Preparation for leaping
རང་གི་ཐོབ་བྱར་གྱུར་པའི་ཐོད་རྒལ་གྱི་དངོས་གཞི་སྙོམས་འཇུག་ཐོབ་དོན་དུ་མཐར་གནས་སྙོམས་འཇུག་དགུ་ལ་བར་དུ་གང་ཡང་མ་སྤེལ་བར་སྙོམས་པར་འཇུག་པའི་
ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས། ཐོད་རྒལ་གྱི་སྦྱོར་བའི་མཚན་ཉིད།
Definition: A Mahayana subsequent clear realisation that enters absorption into the nine serial absorptions without any alternation in order to attain the actual leaping meditative absorption that is its result.
Divisions:
- Distant preparation རིང་སྦྱོར།
- Close preparation ཉེ་སྦྱོར།
Etymology: Distant/close to the actual leaping meditative absorptions
Distant preparation: (loftily-looking-lion སེང་གེ་རྣམ་བསྒྱིངས།)
བྱང་སེམས་ས་གཉིས་པ་པའི་རྒྱུད་ཀྱི་མཐར་གནས་སྙོམས་འཇུག་དགུ་ལ་བར་དུ་གང་ཡང་མ་སྤེལ་བར་ལུགས་མཐུན་དང་ལུགས་མི་མཐུན་གཉིས་ཀར་སྙོམས་པར་
འཇུག་པའི་སྙོམས་འཇུག་ལྟ་བུ།
The meditative absorption in the continuum of a bodhisattva on the second ground that enters absorption into the nine serial absorptions without any alternation via both the forward and reverse order.
There are eighteen abodes of that: དེའི་གནས་ལ་བཅོ་བརྒྱད་ཡོད་དེ།
- Nine from the first concentration and up to cessation བསམ་གཏན་དང་པོ་ནས་འགོག་པའི་བར་དགུ།
- Nine from cessation and down to the first concentration འགོག་པ་ནས་བསམ་གཏན་དང་པོའི་བར་དགུ་ཡོད་པའི་ཕྱིར།
Close preparation:
དེ་ལྟ་བུའི་སྦྱོར་བ་སེང་གེ་རྣམ་བསྒྱིངས་དེ་སྔོན་དུ་བཏང་ནས།
མཐར་གནས་སྙོམས་འཇུག་དགུ་ལ་བར་དུ་གང་ཡང་མ་སྤེལ་བར་ལུགས་མཐུན་ཁོ་ནར་སྙོམས་པར་འཇུག་པའི་སྙོམས་འཇུག་ལྟ་བུ།
Preceded by such preparation (the loftily-looking-lion), a meditative absorption that enters absorption into the nine serial absorptions without any alternation only via the forward order.
དེའི་གནས་དེ་ལ་དགུར་ཡོད་དེ། དེ་ལ་མཐར་གནས་སྙོམས་འཇུག་དགུ་ཡོད་པའི་ཕྱིར།
There are nine abodes of that: the nine serial absorptions.
དེ་ཐོད་རྒལ་གྱི་སྙོམས་འཇུག་དངོས་མ་ཡིན་ཏེ། དེ་ཐོད་རྒལ་གྱི་སྙོམས་འཇུག་ཡིན་ན།
དེ་ཏིང་ངེ་འཛིན་ལ་ཐོད་རྒལ་དུ་སྙོམས་པར་འཇུག་པའི་སྙོམས་འཇུག་ཡིན་དགོས་པ་ལ། དེ་དེ་མ་ཡིན་པའི་ཕྱིར་ཏེ།
དེ་བར་དུ་གང་ཡང་མ་བཅུག་པར་མཐར་ཆགས་སུ་སྙོམས་པར་འཇུག་པའི་སྙོམས་འཇུག་ཡིན་པའི་ཕྱིར།
That is not an actual leaping meditative absorption because if it is a leaping meditative absorption, it is necessarily a meditative absorption entering absorption into concentrations via leaping whereas that is not that; because it is a meditative absorption that enters absorption serially, without alternation.
ས་དང་པོ་ནས་གཉིས་པའི་བར་དུ་ཡོད་དེ། ས་དང་པོ་ནས་ཐོད་རྒལ་གྱི་སྦྱོར་བ་ཐོབ་ནས་ས་གཉིས་པར་དེའི་དངོས་གཞི་ཐོབ་པ་ཡིན་པའི་ཕྱིར།
Boundaries: exists from the first ground and up to the second.
Because having attained the preparation for leaping from the first ground, the actual is attained on the second ground.
Up a level: Leaping meditative absorptions