Signs of irreversibility on the path of meditation
རང་གང་ལ་ལྡན་པའི་བྱང་སེམས་སྒོམ་ལམ་པ་བླ་མེད་རྫོགས་བྱང་ལས་ཕྱིར་མི་ལྡོག་པར་ཡིད་ཆེས་པར་བྱེད་པའི་སྒྲུབ་བྱེད་རྣམ་དག་དེ།
སྒོམ་ལམ་པ་ཕྱིར་མི་ལྡོག་པའི་རྟགས་ཀྱི་མཚན་ཉིད།
Definition: A pure proof for believing that the bodhisattva on the path of meditation possessing it in their continuum is irreversible from unsurpassed complete enlightenment.
ཟབ་མོ་རྣམ་པ་བརྒྱད་ཐུགས་སུ་ཆུད་པས་དྲངས་པའི་རྗེས་ཐོབ་ལུས་ངག་གི་སྤྱོད་པ་ཁྱད་པར་ཅན་ཐོབ་པའི་རྗེས་ལ་མངོན་རྟོགས་ལ་གནས་པའི་སེམས་དཔའ།
ཕྱིར་མི་ལྡོག་པའི་རྟགས་ཐོབ་པའི་བྱང་སེམས་སྒོམ་ལམ་པའི་མཚན་ཉིད།
Definition of a bodhisattva on the path of meditation who has attained a sign of irreversibility: A bodhisattva abiding on the subsequent clear realisation and who has attained special physical and verbal conduct in subsequent attainment induced by realising the eight profundities.
The eight profundities: སྐབས་འདིར་བསྟན་གྱི་ཟབ་མོ་རྣམ་པ་བརྒྱད་ཡོད་དེ།
- In terms of the compounded འདུས་བྱས།
- Profound production or dependent-arising སྐྱེ་བའམ་རྟེན་འབྲེལ་ལ་ཟབ་པ།
- Profound cessation འགག་པ་ལ་ཟབ་པ།
- In terms of the uncompounded འདུས་མ་བྱས།
- Profound suchness དེ་བཞིན་ཉིད་ལ་ཟབ་པ།
- In terms of object and object-possessor ཡུལ་ཡུལ་ཅན།
- Profound objects of knowledge ཤེས་བྱ་ལ་ཟབ་པ།
- Profound knowledge ཤེས་པ་ལ་ཟབ་པ།
- In terms of conduct སྤྱོད་པ།
- Profound conduct སྤྱོད་པ་ལ་ཟབ་པ།
- Profound non-duality གཉིས་སུ་མེད་པ་ལ་ཟབ་པ།
- Profound skill in means ཐབས་མཁས་པ་ལ་ཟབ་པ།
སྐྱེ་བ་སོགས་བརྒྱད་པོ་དེ་དག་ཟབ་པ་ཉིད་ཡིན་པར་བཞག་སྟེ།
དོན་ལ་མི་འགལ་ཡང༌། མངོན་ཞེན་ཅན་གྱི་བློ་ངོར་སྐྱེ་བ་སོགས་དེ་དག་ཕན་ཚུན་འགལ་བ་འདུས་པ་ལྟ་བུར་སྣང་བའི་ཕྱིར།
These eight are presented as being profound because although they are not actually contradictory, from the perspective of those with adherence they appear as a collection of mutual contradictions.
བྱང་སེམས་སྒོམ་ལམ་པས་དེ་དག་མི་འགལ་བར་རྟོགས་པའི་རྒྱུ་མཚན་ཡོད་དེ། དེས་མཐར་འཛིན་ཅན་གྱི་བསམ་གྱིས་མི་ཁྱབ་པའི་རྣམ་པར་ཐར་པ་ཐོབ་པའི་ཕྱིར།
Reason that the bodhisattva on the path of meditation realises those as non-contradictory: due to attaining the liberation inconceivable to those grasping to extremes.
