Not abandoning by taking the afflictions as a main object of abandonment

བྱང་སེམས་འཕགས་པའི་ཆེད་དུ་གཉེར་ནས་མི་སྤོང་རྒྱུའི་སྐབས་འདིར་བསྟན་གྱི་ཉོན་མོངས་ཡིན་ན། ཉོན་མོངས་མཚན་ཉིད་པ་ཡིན་དགོས་པའི་ཕྱིར་དང༌། དེ་ཡིན་ན། ཉན་རང་སློབ་པ་འཕགས་པའི་རང་ཉིད་སྤང་བྱའི་གཙོ་བོར་བྱས་ནས་སྤོང་བས་ཁྱབ་པའི་ཕྱིར་ཏེ། ཉན་རང་སློབ་པ་འཕགས་པས་སྐབས་འདིར་བསྟན་གྱི་
ཉོན་མོངས་སྤང་བྱའི་གཙོ་བོར་བྱས་ནས་སྤོང༌། བྱང་སེམས་འཕགས་པས་དེ་དེ་ལྟར་མི་སྤོང་བའི་རྒྱུ་མཚན་གྱིས་བྱང་སེམས་འཕགས་པའི་རྒྱུད་ཀྱི་ལམ་ཤེས་དེ་
ཉན་རང་གི་ལམ་ལས་རང་བཞིན་གྱི་སྒོ་ནས་ཁྱད་པར་དུ་འཕགས་པ་ཡིན་ཏེ། ཉོན་མོངས་པ་རྣམ་པ་ཐམས་ཅད་དུ་སྤངས་པ་མ་ཡིན་པ་ཞེས་བྱ་བ་ནི་རང་བཞིན་ནོ།
If it is an affliction indicated in this context (i.e. that Arya Bodhisattvas do not strive to abandon):

It is by reason of Hearer and Solitary Realiser Learner Aryas abandoning the afflictions indicated in this context as a main object of abandonment whereas Arya Bodhisattvas do not abandon them as such, that the Knower of Paths in the continuum of Arya Bodhisattvas is superior to the paths of Hearers and Solitary Realisers by way of their nature.
Thereby, that which is "not having abandoned afflictions in all aspects" is explained as its nature.


འདོད་པའི་སས་བསྡུས་ཀྱི་འདོད་ཆགས་དང་གཟུགས་ཀྱི་སས་བསྡུས་ཀྱི་འདོད་ཆགས་དེ་རྣམས་དམན་ལམ་སྔོན་དུ་མ་སོང་བའི་བྱང་སེམས་འཕགས་པའི་ཆེད་དུ་གཉེར་ནས་མི་སྤོང་རྒྱུའི་སྐབས་འདིར་བསྟན་གྱི་ཉོན་མོངས་ཡིན་ཏེ།
Attachment included within the level of the Desire Realm and attachment included within the level of the Form Realm are the afflictions indicated in this context, that Arya Bodhisattvas who have not proceeded through the Hinayana path do not especially strive to abandon.

དེ་འདོད་པའི་ཁམས་སུ་སྐྱེ་བ་ལེན་པའི་ཚེ་རང་རྒྱུད་ཀྱི་འདོད་པའི་འདོད་ཆགས་དེ་འཁོར་ལོས་སྒྱུར་བའི་རྒྱལ་པོ་སོགས་ཀྱི་ཚུལ་བཟུང་ནས་སྲས་སྟོང་བསྐྲུན་པ་སོགས་གཞན་དོན་བྱེད་པའི་ཡན་ལག་ཏུ་སྒྱུར་བར་བྱེད་པ་དང༌། གཟུགས་སུ་སྐྱེ་བ་ལེན་པའི་ཚེ་རང་རྒྱུད་ཀྱི་སྲིད་པའི་ཟག་པ་དེ་གཞན་དོན་བྱེད་པའི་ཡན་ལག་ཏུ་སྒྱུར་བར་བྱེད་པའི་ཕྱིར། དམན་ལམ་སྔོན་དུ་མ་སོང་བའི་བྱང་འཕགས་ཆོས་ཅན། ཁྱོད་ཀྱི་རྒྱུད་ཀྱི་ལམ་ཤེས་དེ་ཉན་རང་གི་ལམ་ལས་རང་བཞིན་གྱི་སྒོ་ནས་ཁྱད་པར་དུ་
འཕགས་པ་ཡིན་ཏེ། ཁྱོད་རང་རྒྱུད་ཀྱི་འདོད་པའི་ཟག་པ་དང་སྲིད་པའི་ཟག་པ་གཞན་དོན་བྱེད་པའི་ཡན་ལག་ཏུ་སྒྱུར་བར་བྱེད་པའི་རྒྱལ་སྲས་འཕགས་པ་ཡིན་པའི་ཕྱིར།
This is because:


See also: Cause of Arya Bodhisattvas taking rebirth in Samsara
Up a level: Branches of a knower of paths