Practice of the collection of exalted wisdom

ཚོགས་སྒྲུབ་གང་ཞིག སྟོང་ཉིད་རྟོགས་པའི་ཤེས་རབ་ཁྱད་པར་ཅན་གྱི་རྟོགས་རིགས་སུ་གནས་པ། ཡེ་ཤེས་ཀྱི་ཚོགས་སྒྲུབ་ཀྱི་མཚན་ཉིད།
Definition: That which is:

  1. A practice of the collections; and
  2. Abiding in the class of realisations of special wisdom realising emptiness.

Twenty emptinesses and their bases of negation (དགག་གཞི།):

  1. Emptiness of the inner ནང་སྟོང་པ་ཉིད།
    Six sense-powers, eye and so forth མིག་སོགས་ནང་གི་དབང་པོ་དྲུག
  2. Emptiness of the outer ཕྱི་སྟོང་པ་ཉིད།
    Five external objects, forms and so forth གཟུགས་སོགས་ཕྱིའི་ཡུལ་ལྔ།
  3. Emptiness of both ཕྱི་ནང་གཉིས་ཀ་སྟོང་པ་ཉིད།
    Five objects included in the support of the sense-powers དབང་པོའི་རྟེན་གྱིས་བསྡུས་པའི་ཡུལ་ལྔ།
  4. Emptiness of emptiness སྟོང་པ་ཉིད་སྟོང་པ་ཉིད།
    All phenomena's emptiness of true existence ཆོས་ཐམས་ཅད་བདེན་པས་སྟོང་པའི་སྟོང་ཉིད།
  5. Emptiness of the great ཆེན་པོ་སྟོང་པ་ཉིད།
    The ten directions ཕྱོགས་བཅུ།
  6. Emptiness of the ultimate དོན་དམ་པ་སྟོང་པ་ཉིད།
    Ultimate attainment: nirvana and paths མྱ་ངན་ལས་འདས་པ་དང་ལམ་སྟེ་ཐོབ་པ་དོན་དམ་པ།
  7. Emptiness of compounded phenomena འདུས་བྱས་སྟོང་པ་ཉིད།
    The three realms produced from conditions རྐྱེན་ལས་སྐྱེས་པ་ཁམས་གསུམ།
  8. Emptiness of uncompounded phenomena འདུས་མ་བྱས་སྟོང་པ་ཉིད།
    The uncompounded, unproduced from conditions (its opposite) ཅིག་ཤོས་རྐྱེན་ལས་མ་སྐྱེས་པ་འདུས་མ་བྱས།
  9. Emptiness of the beyond extremes མཐའ་ལས་འདས་པ་སྟོང་པ་ཉིད།
    Beyond extremes that is empty of the extremes of permanence and annihilation
    རྟག་ཆད་ཀྱི་མཐས་སྟོང་པའི་མཐའ་ལས་འདས།
  10. Emptiness of the without beginning and end ཐོག་མ་དང་མཐའ་མ་མེད་པ་སྟོང་པ་ཉིད།
    Samsara free from beginning and end ཐོག་མ་དང་ཐ་མ་དང་བྲལ་བའི་འཁོར་བ།
  11. Emptiness of the non-discarded དོར་བ་མེད་པ་སྟོང་པ་ཉིད།
    Non-discarding of non-adoption and discarding in every direction ཕྱོགས་རེ་རེ་བཏང་བ་དང་བླང་བ་མེད་པའི་དོར་བ་མེད་པ།
  12. Emptiness of nature རང་བཞིན་སྟོང་པ་ཉིད།
    Natural emptiness of the compounded and uncompounded འདུས་བྱས་དང་འདུས་མ་བྱས་ཀྱི་སྟོང་ཉིད་རང་བཞིན།
  13. Emptiness of all phenomena ཆོས་ཐམས་ཅད་སྟོང་པ་ཉིད།
    All phenomena included within aggregates, constituents and sources ཕུང་ཁམས་སྐྱེ་མཆེད་ཀྱིས་བསྡུས་པའི་ཆོས་ཀུན།
  14. Emptiness of own-character རང་གི་མཚན་ཉིད་སྟོང་པ་ཉིད།
    Own-characteristics of phenomena: arising and ceasing, that suitable as form, and so forth
    ཆོས་སྐྱེ་ལ་སོགས་ཏེ་སྐྱེ་འགགས་དང་གཟུགས་རུང་སོགས་སམ་རང་གི་མཚན་ཉིད་དང་།
  15. Emptiness of non-observation མི་དམིགས་པ་སྟོང་པ་ཉིད།
    The three times, past and so forth འདས་སོགས་དུས་གསུམ་དང་།
  16. Emptiness of things དངོས་པོ་སྟོང་པ་ཉིད།
    Non-possession (see 18) ལྡན་པའི་ཅིག་ཤོས་དངོས་པོ་དང་།
  17. Emptiness of non-things དངོས་པོ་མེད་པ་སྟོང་པ་ཉིད།
    Non-things such as space and so forth ནམ་མཁའ་ལ་སོགས་པའི་དངོས་པོ་མེད་པ་དང་།
  18. Emptiness of the entitiness of non-things དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད།
    Possession: mere collection including many reasons
    ལྡན་པ་སྟེ་རྒྱུ་མཚན་དུ་མ་འདུས་པའི་སྤྱི་ཚོགས་ཙམ་དངོས་པོ་མེད་པའི་ངོ་བོ་ཉིད་དང་།
  19. Emptiness of own-nature རང་གི་ངོ་བོ་སྟོང་པ་ཉིད།
    Emptiness: the non-erroneous nature of phenomena སྟོང་པ་སྟེ་ཆོས་རྣམས་ཀྱི་ཕྱིན་ཅི་མ་ལོག་པའི་ངོ་བོ་ནི་རང་གི་ངོ་བོ།
  20. Emptiness of other-nature གཞན་གྱི་ངོ་བོ་སྟོང་པ་ཉིད།
    Other than samsara, i.e. the perfect end gone beyond
    ཆོས་ཀྱི་གཞན་གྱི་ངོ་བོ་འཁོར་བ་ལས་གཞན་ཏེ་ཕ་རོལ་ཏུ་གྱུར་པའི་ཡང་དག་པའི་མཐའ།

