Presentation of the three times
དུས་དེར་ཞིག་པ། དུས་དེར་འདས་པའི་མཚན་ཉིད།
Definition of past at that time: Disintegrated at that time.
དུས་དེར་འདས་མ་འོངས་ད་ལྟར་གསུམ་པོ་གང་རུང་གང་ཞིག དུས་དེར་མ་སྐྱེས་པ་དང་མ་འགགས་པའི་གཞི་མཐུན། དུས་དེར་མ་འོངས་པའི་མཚན་ཉིད།
Definition of future at that time: That which is:
- Any of the three times: past, present, or future; and
- The common locus of being unproduced and unceased at that time.
དུས་དེར་སྐྱེས་པ་དང་དུས་དེར་མ་འགགས་པའི་གཞི་མཐུན། དུས་དེར་ད་ལྟར་བའི་མཚན་ཉིད།
Definition of present at that time: The common locus of:
- Being produced at that time; and
- Being unceased at that time.
Illustration statements:
- Illustration: smoke དུ་བ་མཚན་གཞི།
Illustrates fire being past during its time because that fire and its causes are observed as having been utilised and ceased during its time
མེ་དེ་ཉིད་རང་དུས་སུ་འདས་པའི་དུས་མཚོན། མེ་དེ་ཉིད་དང་དེའི་རྒྱུ་རྣམས་རང་དུས་སུ་ལོངས་སྤྱོད་ཅིང་འགགས་པའི་དུས་སུ་དམིགས་པ། - Illustration: kindling བུད་ཤིང་མཚན་གཞི།
Illustrates fire being future during its time because that fire and its results are observed as not having been utilised and as presently arising during its time
མེ་དེ་ཉིད་རང་དུས་སུ་མ་འོངས་པའི་དུས་མཚོན། མེ་དེ་ཉིད་དང་དེའི་འབྲས་བུ་རྣམས་རང་དུས་སུ་ལོངས་མ་སྤྱོད་ཅིང་སྐྱེ་བཞིན་པའི་དུས་སུ་དམིགས་པ། - Illustration: hot and burning ཚ་ཞིང་བསྲེགས་པ་མཚན་གཞི།
Illustrates fire being present during its time because that fire is observed as produced and unceased during its time མེ་དེ་ཉིད་རང་དུས་སུ་ད་ལྟར་བའི་དུས་མཚོན། མེ་དེ་ཉིད་རང་དུས་སུ་སྐྱེས་ལ་མ་འགགས་པའི་དུས་སུ་དམིགས་པ་ཞེས་བྱ།
ཆོས་དེའི་འདས་པ་ཡིན་ན། ཆོས་དེ་ལ་ལྟོས་ཏེ་མ་འོངས་པ་ཡིན་དགོས་ཏེ། དེ་ཡིན་ན་ཆོས་དེའི་དུས་སུ་མ་འོངས་པ་ཡིན་དགོས་པའི་ཕྱིར།
If it is a past-phenomenon, it is necessarily future in relation to that phenomenon because if it is that, it is necessarily future during that phenomenon's time.
ཆོས་དེའི་མ་འོངས་པ་ཡིན་ན། ཆོས་དེ་ལ་ལྟོས་ཏེ་འདས་པ་ཡིན་དགོས་ཏེ། དེ་ཡིན་ན། ཆོས་དེའི་དུས་སུ་འདས་པ་ཡིན་དགོས་པའི་ཕྱིར་ཏེ།
If it is a future-phenomenon, it is necessarily past in relation to that phenomenon because if it is that, it is necessarily past during that phenomenon's time.
ཁ་སང་གི་ལམ་དེ་དེ་རིང་གི་ལམ་ལ་ལྟོས་ཏེ་འདས་ཟིན་པའི་ལམ་དང༌། དེ་རིང་གི་ལམ་ནི་ཁ་སང་གི་ལམ་ལ་ལྟོས་ཏེ་མ་འོངས་པའི་ལམ་དང༌།
ཁ་སང་གི་ལམ་དེ་དེ་རིང་གི་དུས་སུ་ཞིག དེ་རིང་གི་ལམ་ནི་ཁ་སང་གི་དུས་སུ་མ་སྐྱེས་ཤིང་སྐྱེ་བཞིན་པ་ཙམ་ཡིན་པའི་ཕྱིར།
Examples:
- Yesterday's path is the past-path in relation to today's path
- Today's path is the future-path in relation to yesterday's path
- Yesterday's path has disintegrated at the time of today's path
- Today's path was non-produced and presently arising at the time of yesterday's path
In accordance with:
- Middle From Extremes (3T) དབུས་མཐའ་རྩ་འགྲེལ།
- Compendium of Knowledge (3T) ཀུན་བཏུས།
- Root, Supplement and 400 (3T) རྩ་འཇུག་བཞི་གསུམ།
See also: Presentation of the three times (Madhyamaka)
Up a level: Eighteen unmixed qualities of Buddhas