Peak application of the path of seeing
མཐོང་སྤང་རྟོག་པའི་ས་བོན་གྱི་དངོས་གཉེན་བྱེད་པའི་རིགས་སུ་གནས་པའི་ཐེག་ཆེན་གྱི་བདེན་པ་མངོན་རྟོགས་དེ། མཐོང་ལམ་རྩེ་སྦྱོར་གྱི་མཚན་ཉིད།
Definition: A Mahayana clear realisation of truth abiding in the class of acting as direct antidotes to the seeds of the conceptions that are objects of abandonment of the path of seeing.
དབྱེ་ན་མཐོང་ལམ་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་ཏུ་ཡོད་ཅིང་།
རྗེས་ཐོབ་ཏུ་ཉམས་སུ་ལེན་པའི་སྒོ་ནས་མཐོང་ལམ་རྩེ་སྦྱོར་གྱི་ངོ་བོར་གྱུར་པའི་སྦྱིན་སོགས་དྲུག་པོ་རེ་རེ་ལ་ཡང་སྦྱིན་སོགས་དྲུག་དྲུག་སྟེ་སོ་དྲུག་ཏུ་ཡོད་དོ།
Divisions:
- Meditative equipoise: the sixteen instants of forbearance and knowledge of the path of seeing
- Practice in subsequent attainment: Thirty-six, the six perfections wrt each of the six perfections that are the entity of the peak application of the path of seeing.
སྦྱིན་པ་ལ་སོགས་པ་དྲུག་པོ་རེ་རེར་ནི་སྦྱིན་སོགས་དྲུག་པོ་དེ་དག་ཕན་ཚུན་དུ་བསྡུས་ནས་ཉམས་སུ་ལེན་པའི་ཤེས་རབ་ཀྱིས་ཟིན་པའི་མཐོང་ལམ་སྐད་ཅིག་མ་གཅིག་པ་སྡུག་བསྔལ་ཆོས་བཟོད་ཀྱིས་བསྡུས་པ་དེ་ཆོས་ཅན། རྩེ་མོའི་མངོན་པར་རྟོགས་པའི་སྐབས་འདིར་མཐོང་ལམ་ཡིན་ཏེ།
མཐོང་སྤང་རྟོག་པའི་ས་བོན་གྱི་དངོས་གཉེན་བྱེད་པའི་རིགས་སུ་གནས་པའི་ཐེག་ཆེན་གྱི་བདེན་པ་མངོན་རྟོགས་ཡིན་པའི་ཕྱིར།
The subject - the single instant of the path of seeing included within the dharma forbearance in relation to suffering, which is conjoined with the wisdom practicing through including the six perfections in each perfection - it is the path of seeing in this context of the clear realisation of peak because it is a Mahayana clear realisation of truth abiding in the class of acting as a direct antidote to the seeds of the conceptions that are objects of abandonment of the path of seeing
འདིར་བསྟན་མཐོང་ལམ་རྩེ་སྦྱོར་ཆོས་ཅན། བྱེད་ལས་ཁྱད་པར་ཅན་དང་ལྡན་ཏེ།
ཁྱོད་བསྒོམས་སྟོབས་ཀྱིས་མཐོང་སྤང་གཟུང་འཛིན་གྱི་རྣམ་རྟོག་བརྒྱ་རྩ་བརྒྱད་ས་བོན་དང་བཅས་པ་སྤོང་ནུས་པ་དེ་རྟེན་འབྲེལ་གྱི་སྟོབས་ཀྱིས་འཐོབ་པའི་ཕྱིར།
The subject - peak application of the path of seeing indicated in this context - it possesses a special function because through the force of cultivating it, the ability to abandon the 108 conceptions of apprehenders and apprehendeds that are objects of abandonment of the path of seeing is attained through the force of dependent-arising.
མཐོང་སྤང་གཟུང་འཛིན་གྱི་རྣམ་རྟོག་ཆོས་ཅན། ཁྱོད་ལ་བརྒྱ་རྩ་བརྒྱད་དུ་དབྱེར་རུང་སྟེ། ཁྱོད་ལ་ཁམས་གསུམ་གྱི་དབྱེ་བས་བརྒྱ་རྩ་བརྒྱད་དུ་ཡོད་པའི་ཕྱིར་རོ།
The subject - the conceptions of apprehenders and apprehendeds that are objects of abandonment of the path of seeing - it is suitable to divide them into 108 because there are 108 through dividing into the three realms.
Up a level: Perfection of Wisdom