Sutra explicitly indicates those objects and implicitly their object possessors:

ཡེ་ཤེས་དང་པོ་བཅུ་བདུན་པོ་ས་བཅུ་པ་མན་ཆད་ལ་འཇོག་པའི་རྒྱུ་མཚན་ཡོད་དེ།
དེ་རྣམས་ནི་སྤང་བྱ་མངོན་གྱུར་པ་དང་། ས་བོན་ཅི་རིགས་པ་དང་བྲལ་བས་དེ་ལྟར་བཞག་པའི་ཕྱིར།
Reason for positing the first seventeen wrt the tenth ground and below: Due to those being free from either manifest objects of abandonment or seeds.

ཐ་མ་གསུམ་སངས་རྒྱས་ཀྱི་ས་ལ་འཇོག་པའི་རྒྱུ་མཚན་ཡོད་དེ།
དེ་གསུམ་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་པའི་རྟེན་ཡིན་པ་དང་རང་བྱུང་ཉིད་ཡིན་པའི་དོན་གྱིས་དེ་ལྟར་བཞག་པའི་ཕྱིར།
Reason for positing the last three wrt the Buddha-ground: Due to implicitly being the support of having abandoned the two obscurations together with their imprints and being Self-Arisen.


Lower tenet systems

ཕུང་ཁམས་སྐྱེ་མཆེད་ནི་སྟོང་གཞི་ཡིན་ལ། མུ་སྟེགས་པས་བཏགས་པའི་བདག་རྟག་པ་དང་གཅིག་པུ་གང་ཟག་གི་བདག་ནི་དགག་བྱ་ཡིན་ཞིང་།
དེ་ལྟར་ན་དགག་གཞི་ཕུང་སོགས་གསུམ་མམ་བདེན་བཞིའི་ཁྱད་པར་དུ་བྱས་པའི་དགག་པ།
The aggregates, constituents and sources are the bases of emptiness; the permanent and unitary self designated by the Outsiders is the self of persons that is the object of negation.
In this way, it is a refutation in terms of the bases of negation of the aggregates etc. (3) or the four truths.

