Ripened instantaneous application
བྱ་རྫོགས་ཀྱི་སྐད་ཅིག་མའི་ཐུང་མཐའ་གཅིག་ལ་ཟག་མེད་རྣམ་པར་སྨིན་པའི་ཆོས་གཅིག་མངོན་དུ་བྱས་པ་ན་དེ་དང་རིགས་མཐུན་པའི་ཆོས་ཐམས་ཅད་
མངོན་དུ་བྱེད་ནུས་པའི་ནུས་པ་ཐོབ་པའི་སྒོ་ནས་ཤེས་སྒྲིབ་ཀྱི་དངོས་གཉེན་བྱེད་པའི་རིགས་སུ་གནས་པའི་སེམས་དཔའི་རྣལ་འབྱོར་མཐར་ཐུག་དེ།
རྣམ་པར་སྨིན་པའི་སྐད་ཅིག་སྦྱོར་གྱི་མཚན་ཉིད།
Definition: A final Bodhisattva yoga abiding in the class of direct antidotes to the knowledge obscurations by way of having attained the ability such that when a single ripened uncontaminated quality is actualised, all qualities of concordant class are realised in a single shortest instant for completing an action.
རྒྱུན་མཐའི་བར་ཆད་མེད་ལམ་ཆོས་ཅན། རྣམ་པར་སྨིན་པའི་སྐད་ཅིག་སྦྱོར་ཡིན་ཏེ། བྱ་རྫོགས་ཀྱི་སྐད་ཅིག་མ་གཅིག་ཁོ་ན་ལ་རང་རྒྱུད་ལ་རྣམ་པར་སྨིན་པའི་
གནས་སྐབས་སུ་གྱུར་པའི་ཟག་པ་མེད་པའི་ཆོས་རྣམས་རྟོགས་པའི་སེམས་དཔའི་རྣལ་འབྱོར་མཐར་ཐུག་ཡིན་པའི་ཕྱིར།
The subject - the uninterrupted path of the end of the continuum - it is a ripened instantaneous application because it is a final Bodhisattva yoga that realises the uncontaminated qualities ripened in one's continuum within just a single instant for the completion of an action.
Up a level: Instantaneous application