Practice of the collections of the retentions
ཚོགས་སྒྲུབ་གང་ཞིག དམ་པའི་ཆོས་འཛིན་ཅིང་སྤེལ་བར་བྱེད་པའི་དྲན་པ་དང་ཤེས་རབ་མཚུངས་ལྡན་དང་བཅས་པའི་རིགས་སུ་གནས་པ།
གཟུངས་ཀྱི་ཚོགས་ཀྱི་མཚན་ཉིད།
Definition: That which is:
- A practice of the collections; and
- Abiding in the class of mindfulness and wisdom (together with their concomitants) that act to hold and increase the holy dharma.
དམ་ཆོས་འཛིན་ཅིང་སྤེལ་བར་བྱེད་པའི་ཐབས་རྣམ་དག་གང་ཞིག དྲན་པ་དང་ཤེས་རབ་མཚུངས་ལྡན་དང་བཅས་པས་རབ་ཏུ་ཕྱེ་བའི་རིགས་སུ་གནས་པ།
གཟུངས་ཀྱི་མཚན་ཉིད།
Definition of retention: That which is:
- A pure method for holding and increasing the holy dharma; and
- Abiding in the class thoroughly distinguished by mindfulness and wisdom together with their concomitants.
Divisions:
- Retention that is the cause for attaining forbearance བཟོད་པ་ཐོབ་པའི་རྒྱུར་གྱུར་པའི་གཟུངས།
- Retention of mantra སྔགས་ཀྱི་གཟུངས།
- Retention of words ཚིག་གི་གཟུངས།
- Retention of meaning དོན་གྱི་གཟུངས།
Retention of forbearance བཟོད་པའི་གཟུངས།
ཨ་ར་པ་ཙ་ན་ལ་སོགས་པའི་ཡི་གེ་དེ་དག་སྐྱེ་འགག་དང་འབྱུང་བ་དང་དངོས་པོ་མེད་པ་ལ་སོགས་པའི་དོན་དུ་མོས་ཏེ་སྒོམ་པས་སྒོམ་པ་ཡོངས་སུ་རྫོགས་པ་ན་
དེའི་དོན་ལ་མི་སྐྲག་པའི་བཟོད་པ་སྐྱེས་ཏེ། དེའི་རྒྱུར་གྱུར་པའི་དྲན་ཤེས་ནི་བཟོད་པའི་གཟུངས་སོ། །དེས་ན་བཟོད་པའི་གཟུངས་བཟོད་པ་ཉིད་ལ་མི་བྱ་བར་དེའི་རྒྱུ་ལ་བྱ།
When the cultivation and visualisation of letters such as the Manjushri mantra etc. as meaning the absence of arising and cessation, origination, non-things, and so forth, is thoroughly completed, a forbearance that does not fear the meaning arises; the mindfulness and wisdom that are the causes of that is the retention of forbearance. Therefore, the retention of forbearance should not be taken as the forbearance itself but as its cause.
དེས་ན་བཟོད་པའི་གཟུངས་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ།
གཟུངས་ཐོབ་པའི་མཐུས་དེ་མ་ཐག་ཏུ་ས་དང་པོ་སྐྱེ་བ་དང་མཐུན་པའི་བཟོད་པ་ཆེན་པོ་སྐྱེ་སྟེ་དོན་ལ་བཟོད་པས་ན་དེ་ལྟར་བརྗོད་པའི་ཕྱིར།
Reason for referring to it as the "retention of forbearance": Through the force of attaining the retention, a great forbearance concordant with the arising of the first ground immediately arises; since it is a forbearance of the meaning, it is called as such.
Retention of mantra སྔགས་ཀྱི་གཟུངས།
བྱང་སེམས་ཏིང་ངེ་འཛིན་ལ་དབང་ཐོབ་པས། སེམས་ཅན་གྱི་ཡམས་ནད་དང་། ཉེར་འཚེ་དང་། འཁྲུགས་པ་དང་། སྡིག་པ་ལ་སོགས་པ་ཟད་པའི་ཆེད་དུ་ཆོ་གའི་ཁྱད་པར་
འདི་ལྟ་བུས་དོན་དེ་འགྲུབ་པར་གྱུར་ཅིག་ཅེས་ཏིང་ངེ་འཛིན་དང་སྨོན་ལམ་གྱིས་བྱིན་གྱིས་བརླབས་ཏེ་གསང་སྔགས་ཁྱད་པར་ཅན་བརྩམས་པ་ལྟ་བུ།
A Bodhisattva who has attained mastery in concentrations engages in special rituals in order to eliminate sentient beings' plagues, violence, disputes, negativities and so forth, through the blessings of concentration and prayers, "May such purposes be accomplished". Thereby engaging and special secret mantra.