དེས་ན་འདི་དང་ཐེག་ཆེན་པ་གཉིས་གང་ཟག་གི་བདག་མེད་གནས་ལུགས་མཐར་ཐུག་ཏུ་འདོད་མི་འདོད་མ་གཏོགས་པ་གང་ཟག་གི་བདག་མེད་ལ་
འཇོག་ཚུལ་མི་མཐུན་པ་མེད་དེ། དེ་ནི་ཐུན་མོང་བ་ཡིན་པའི་ཕྱིར།
Therefore, apart from whether or not the selflessness of persons is the final mode of abiding or not, there is not discordant mode of positing the selflessness of persons among this and the Mahayana because it is common.

དེ་ལྟར་ན་ཡང་གང་ཟག་གི་བདག་རང་སྟོང་དུ་འདོད་ཅིང་། ཕུང་སོགས་ཆོས་རྣམས་རང་གིས་མི་སྟོང་པར་གཞན་གང་ཟག་གིས་སྟོང་པར་འདོད་དེ།
རང་སྡེ་གནས་མ་བུ་པའི་སྡེ་པས་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱི་བདག་ཁས་ལེན་པ་ཡིན།
Nevertheless, the self of persons is asserted to be self-empty while phenomena such as the aggregates are not asserted as empty of self but as empty of a separate self because the Buddhist Vātsīputrīya school asserts a self-sufficient substantially existent person.

Cittamatra

སེམས་ཙམ་པ་ནི། གཞན་དབང་དགག་གཞི་དང་། བདག་གཉིས་སུ་ཀུན་བརྟགས་པའི་ཆ་དགག་ཆ་དང་།
གཞན་དབང་ཀུན་བརྟགས་དེས་གདོད་མ་ནས་སྟོང་པའི་ཆ་ཡོངས་གྲུབ་ཏུ་འདོད།
Cittamatra assert:

དེས་ན་ཀུན་བརྟགས་རང་གི་མཚན་ཉིད་ཀྱིས་སྟོང་ལ། གཞན་དབང་དང་ཡོངས་གྲུབ་རང་གི་མཚན་ཉིད་ཀྱིས་གྲུབ་པར་འདོད་ཅིང་།
གཟུང་འཛིན་རྫས་གཞན་གྱིས་སྟོང་པའི་སྟོང་ཉིད་བདེན་གྲུབ་འཕགས་པའི་མཉམ་གཞག་གི་གཞལ་བྱར་འདོད།
Therefore, they assert that:

Madhyamaka

དབུ་མ་པས་ནི། ཆོས་ཐམས་ཅད་བདེན་པས་སྟོང་པའི་སྟོང་ཉིད་འཕགས་པའི་མཉམ་གཞག་གི་གཞལ་བྱར་འདོད།
Madhyamikas assert that the emptiness that is all phenomena being empty of true existence is the cognised-object of an Arya's meditative equipoise.

དེ་སྒྲུབ་པའི་རྟགས་སློབ་དཔོན་གྱིས་རང་བཞིན་གྱི་རྟགས་འགོད་པར་བཞེད་ལ། དེའི་ཚུལ་ནི་གང་ཤེས་པ་ཡིན་ན། བདེན་པས་སྟོང་པའི་རང་ཡུལ་ལ་དམིགས་པས་ཁྱབ། དཔེར་ན། རྨི་ལམ་དུ་རྟ་གླང་སྣང་བའི་ཤེས་པ་བཞིན། རྣམ་པར་མི་རྟོག་པའི་ཡེ་ཤེས་འདི་ཡང་ཤེས་པ་ཡིན་ནོ།
The sign proving that is asserted by the Acarya to be a nature sign: If it is any consciousness, then it is pervaded by observing its object that is empty of true existence. For example, like the consciousness to which horses and elephants appear in a dream; the non-conceptual exalted wisdom is also a consciousness.

ཕྱོགས་ཆོས་གྲུབ་སྟེ། དེ་ཤེས་པ་མ་ཡིན་ན་དེས་མཐོང་བའི་དོན་མེད་དགོས་པ་ལས་དེ་ཡོད་པའི་ཕྱིར།
The property of the position is established because if it is not a consciousness, then the object perceived by it would necessarily not exist, whereas it exists.

