Peak application

ཐེག་ཆེན་གྱི་སྦྱོར་ལམ་དྲོད་ཀྱི་རྟོགས་པ་ཐོབ་པའི་སྒོ་ནས་མཁྱེན་གསུམ་བསྡུས་སྒོམ་རབ་ཏུ་གྱུར་པའི་ཤེས་རབ་ཀྱིས་ཟིན་པའི་སེམས་དཔའི་རྣལ་འབྱོར།
རྩེ་སྦྱོར་གྱི་མཚན་ཉིད།
Definition: A Bodhisattva yoga conjoined with the wisdom thoroughly transformed through the collective cultivation of the three exalted knowers by way of having attained the realisation of the heat level of the Mahayana path of preparation.

Divisions:

  1. Path of preparation སྦྱོར་བའི་ལམ།
  2. Uninterrupted path བར་ཆད་མེད་པའི་ལམ།
  3. Liberated path རྣམ་པར་གྲོལ་པའི་ལམ།
  4. Special path ཁྱད་པར་གྱི་ལམ།

Illustrations of those wrt path of seeing: མཐོང་ལམ་རྩེ་སྦྱོར་ལྟ་བུ་ལ་མཚོན་ན།

  1. Four bodhisattva paths of preparation བྱང་སེམས་ཀྱི་སྦྱོར་ལམ་བཞི།
  2. Eight forbearances of the bodhisattva path of seeing བྱང་སེམས་ཀྱི་མཐོང་ལམ་བཟོད་པ་བརྒྱད།
  3. Eight knowledges of that དེའི་ཤེས་པ་བརྒྱད།
  4. Exalted wisdom of the second ground ས་གཉིས་པའི་ཡེ་ཤེས།

རང་གི་ཉེར་ལེན་བྱས་པ་ལས་བྱུང་བའི་ཡེ་ཤེས་དེ་ཉིད་ཐོབ་བྱེད་ཀྱི་ཐབས་ཀྱི་གཙོ་བོ་གང་ཞིག རང་གི་ངོས་སྐལ་གྱི་སྤང་བྱར་གྱུར་པའི་སྒྲིབ་པའི་སྤོང་གཉེན་དུ་དམིགས་པ། སྦྱོར་བའི་ལམ་གྱི་མཚན་ཉིད།
Definition of path of preparation: That observed as:

  1. The main method for attaining the exalted wisdom that will arise from it functioning as a substantial cause; and
  2. An antidote for abandoning its corresponding objects of abandonment.

རང་གི་ངོས་སྐལ་གྱི་སྤང་བྱར་གྱུར་པའི་སྒྲིབ་པའི་ས་བོན་དངོས་སུ་འཇོམས་བྱེད་ཀྱི་ཟག་མེད་ཡེ་ཤེས་སུ་དམིགས་པ། བར་ཆད་མེད་པའི་ལམ་གྱི་མཚན་ཉིད།
Definition of uninterrupted path: That observed as an uncontaminated exalted wisdom that directly overcomes the seeds of its corresponding objects of abandonment.

རང་གི་དངོས་ཀྱི་ཉེར་ལེན་དུ་གྱུར་པའི་བར་ཆད་མེད་ལམ་གྱི་ངོས་སྐལ་གྱི་སྒྲིབ་པ་ལས་གྲོལ་བའི་ཟག་མེད་ཡེ་ཤེས་སུ་དམིགས་པ། རྣམ་པར་གྲོལ་བའི་ལམ་གྱི་མཚན་ཉིད།
Definition of liberated path: That observed as an uncontaminated exalted wisdom that is liberated from the obscurations corresponding to the uninterrupted path that is its direct substantial cause.

རང་གི་ཉེར་ལེན་དུ་གྱུར་པའི་རྣམ་གྲོལ་ལམ་དེ་ཉིད་ཡོན་ཏན་སྔར་ལས་ཁྱད་པར་དུ་བྱེད་པའི་ཟག་མེད་ཡེ་ཤེས་སུ་དམིགས་པ། ཁྱད་པར་གྱི་ལམ་གྱི་མཚན་ཉིད།
Definition of special path: That observed as an uncontaminated exalted wisdom that distinguishes the liberated path that is its substantial cause from previous qualities.

ཐེག་ཆེན་གྱི་སྦྱོར་ལམ་དྲོད་ནས་རྒྱུན་མཐའི་བར་དུ་ཡོད་དོ།
Boundaries: from the heat level of the Mahayana path of preparation and up to the end of the continuum


Physical supports:

Mental supports:


Up a level: Perfection of Wisdom