ས་བརྒྱད་པའི་རྗེས་ཐོབ་ལ་གནས་པའི་སེམས་དཔའ་ཆོས་ཅན།
The subject - a bodhisattva abiding on the subsequent attainment of the eighth ground:
སྐྱེ་བ་ལ་ཟབ་པ་ཐུགས་སུ་ཆུད་པ་ཡིན་ཏེ། སེམས་བསྐྱེད་སྐད་ཅིག་སྔ་ཕྱི་རེ་རེ་བ་དང་དུ་མ་ཅིག་ཅར་དུ་འཚོགས་པ་སོགས་ཀྱིས་བྱང་ཆུབ་མི་སྐྱེད། དེ་ལ་མ་བརྟེན་པར་ཡང་བྱང་ཆུབ་སྐྱེད་པ་མིན་ཀྱང་སེམས་བསྐྱེད་དེ་བསྒོམས་པས་རྟོགས་ཤིང་ཐོབ་པར་བྱ་བའི་དོན་ཁྱད་པར་དུ་འཕགས་པ་བླ་མེད་བྱང་ཆུབ་བསྐྱེད་པ་ཐུགས་སུ་ཆུད་པའི་རྗེས་ལ་མངོན་རྟོགས་ལ་གནས་པའི་སེམས་དཔའ་ཡིན་པའི་ཕྱིར།
They have realised profound production because of being a bodhisattva abiding on the subsequent clear realisation realising that although individual instants of mind generation and the simultaneous collection of many do not produce enlightenment, nor does enlightenment arise without depending on those; the cultivation of mind generation generates the special objective to be realised and attained, i.e. unsurpassed enlightenment.
དེ་ཆོས་ཅན། འགག་པ་ལ་ཟབ་པ་ཐུགས་སུ་ཆུད་པ་ཡིན་ཏེ། ཐ་སྙད་དུ་དངོས་པོ་ཐམས་ཅད་རང་རྒྱུ་ལས་བྱུང་ཙམ་ཉིད་ནས་འགག་ཟིན་པས་སླར་ཡང་དགག་ཏུ་མེད་ཅིང་
དོན་དམ་པར་ངོ་བོ་ཉིད་མེད་པས་དོན་དམ་དུ་འགག་པ་མེད་ཀྱང་ཀུན་རྫོབ་ཏུ་འགག་གོ་ཞེས་བྱ་བར་ཐུགས་སུ་ཆུད་པའི་དེ་ཡིན་པའི་ཕྱིར།
They have realised profound cessation because of being those realising that conventionally all things having just arisen from their causes already cease and do not cease again; and due to not existing by way of entitiness ultimately, there is no ultimate cessation though conventionally they cease.
དེ་ཆོས་ཅན། དེ་བཞིན་ཉིད་ལ་ཟབ་པ་ཐུགས་སུ་ཆུད་པ་ཡིན་ཏེ། ལམ་གྱི་གནས་སྐབས་ཐམས་ཅད་དུ་ཤེས་རབ་ཀྱིས་དེ་བཞིན་ཉིད་གོམས་པར་བྱེད་ཀྱང་
སྙིང་རྗེས་དེ་བཞིན་ཉིད་རང་དོན་དུ་མངོན་དུ་མི་བྱེད་པའི་དེ་ཡིན་པའི་ཕྱིར།
They realise profound suchness because of being those who despite having familiarity with suchness due to wisdom across all paths, do not actualise suchness for their own welfare due to compassion.
དེ་ཆོས་ཅན། ཤེས་བྱ་ལ་ཟབ་པ་ཐུགས་སུ་ཆུད་པ་ཡིན་ཏེ། ཆོས་ཐམས་ཅད་དེ་བཞིན་ཉིད་ཀྱི་རང་བཞིན་ལ་སྦྱིན་སོགས་སྒྲུབ་ཏུ་མེད་ཀྱང༌།
ཀུན་རྫོབ་ཏུ་སྦྱིན་སོགས་ཕར་ཕྱིན་རྣམ་པ་དྲུག་རྗེས་སུ་སྒྲུབ་པར་བྱེད་པའི་དེ་ཡིན་པའི་ཕྱིར།
They realise profound objects of knowledge because of being those subsequently practicing the six perfections (generosity and so forth) conventionally, though in the nature of suchness of all phenomena there is no practice of generosity and so forth.
