Objects of observation of Mahayana Practices

ཐེག་ཆེན་སྒྲུབ་པའི་སྒྲོ་འདོགས་གཅད་པར་བྱ་བའི་གཞི། ཐེག་ཆེན་སྒྲུབ་པའི་དམིགས་པའི་མཚན་ཉིད།
Definition: A basis with respect to which Mahayana practices eliminate superimpositions.
i.e. all phenomena.

དེའི་དམིགས་པ་ཡིན་ན། དེས་དམིགས་པས་མ་ཁྱབ་སྟེ། ཐེག་ཆེན་གྱི་མཐོང་ལམ་བར་ཆད་མེད་ལམ་གྱི་དམིགས་པ་ལ་དེས་དམིགས་པས་མ་ཁྱབ་པའི་ཕྱིར།
If it is its object of observation, it is not pervaded by being observed by it because objects of observation of the uninterrupted path of the Mahayana path of seeing are not pervaded by being observed by that.
Illustration: the pot wrt to the mind directly realising the emptiness of the pot.

General division:

  1. Virtue དགེ་བ།
    Definition: That which 1) is indicated in scripture and 2) abides in the class of white fruition.
    ལུང་དུ་བསྟན་པ་གང་ཞིག རྣམ་སྨིན་དཀར་བའི་རིགས་སུ་གནས་པ། དགེ་བའི་མཚན་ཉིད།
    Division: mundane and supramundane. འཇིག་རྟེན་པའི་དགེ་བ་དང། འཇིག་རྟེན་ལས་འདས་པའི་དགེ་བ།
  2. Non-virtue མི་དགེ་བ།
    Definition: That which is 1) indicated in scripture and 2) distinguished by abiding in the class of black fruition. ལུང་དུ་བསྟན་པ་གང་ཞིག རྣམ་སྨིན་གནག་པའི་རིགས་སུ་གནས་པས་རབ་ཏུ་ཕྱེ་བ། མི་དགེ་བའི་མཚན་ཉིད།
  3. Not indicated in scripture ལུང་མ་བསྟན།
    Definition: That which is 1) a phenomenon and 2) distinguished by not being indicated in scripture as either virtue or non-virtue. ཆོས་གང་ཞིག དགེ་མི་དགེ་གང་དུ་ཡང་ལུང་བསྟན་དུ་མེད་པས་རབ་ཏུ་ཕྱེ་བ་ལུང་མ་བསྟན་གྱི་མཚན་ཉིད།

Division into eight categories in this context:

  1. The five mundane aggregates འཇིག་རྟེན་པའི་ཕུང་པོ་ལྔ།
    Definition: That which is distinguished by abiding in the class of having been projected by karma and afflictions and experienced in samsara since beginningless time.
    ལས་ཉོན་གྱིས་འཕངས་ཤིང་ཐོག་མ་མེད་པ་ནས་འཁོར་བར་འདྲིས་པའི་རིགས་སུ་གནས་པས་རབ་ཏུ་ཕྱེ་བ། འཇིག་རྟེན་པའི་མཚན་ཉིད།
  2. The four supramundane concentrations འཇིག་རྟེན་ལས་འདས་པའི་བསམ་གཏན་བཞི།
    Definition: That which is 1) uncontaminated and 2) distinguished by abiding in the class of not being mixed with samsara even in the slightest since beginningless time.
    ཟག་མེད་གང་ཞིག ཐོག་མ་མེད་པ་ནས་འཁོར་བར་ཅུང་ཟད་ཀྱང་མ་འདྲིས་པའི་རིགས་སུ་གནས་པས་རབ་ཏུ་ཕྱེ་བ། འཇིག་རྟེན་ལས་འདས་པའི་མཚན་ཉིད།

  3. The five contaminated appropriated aggregates ཟག་བཅས་ཉེར་ལེན་གྱི་ཕུང་པོ་ལྔ།
    Definition: That which is distinguished by abiding in the class of arising through the force of karma and afflictions and not being an antidote to the view of self.
    ལས་ཉོན་གྱི་དབང་གིས་བྱུང་ཞིང་བདག་ལྟའི་གཉེན་པོ་མ་ཡིན་པའི་རིགས་སུ་གནས་པས་རབ་ཏུ་ཕྱེ་བ། ཟག་བཅས་ཀྱི་མཚན་ཉིད།
  4. The uncontaminated four close placements of mindfulness ཟག་མེད་དྲན་པ་ཉེ་བར་བཞག་པ་བཞི།
    Definition: That which is distinguished by abiding in the class of not arising through the force of karma and afflictions and acting as an antidote to the view of self.
    ལས་ཉོན་གྱི་དབང་གིས་བྱུང་བ་མ་ཡིན་པའི་བདག་ལྟའི་གཉེན་པོ་བྱེད་པའི་རིགས་སུ་གནས་པས་རབ་ཏུ་ཕྱེ་བ། ཟག་མེད་ཀྱི་མཚན་ཉིད།

  5. The compounded true paths འདུས་བྱས་ལམ་བདེན།
    Definition: That produced from its causes and conditions. རང་གི་རྒྱུ་རྐྱེན་ལས་སྐྱེས་པ། འདུས་བྱས་ཀྱི་མཚན་ཉིད།
  6. The uncompounded true cessations འདུས་མ་བྱས་འགོག་བདེན།
    Definition: That not produced from its causes and conditions.
    རང་གི་རྒྱུ་རྐྱེན་ལས་མ་སྐྱེས་པ། འདུས་མ་བྱས་ཀྱི་མཚན་ཉིད།

  7. The common four concentrations ཐུན་མོང་བ་བསམ་གཏན་བཞི།
    Definition: That abiding in the class of qualities that are suitable to arise in the continua of all aryas.
    འཕགས་པ་མཐའ་དག་གི་རྒྱུད་ལ་འབྱུང་རུང་གི་ཡོན་ཏན་གྱི་རིགས་སུ་གནས་པ། ཐུན་མོང་བའི་ཡོན་ཏན་གྱི་མཚན་ཉིད།
  8. The uncommon ten strengths ཐུན་མོང་མ་ཡིན་པ་སྟོབས་བཅུ།
    Definition: That abiding in the class of qualities that are suitable to arise only in the continua of perfectly complete Buddhas.
    ཡང་དག་པར་རྫོགས་པའི་སངས་རྒྱས་ཁོ་ནའི་རྒྱུད་ལ་འབྱུང་རུང་གི་ཡོན་ཏན་གྱི་རིགས་སུ་གནས་པ། ཐུན་མོང་མ་ཡིན་པའི་ཡོན་ཏན་གྱི་མཚན་ཉིད།

Mode of observation of these eleven objects:


Up a level: Perfection of Wisdom