Reasoning refuting true existences
བློ་ལ་སྣང་བའི་དབང་གིས་བཞག་པ་མ་ཡིན་པར་རང་གི་ཐུན་མོང་མ་ཡིན་པའི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པ་དེ།
དོན་དམ་དཔྱོད་བྱེད་ཀྱི་རྟགས་ཀྱི་དགག་བྱའི་ཆོས་ཡིན་ཏེ།
The property of the negandum of reasoning analysing the ultimate is: That established from the side of its own uncommon mode of abiding without being posited through the force of appearing to an awareness.
གང་ཟག་དང་ཕུང་པོ་དེ་ལྟར་གྲུབ་ན། དོན་དམ་དཔྱོད་བྱེད་ཀྱི་རིགས་པས་དཔྱད་བཟོད་ཅིང་། འཕགས་པའི་མཉམ་གཞག་གིས་གཟིགས་དགོས་པའི་ཕྱིར།
This is because if the person and aggregates were established as such, then they would necessarily withstand analysis by reasoning analysing the ultimate and be perceived by an Arya's meditative equipoise.
The five great reasonings: གཏན་ཚིགས་ཆེན་པོ་ལྔ་ནི།
- Analysis of the entity of phenomena: Reasoning of one and many
ཆོས་རྣམས་ཀྱི་ངོ་བོ་ལ་དཔྱོད་པ་གཅིག་དུ་བྲལ་གྱི་གཏན་ཚིགས། - Analysis of the cause: Reasoning of Diamond Slivers རྒྱུ་ལ་དཔྱོད་པ་རྡོ་རྗེ་གཟེགས་མའི་གཏན་ཚིགས།
- Analysis of the effect: Reasoning refuting production of existent and non-existent
འབྲས་བུ་ལ་དཔྱོད་པ་ཡོད་མེད་སྐྱེ་འགོག་གི་གཏན་ཚིགས། - Analysis of both cause and effect: Reasoning refuting production through the four possibilities
རྒྱུ་འབྲས་གཉིས་ཀ་ལ་དཔྱོད་པ་མུ་བཞི་སྐྱེ་འགོག་གི་གཏན་ཚིགས། - The King of Reasoning: Reasoning of Dependent-Arising རིགས་པའི་རྒྱལ་པོ་རྟེན་འབྲེལ་གྱི་གཏན་ཚིགས།
Illustrations:
- The subject - a sprout - it is not truly established because it is not established as either truly established one or truly established many.
མྱུ་གུ་ཆོས་ཅན། བདེན་པར་མ་གྲུབ་སྟེ། བདེན་གྲུབ་ཀྱི་གཅིག་དང་བདེན་གྲུབ་ཀྱི་དུ་མ་གང་རུང་དུ་མ་གྲུབ་པའི་ཕྱིར། - The subject - a sprout - it is ultimately not produced because ultimately it is not produced from either self, other, both or causelessly.
མྱུ་གུ་ཆོས་ཅན། དོན་དམ་པར་མི་སྐྱེ་སྟེ། དོན་དམ་པར་བདག་དང་། གཞན་དང་། གཉིས་ཀ་དང་། རྒྱུ་མེད་གང་རུང་ལས་མི་སྐྱེ་བའི་ཕྱིར། - The subject - a sprout - it is ultimately not produced because it is not produced as an existent at the time of its cause and it is also not ultimately produced as a non-existent at the time of its cause.
མྱུ་གུ་ཆོས་ཅན། དོན་དམ་པར་མི་སྐྱེ་སྟེ། རང་གི་རྒྱུའི་དུས་སུ་ཡོད་པར་ཡང་མི་སྐྱེ། རང་གི་རྒྱུའི་དུས་སུ་མེད་པར་ཡང་དོན་དམ་པར་མི་སྐྱེ་བའི་ཕྱིར། - The subject - a sprout - it is ultimately not produced because 1) many causes do not ultimately produce a single result, 2) many causes do not ultimately produce many results, 3) a single cause does not ultimately produce many results, and 4) a single cause does not ultimately produce a single result.
མྱུ་གུ་ཆོས་ཅན། དོན་དམ་པར་མི་སྐྱེ་སྟེ། རྒྱུ་དུ་མས་འབྲས་བུ་གཅིག་ཁོ་ན་དོན་དམ་པར་སྐྱེད་པ་ཡང་མ་ཡིན།
རྒྱུ་དུ་མས་འབྲས་བུ་དུ་མ་ཁོ་ན་དོན་དམ་པར་སྐྱེད་པ་ཡང་མ་ཡིན། རྒྱུ་གཅིག་གིས་འབྲས་བུ་དུ་མ་ཁོ་ན་དོན་དམ་པར་སྐྱེད་པ་ཡང་མ་ཡིན།
རྒྱུ་གཅིག་གིས་འབྲས་བུ་གཅིག་ཁོ་ན་དོན་དམ་པར་སྐྱེད་པ་ཡང་མ་ཡིན་པའི་ཕྱིར། - The subject - a sprout - it does not truly exist because it is a dependent arising.
མྱུ་གུ་ཆོས་ཅན། བདེན་པར་མེད་དེ། རྟེན་འབྲེལ་ཡིན་པའི་ཕྱིར།
Up a level: Perfection of Wisdom