Not abiding in existence or peace
Division:
- Knower of paths not abiding in existence through knowledge ཤེས་པས་སྲིད་ལ་མི་གནས་པའི་ལམ་ཤེས།
- Knower of paths not abiding in peace through compassion སྙིང་རྗེས་ཞི་ལ་མི་གནས་པའི་ལམ་ཤེས།
See: The extremes of existence and peace
མི་རྟག་སོགས་བཅུ་དྲུག་མངོན་སུམ་དུ་རྟོགས་པའི་ཐེག་ཆེན་གྱི་མཐོང་ལམ་ཆོས་ཅན།
The subject - the Mahayana path of seeing directly realising the sixteen aspects (impermanence and so forth):
- It does not abide in the extreme of existence because it is a Mahayana Arya's exalted knower conjoined with the wisdom ceasing the extreme of existence.
སྲིད་མཐའ་ལ་མི་གནས་ཏེ། སྲིད་མཐའ་འགོག་བྱེད་ཀྱི་ཤེས་རབ་ཀྱིས་ཟིན་པའི་ཐེག་ཆེན་འཕགས་པའི་མཁྱེན་པ་ཡིན་པའི་ཕྱིར། - It does not abide in the extreme of peace because it is a Mahayana Arya's exalted knower conjoined with the compassion ceasing the extreme of peace.
ཞི་མཐའ་ལ་མི་གནས་ཏེ། ཞི་མཐའ་འགོག་བྱེད་ཀྱི་སྙིང་རྗེས་ཟིན་པའི་ཐེག་ཆེན་འཕགས་པའི་མཁྱེན་པ་ཡིན་པའི་ཕྱིར། - It does not ultimately abide in between the extremes of existence and peace because it is a Mahayana Arya's exalted knower conjoined with the wisdom directly realising existence and peace as empty of true existence. སྲིད་ཞི་གཉིས་ཀྱི་བར་ན་དོན་དམ་པར་མི་གནས་ཏེ།
སྲིད་ཞི་བདེན་སྟོང་དུ་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་ཐེག་ཆེན་འཕགས་པའི་མཁྱེན་པ་ཡིན་པའི་ཕྱིར། - It is close to the continua of Buddhas and Bodhisattvas because it is a Mahayana Arya's exalted knower conjoined with the wisdom directly realising the three times as empty of true existence.
སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྒྱུད་ལ་ཉེ་བ་ཡིན་ཏེ།
དུས་གསུམ་བདེན་སྟོང་དུ་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་ཐེག་ཆེན་འཕགས་པའི་རྒྱུད་ཀྱི་མཁྱེན་པ་ཡིན་པའི་ཕྱིར།
See: Close and distant from the Mother
Up a level: Perfection of Wisdom