དེ་ཆོས་ཅན། ཤེས་པ་ལ་ཟབ་པ་ཐུགས་སུ་ཆུད་དེ། ཆོས་ཐམས་ཅད་སྤྲོས་པ་མཐའ་དག་དང་བྲལ་བའི་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་ཡིན་པ་ཉིད་ཀྱིས་མི་རྟོག་ཡེ་ཤེས་ཀྱིས་སྤྲོས་པ་མཐོང་བ་མེད་པ་དེ་ཉིད་དེ་ཁོ་ན་ཉིད་མཐོང་བ་ཡིན་ནོ་ཞེས་ཐུགས་སུ་ཆུད་པའི་དེ་ཡིན་པའི་ཕྱིར།
They realise profound knowledge because of being those realising that the non-perception of elaborations through non-conceptual wisdom of the entitiness of suchness of all phenomena being free from all elaborations, just that is the perception of thusness.
དེ་ཆོས་ཅན། སྤྱོད་པ་ལ་ཟབ་པ་ཐུགས་སུ་ཆུད་དེ། ཆོས་ཉིད་ལ་གནས་པ་ནི་ཆོས་ཐམས་ཅད་ལ་མཚན་མར་སྤྱོད་པ་མེད་པ་ཉིད་ཡིན་ལ།
དེ་ཉིད་ཐ་སྙད་དུ་སྦྱིན་སོགས་ལ་སྤྱོད་པའོ་ཞེས་ཐུགས་སུ་ཆུད་པའི་དེ་ཡིན་པའི་ཕྱིར།
They realise profound conduct because of being those realising that abiding in dharmata is the non-engagement with signs wrt all phenomena; just that is engaging in generosity and so forth conventionally.
དེ་ཆོས་ཅན། གཉིས་སུ་མེད་པ་ལ་ཟབ་པ་ཐུགས་སུ་ཆུད་པ་ཡིན་ཏེ། མཚན་མ་དང་མཚན་མ་མེད་པའི་འདུ་ཤེས་ཀྱིས་སྤྱོད་པ་གཉིས་སུ་མེད་པའི་ངོ་བོ་ཉིད་དུ་རྟོགས་པས་བསྒྲུབ་བྱ་དང་སྒྲུབ་བྱེད་གཉིས་མེད་ཀྱང་ལམ་ཐམས་ཅད་བསྒྲུབས་པའོ་ཞེས་ཐུགས་སུ་ཆུད་པའི་དེ་ཡིན་པའི་ཕྱིར།
They realise profound non-duality because of being those realising that although that to be cultivated and the cultivator are non-dual, all paths are cultivated, due to realising the entitiness of non-duality of the practices through discrimination with and without signs.
དེ་ཆོས་ཅན། ཐབས་ལ་མཁས་པ་ལ་ཟབ་པ་ཐུགས་སུ་ཆུད་པ་ཡིན་ཏེ། ཀུན་རྫོབ་ཏུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་ལ་དོན་དམ་པར་དེའི་འབྲས་བུ་སངས་རྒྱས་ཉིད་འཐོབ་པ་མེད་དོ་ཞེས་བྱ་བར་ཐུགས་སུ་ཆུད་པའི་རྗེས་ལ་མངོན་རྟོགས་ལ་གནས་པའི་སེམས་དཔའ་ཡིན་པའི་ཕྱིར།
They realise profound skill in means because of being bodhisattvas abiding on the subsequent clear realisation realising that the collections of merit and wisdom are thoroughly completed conventionally but there is no attainment of their resultant Buddhahood ultimately.
Other outlines:
- Distinguishing features of the path of meditation in this context (profound)
- Basis for that distinction (definition) and divisions
- Example of butter-lamp
Up a level: Signs of irreversibility