving things as they are
- being the object of utilisation of the yogis', i.e. the Buddhas', direct perception
- being the final sphere of purity from natural stains
Possesses five qualities: དེ་ཆོས་ཅན། ཡོན་ཏན་ལྔ་དང་ཡང་ལྡན་ཏེ།
- Unknowable qualities གཞལ་དུ་མེད་པའི་ཡོན་ཏན།
Due to being vast རྒྱ་ཆེ་བ་དང་། - Numberless qualities གྲངས་ཀྱི་མཐའ་མེད་པའི་ཡོན་ཏན།
Due to being without number གྲངས་མེད་པ་དང་། - Qualities inconceivable as the four possibilities by the philosophers མུ་བཞིར་རྟོག་གེ་བའི་བློས་བསམ་དུ་མེད་པའི་ཡོན་ཏན།
Due to not being an object of utilisation of the philosophers' direct perception as they are
ཇི་ལྟ་བ་བཞིན་དུ་རྟོག་གེ་བའི་མངོན་སུམ་གྱི་སྤྱོད་ཡུལ་མ་ཡིན་པ་དང་།
Panchen: inconceivable as they are by expressive sound and conceptuality
བརྗོད་བྱེད་ཀྱི་སྒྲ་དང་རྟོག་པས་ཇི་ལྟ་བ་བཞིན་དུ་བསམ་དུ་མེད་པ། - Unequalled qualities མཉམ་པ་མེད་པའི་ཡོན་ཏན།
Due to existing only in the continua of Buddhas སངས་རྒྱས་འབའ་ཞིག་གི་རྒྱུད་ལ་ཡོད་པ་དང་། - Qualities of final purity of stains དྲི་མ་དག་པའི་མཐར་ཐུག་པའི་ཡོན་ཏན་རྣམས་དང་ལྡན་པའི་ཕྱིར།
Due to having abandoned all afflictions together with their imprints
ཉོན་མོངས་པ་བག་ཆགས་དང་བཅས་པ་མ་ལུས་པར་སྤངས་པའི་རྒྱུ་མཚན་གྱིས་དེ་དང་ལྡན་པར་བཞག་པའི་ཕྱིར།
Possesses three distinguishing features: ངོ་བོ་ཉིད་སྐུ་ཆོས་ཅན། ཁྱད་ཆོས་གསུམ་དང་ལྡན་ཏེ།
- Of possession ལྡན་པའི་ཁྱད་པར།
- Of separation བྲལ་བའི་ཁྱད་པར།
- Of entity ངོ་བོའི་ཁྱད་པར་གསུམ་དང་ལྡན་པའི་ཕྱིར།
See also: Nature Body (4-Bodies GM)
Up a level: Individual explanations of the Four Bodies