དེ་ཡང་དེ་ལྟར་སྒྲུབ་པའི་དྲན་ཤེས་ནི་གཟུངས་མཚན་ཉིད་པ་ཡིན་ལ།
སྔགས་ཀྱི་ཡི་གེ་རྣམས་ཡུལ་ཡུལ་ཅན་གྱིས་སམ་འབྲས་བུ་ལ་རྒྱུའི་མིང་གིས་བཏགས་ནས་གསང་སྔགས་ཀྱི་གཟུངས་ཞེས་བྱའོ།
Also here, the mindfulness and wisdom practicing as such are the actual retention, whereas the letters of the mantra are merely imputed as "retention of mantra" through either giving the name of the object-possessor to the object or the name of the cause to the result.
Retention of words ཚིག་གི་གཟུངས།
ས་ཐོབ་ནས་ཕྱོགས་བཅུའི་སངས་རྒྱས་ཀྱིས་སྔར་ཐོས་མ་མྱོང་བའི་ཆོས་ཀྱི་རྣམ་གྲངས་གྲངས་མེད་པ་བསྟན་པ་རྣམས་དུས་གཅིག་ཏུ་འཛིན་པར་ནུས་པའི་དྲན་ཤེས་སོ།
Having attained a ground, the mindfulness and wisdom able to simultaneously engage in all the countless teachings of dharma one has not heard before by the Buddhas of the ten directions.
Retention of meaning དོན་གྱི་གཟུངས།
རིམ་པ་དེ་ལྟ་བུའི་ཆོས་ཀྱི་དོན་འཛིན་པར་ནུས་པའི་དྲན་ཤེས་སོ།
The mindfulness and wisdom able to apprehend the meaning of such dharma.
དེ་ལྟར་ཨ་ལ་སོགས་པའི་ཡི་གེ་དེ་དག་ལ་བརྟེན་ནས་ཆོས་ཐམས་ཅད་རྟོགས་པར་བྱེད་པས་ན། དྲན་ཤེས་ཀྱི་གཟུངས་དེ་དག་སྐྱེ་བས་དེ་དག་ལ་གཟུངས་ཀྱི་སྒོ་ཞེས་བྱའོ།
Due to creating realisation of all dharma in dependence upon those letters (Manjushri mantra etc.) and giving rise to those retentions of mindfulness and wisdom, they are referred to as the "doors of retention."
Division:
- Small: retentions attained through the ripening from previous lives' training, despite not seeking these in this life ཚེ་འདིར་ཆེད་དུ་མ་བཙལ་ཀྱང་སྐྱེ་བ་སྔ་མར་སྦྱངས་པའི་རྣམ་སྨིན་གྱིས་ཐོབ་པའི་གཟུངས་ལྟ་བུ།
- Middling: retention of those striving in listening and contemplating in this life being able to quickly grasp the meaning of the words ཚེ་འདིར་ཐོས་བསམ་ལ་འབད་པ་དག་ཆོས་ཀྱི་ཚིག་དོན་དུ་མ་མྱུར་དུ་འཛིན་པར་ནུས་པའི་གཟུངས་ལྟ་བུ།
- Great: retention of being able to apprehend through the force of an awareness arisen from meditation cultivating concentrations ཏིང་ངེ་འཛིན་བསྒོམས་པའི་སྒོམ་བྱུང་གི་སྟོབས་ཀྱིས་འཛིན་པར་ནུས་པའི་གཟུངས་ལྟ་བུ།
- Small: retentions on the occasion of engagement through belief
མོས་སྤྱོད་ཀྱི་གནས་སྐབས་ཀྱི་གཟུངས་ལྟ་བུ། - Middling: retentions on the occasion of the seven impure grounds
མ་དག་ས་བདུན་གྱི་གནས་སྐབས་ཀྱི་གཟུངས་ལྟ་བུ། - Great: retentions on the occasion of the three pure grounds
དག་པ་ས་གསུམ་གྱི་གནས་སྐབས་ཀྱི་གཟུངས་ལྟ་བུ།
- Small: retentions on the occasion of engagement through belief
གཟུངས་དེ་དག་བྱེད་ལས་དང་ལྡན་ཏེ། རྒྱལ་བའི་དམ་ཆོས་མ་ལུས་པ་རང་གིས་འཛིན་ཅིང་གཞན་ལ་སྟོན་པ་ལ་སོགས་པའི་བྱེད་ལས་དང་ལྡན་པའི་ཕྱིར།
These retentions possess a function: Oneself grasping all the Conqueror's dharma and teaching it to others, and so forth.
གཟུངས་ཙམ་ལ། གཟུངས་ཆུང་ངུ་དང་འབྲིང་གཉིས་ལམ་མ་ཞུགས་ན་ཡོད། སྤྱིར་གཟུངས་ཙམ་གྱི་ས་མཚམས་ལམ་མ་ཞུགས་ནས་སངས་རྒྱས་ཀྱི་སའི་བར་དུ་ཡོད།
Boundaries:
- The small and middling exist before entering a path
- In general, they exist from before entering a path and up to the Buddha-ground.
Up a level: Practice of the collections