སེམས་ཙམ་པ་ན་རེ། བདེན་སྟོང་ཆོས་ཅན། བདེན་པར་མེད་པར་ཐལ། དམིགས་པ་ཡིན་པའི་ཕྱིར། འདོད་ན། བདེན་གྲུབ་ཡོད་པར་ཐལ། འདོད་པའི་ཕྱིར་ན།
The Cittamatrins say: The subject - emptiness of true existence - it follows that it lacks true existence because of being observed. If accepted: It follows that true establishment exists because the above was accepted.

མ་ཁྱབ་སྟེ། ལྷས་བྱིན་གསོད་མཁན་གྱིས་མཆོད་སྦྱིན་བསད་པའི་འོག་ཏུ་གསད་བྱ་ལྷས་བྱིན་སླར་མི་ལྡོག་པ་བཞིན་དུ།
བདེན་མེད་བདེན་གྲུབ་བཀག་པས་བདེན་གྲུབ་སླར་མི་ལྡོག་པའི་ཕྱིར།
Response: No pervasion because just like Devadatta (the victim) cannot be revived after having been killed by Yajñadatta (his killer), by negating the true establishment of the lack of true establishment one does not get back to true establishment again.

དེ་ལྟར་མ་ཡིན་ན་མོ་གཤམ་གྱི་བུ་སྐྱེས་པར་ཐལ། མོ་གཤམ་གྱི་བུ་སྐྱེས་པ་དེ་མ་སྐྱེས་པ་ཡིན་པའི་ཕྱིར། ཁྱབ་པ་ཁས།
Otherwise, it follows that a barren woman's son is born because the birth of the barren woman's son is unborn [i.e. non-produced]. You asserted the pervasion.

གཞན་དབང་དང་གཉིས་སྟོང་གི་དེ་ཁོ་ན་ཉིད་ཆོས་ཅན། གཞན་དབང་ཡིན་པར་ཐལ། བདེན་གྲུབ་གང་ཞིག །ཡོངས་གྲུབ་མ་ཡིན་པའི་ཕྱིར།
The subject - other-powered natures and the suchness of non-duality - it follows that they are other-powered natures because 1) they are truly established and 2) they are not thoroughly-established natures.

འདོད་ན། རྫས་སུ་གྲུབ་པར་ཐལ་ལོ། འདོད་ན། དེ་གཉིས་རྫས་གཅིག་ཏུ་ཐལ་ལོ། འདོད་ན། གཉིས་སྟོང་གི་དེ་ཁོ་ན་ཉིད་རྫས་སུ་གྲུབ་པར་ཐལ་ལོ།
If accepted: It follows they are substantially established!
If accepted: It follows that those two are the same substance!
If accepted: It follows that the suchness of non-duality is substantially established!

འདོད་ན། དེ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་དམིགས་པ་མ་ཡིན་པར་ཐལ། དེ་གཞན་དབང་ཡིན་པའི་ཕྱིར།
If accepted: It follows that they are not the observed-objects of non-conceptual exalted wisdom because of being other-powered natures.

རྫས་ཐ་དད་ཡིན་ན། དེ་གཉིས་འབྲེལ་མེད་དོན་གཞན་དུ་ཐལ། དེ་གཉིས་རྫས་གཞན་གང་ཞིག །དེ་གཉིས་རྒྱུ་འབྲས་མ་ཡིན་པའི་ཕྱིར།
It follows that if they are substantially different, then those two would be unrelated different objects because 1) they are different substances and 2) those two are not cause and effect.

འདོད་ན། གཉིས་སྟོང་གི་དེ་ཁོ་ན་ཉིད་གཞན་དབང་གི་གནས་ལུགས་མ་ཡིན་པར་ཐལ་ལོ།
If accepted: It follows that the suchness of non-duality is not the final mode of abiding of other-powered natures!

འདོད་ན། དེ་ལ་དམིགས་ཏེ་སྒོམ་པས་གཞན་དབང་ལ་སྒྲོ་སྐུར་ཅུང་ཟད་ཀྱང་སྤོང་མི་ནུས་པར་ཐལ་ལོ།
If accepted: It follows that by observing and cultivating that, one is not able to abandon even the slightest superimpositions and depredations wrt other-powered natures!


Up a level: Practice of the collections / Perfection of Wisdom