Practice of the collection of antidotes

ཚོགས་སྒྲུབ་གང་ཞིག རང་གི་ངོས་སྐལ་གྱི་སྤང་བྱའི་དངོས་གཉེན་བྱེད་པ། གཉེན་པོའི་ཚོགས་སྒྲུབ་ཀྱི་མཚན་ཉིད།
Definition: That which:

  1. Is a practice of the collections; and
  2. Acts as the direct antidote to its corresponding object of abandonment.

རང་གི་ངོས་སྐལ་གྱི་སྤང་བྱར་གྱུར་པའི་བདེན་འཛིན་གྱི་དངོས་གཉེན་དུ་གྱུར་པའི་ཐེག་ཆེན་གྱི་བར་ཆད་མེད་ལམ།
སྐབས་འདིར་བསྟན་གྱི་གཉེན་པོའི་ཚོགས་སྒྲུབ་ཀྱི་མཚན་ཉིད།
Definition in this context: A Mahayana uninterrupted path that is a direct antidote to the self-grasping that is its corresponding object of abandonment.

Divisions:

  1. Path of seeing མཐོང་ལམ་གཉེན་པོའི་ཚོགས་སྒྲུབ།
  2. Path of meditation སྒོམ་ལམ་གཉེན་པོའི་ཚོགས་སྒྲུབ།

གཉེན་པོའི་ཚོགས་སྒྲུབ་གང་ཞིག །མཐོང་སྤང་གི་དངོས་གཉེན་དུ་དམིགས་པ། དང་པོའི་མཚན་ཉིད།
Definition of first: That which is:

  1. A practice of the collections of antidotes; and
  2. Observed to be a direct antidote to an object of abandonment of the path of seeing.

དབྱེ་ན། མཐོང་སྤང་གཟུང་འཛིན་གྱི་རྣམ་པར་རྟོག་པ་བཞིའི་དངོས་གཉེན་བཞི་ཡོད།
Divisions: Four antidotes to the four conceptions of apprehenders and apprehendeds that are objects of abandonment of the path of seeing.

དེ་གང་ཞིག །སྒོམ་སྤང་གི་དངོས་གཉེན་དུ་དམིགས་པ། གཉིས་པའི་མཚན་ཉིད།
Definition of second: That which is:

  1. A practice of the collections of antidotes; and
  2. Observed to be a direct antidote to an object of abandonment of the path of seeing.

དབྱེ་ན། སྒོམ་སྤང་གཟུང་འཛིན་གྱི་རྣམ་པར་རྟོག་པ་བཞིའི་དངོས་གཉེན་བཞི་ཡོད།
Divisions: Four antidotes to the four conceptions of apprehenders and apprehendeds that are objects of abandonment of the path of meditation.


See: Three presentations of conceptions to be abandoned


Up a level: Practice of the collections / Perfection of Wisdom